DUDJOM-THROMA-050
DUDJOM-THROMA-050
དབུ་ཁྲིད།༠༠༠༠༠༠༠༠བརྡ་ཡིག༥༢༦༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཆར་འབེབས་འཁོར་ལོ་འདོད་འབྱུང་ནོར་བུ་བཞུགས༔ དེ་ཡི་ལག་ལེན་རིམ་པ་ལ༔ འཁོར་ལོ་མུ་ཁྱུད་རིམ་པ་བཞི་རུ་བསྐོར༔ མུ་ཁྱུད་དང་པོ་ལ༔ ཨོཾ་བཛྲ་ཀྲོ་ཏི་ཀ་ལི་བྃ་ཧ་རི་ནི་ས་ཧཱུྃ་ཛཿ སྤྲིན་སྡུས་ཤིག༔ ཆར་ཆེན་པོ་ཕོབ་ཅིག༔ ཁཾ་ཁཾ་བཾ་བཾ་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ མུ་ཁྱུད་གཉིས་པ་ལ༔ ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲཱིཿ ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛ་ཛཿ ནམ་མཁའ་ལ་བྱིན་གྱིས་རློབས་ཤིག༔ བར་སྣང་ལ་སྤྲིན་སྡུས་ཤིག༔ ས་གཞི་ལ་ཆར་ཆེན་པོ་ཕོབ་ཅིག༔ ཁཾ་ཁཾ་བཾ་བཾ་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ མུ་ཁྱུད་གསུམ་པ་ལ༔ ཨོཾ་ཀྵིཾ་ཧི་རཱ་ཙ་པྲི་ཐི་དཱེ་ཝི་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ས་མ་ཡ༔ ནམ་མཁའ་ལ་བྱིན་གྱིས་རློབས་ཤིག༔ བར་སྣང་ལ་སྤྲིན་སྡུས་ཤིག༔ ས་གཞི་ལ་ཆར་ཆེན་པོ་ཕོབ་ཅིག༔ ཁཾ་ཁཾ་བཾ་བཾ་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཞི་པ་ལ༔ ཨོཾ་སརྦ་ཏ་ཐཱ་ཏ་བྷྱེ༔ སརྦ་མུ་ཁེ་བྷྱ༔ སརྦ་རྦ་གུ་ལུ་གུ་ལུ་གུ་གརྫ༔ མ་ཧཱ་སེ་ཏ་བྷྱེ༔ བྷ་ར་བི་ཏི་ད་མ་ལ་ད་ར་ད་ར་ དཔེ་གཅིག་ལ་ ང་མ་ལ་ངར་ངར་ཅེས་འདུག་པས་དཔྱད།མཆན།སིདྡྷི་སིདྡྷི་ཀ་པ་ཀ་པ་སྭཱ་ཧཱ༔ ཁཾ་ཁཾ་བཾ་བཾ་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བཾ་བཾ་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནམ་མཁའ་ལ་བྱིན་གྱིས་རློབས་ཤིག༔ བར་སྣང་ལ་སྤྲིན་སྡུས་ཤིག༔ ས་གཞི་ལ་ཆར་ཆེན་པོ་ཕོབ་ཅིག༔ དེ་ཡི་ཕྱི་རིམ་ཕྱོགས་བཞི་ཁཾ་བཞི༔ མཚམས་བཞིར་བཾ་བཞི་བྲིས༔ ཕོ་འཁོར་རིག་པས་དཔག་གོ༔ དེ་ཡིས་ཆར་གྱི་རྒྱུན་ཆེན་འབེབས༔ ཡེ་ཤེས་མཁའ་འགྲོའི་བྱིན་རླབས་འདུ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་རེ་ཀོང་ཕྱོགས་ཀྱི་རྣལ་འབྱོར་པ་པདྨ་རྡོ་རྗེས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།