DUDJOM-THROMA-060

From Dudjom Wiki
Revision as of 09:26, 16 July 2025 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DUDJOM-THROMA-060

དབུ་ཁྲིད་བརྡ་ཡིག༔ ༣༩ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཚོགས་བསགས་གསུར་བསྔོས་བདུད་རྩིའི་སྤྲིན་ཕུང་བཞུགས་སོ༔ དབུ་ཁྲིད་བརྡ་ཡིག༔ ༤༠ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༔ ༤༠ལག་ཏུ་ལེན་པའི་རིམ་པ་ལ༔ ཕྱེ་མར་བཟང་ཤིང་འཕུར་མ་བསྲེག༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ ཚད་མེད་བཞི་དང་ལྡན་པའི་ངང་༔ མ་དག་པའི་བག་ཆགས་དྲི་མ་དང་འབག་རྩོག་ཐམས་ཅད་དག་ནས་ཆོས་ཉིད་ཆགས་བྲལ་ཀ་དག་ཆེན་པོའི་དབྱིངས་སུ་འབྱམས་ཀླས་པར་གྱུར༔ ཨོཾ་སྭ་བྷཱ་ཝ༴ཨོཾ་ཨཱཿཧཱུྃ༔ སྣང་བའི་དབྱིངས་དང་མཉམ་པའི་མེ་ཐབ་ཆེན་པོའི་ནང་དུ་སྣང་སྲིད་ཀྱི་རྩི་བཅུད་འབྲུ་སྨན་ཐམས་ཅད་ཨོཾ་ཨཱཿཧཱུྃ་གསུམ་ཞུ་བ་ལས་ངོ་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་དུད་སྤྲིན་མཐིང་ནག་རྒྱ་ཆེ་ལ་ལྷུན་འཐུག་པའི་ཀློང་ལས་འདོད་ཡོན་མི་ཟད་པ་ལོངས་སྤྱོད་རྒྱན་གྱི་འཁོར་ལོ་འཁོར་འདས་ཀུན་ཏུ་རྒྱུན་མི་འཆད་པར་སྤྲོ་ཞིང་ཡོངས་སུ་ཁེངས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་བདུན་བརྗོད་མཐར༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་ཀུན་ཏུ་བཟང་པོ༔ ལོངས་སྐུ་རིགས་ལྔ་གངས་ཆེན༔ སྤྲུལ་སྐུ་སྟོན་པ་རྒྱ་མཚོ༔ བརྒྱུད་གསུམ་རིག་འཛིན་བླ་མ༔ ཡི་དམ་ཞི་ཁྲོའི་དཀྱིལ་འཁོར༔ མ་སྲིང་མཁའ་འགྲོ་རྒྱ་མཚོ༔ སྟོན་པ་རྫོགས་པའི་སངས་རྒྱས༔ སྐྱོབ་པ་ལམ་མཆོག་དམ་ཆོས༔ འདྲེན་པ་འཕགས་པའི་དགེ་འདུན༔ བསྟན་སྲུང་དམ་ཅན་རྒྱ་མཚོ་ལ་སོགས་པའི་དཀོན་མཆོག་སྲི་ཞུའི་མགྲོན་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་ཤིང་སྒྲིབ་གཉིས་བག་ཆགས་ཐམས་ཅད་བྱང་ནས་ཚེ་འདི་ཉིད་ལ་འོད་གསལ་རྫོགས་པ་ཆེན་པོའི་དགོངས་ཀློང་དུ་གྲོལ་བར་གྱུར་ཅིག༔ ཨོཾ་བཛྲ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ལན་གསུམ༔ ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་ཕྱོགས་སྐྱོང་བཅུ་རྒྱལ་ཆེན་སྡེ་བཞི་འཇིགས་བྱེད་ཆེན་པོ་དགུ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་མགོན་པོ་ཡོན་ཏན་གྱི་མགྲོན་གྱུར་འཁོར་དང་བཅས་པ་ཐམས་ཅད་ལ་འབུལ་ལོ༔ ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་ཞི་ནས་ས་ལམ་གྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ག་ན་པཱུ་ཛ་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ གཞན་ཡང་དྲི་ཟའི་རྒྱལ་པོ་ཆེན་པོ་རབ་དགའ་མཆོག་དགའ་དང་ལྗོན་པ་རྟ་མགོ་ཅན་དང་ཟུར་ཕུད་ལྔ་པ་ལ་སོགས་པའི་དྲི་ཟའི་རིགས་སུ་གྱུར་པ་ཐམས་ཅད་ལ་འབུལ་ལོ༔ འདོད་པ་ཚིམས་ཤིང་སྡུག་བསྔལ་གྱིས་གདུང་བ་ཐམས་ཅད་དང་བྲལ་ཏེ་གཞན་སྐྱོབས་ཀྱི་ནུས་པ་དང་ལྡན་ནས་འགྲོ་བ་ཐམས་ཅད་གཏན་དུ་བདེ་བའི་ལམ་ལ་སྦྱོར་ནུས་པར་ཤོག་ཅིག༔ ཨོཾ་ཨཱཿཧཱུྃ༔ ཏདྱ་ཐཱ༔ ཨོཾ་ཨ་ལི་ཨུ་ལི་ཏ་ལི་ཏ་བྷ་ཏ་ཡ་ཡ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་ལ་སོགས་པའི་ཁམས་གསུམ་སེམས་ཅན་ཐམས་ཅད་ལ་འབུལ་ལོ༔ སོ་སོའི་སྡུག་བསྔལ་ཐམས་ཅད་དང་བྲལ་ནས་རང་སྣང་དོན་གྱི་འོག་མིན་ཆེན་པོའི་དབྱིངས་སུ་འཚང་རྒྱ་བར་གྱུར་ཅིག༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་སོགས་ལན་གསུམ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ བཀའི་ལྷ་སྲིན་སྡེ་བརྒྱད་བགེགས་རྒྱལ་བི་ན་ཡ་ག་འཕྲོག་མ་མ་བུ་ལྔ་བརྒྱ་བྱིས་པའི་གདོན་ཆེན་བཅོ་ལྔ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ་སོགས་སྣང་ཞིང་སྲིད་པའི་ལྷ་འདྲེ་སྤྱི་དང་བྱེ་བྲག་ཏུ་ལན་ཆགས་བུ་ལོན་ཤ་མཁོན་གྱི་བདག་པོ་བདག་མོ་ཐམས་ཅད་ལ་འབུལ་ལོ༔ བསྔོའོ༔ སྦྱིན་ནོ༔ མཉེས་ཤིང་ཚིམས་ནས་གཞན་ལ་གནོད་པའི་བསམ་སྦྱོར་ནུས་སྟོབས་ཐམས་ཅད་དང་བྲལ་ཏེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་ལྡན་པར་གྱུར་ཅིག༔ དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ༔ གཟུགས་མཛེས་དམ་པ་ལ༴སྐུ་འབྱམས་ཀླས་ལ༴འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ༔ སམྦྷ་ར་ལན་གསུམ་མཐར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ༔ སྲིད་པ་བར་མ་དོར་འཇིགས་སྐྲག་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གདུང་ཞིང་མནར་བ༔ ཡ་ང་བ༔ ཡི་མུག་པ༔ མགོན་སྐྱབས་དཔུང་གཉེན་ཐམས་ཅད་དང་བྲལ་ནས་རང་དབང་མེད་པར་ལས་རླུང་གིས་བསྐྱོད་པའི་ཚེ་འདས་ཆེ་གེ་མོའི་ཐོག་དྲངས་བར་མ་དོ་ལ་གནས་པའི་སེམས་ཅན་ཐམས་ཅད་ཀྱི་མིག་གི་ཡུལ་དུ་གཟུགས་མཛེས་པ་ཕུན་སུམ་ཚོགས་པ༔ རྣ་བའི་ཡུལ་དུ་སྒྲ་སྙན་པ་ཕུན༴སྣའི་ཡུལ་དུ་དྲི་ཞིམ་པ་ཕུན༴ལྕེའི་ཡུལ་དུ་རོ་བརྒྱ་ནུས་པ་སྟོང་དང་ལྡན་པའི་བཟའ་བཏུང་ཕུན༴ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ་ཕུན༴ཡིད་ཀྱི་ཡུལ་དུ་འདོད་ཡོན་ལོངས་སྤྱོད་བདེ་སྐྱིད་ཕུན་སུམ་ཚོགས་པ་ཟད་མི་ཤེས་པའི་གཏེར་ཆེན་པོ་རྣམས་ཐོབ་པར་གྱུར་ཅིག༔ ཚིམས་པར་གྱུར་ཅིག༔ སྡུག་བསྔལ་ཐམས་ཅད་དང་བྲལ་ནས་བདེ་བ་མཆོག་དང་ལྡན་པར་གྱུར་ཅིག༔ བར་དོ་ལ་བར་དོ་ཡིན་པར་ངོ་ཤེས་འཁྲུལ་པའི་སྣང་བ་སྒྱུ་མ་དང་རྨི་ལམ་མིིག་ཡོར་ལྟ་བུར་ཤེས་ནས་སྐད་ཅིག་དེ་ཉིད་ལ་ཡེ་གཞི་གདོད་མའི་མགོན་པོའི་ལྷུམས་སུ་ཞུགས་ཏེ་མི་འཇིགས་པའི་གདིང་ཆེན་པོ་ཐོབ་པར་གྱུར་ཅིག༔ རང་སྣང་རྣམ་དག་ལྷུན་གྲུབ་རིན་པོ་ཆེ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབྱིངས་ཆེན་པོར་རང་སད་ནས་བཙན་ས་ཟིན་པར་གྱུར་ཅིག༔ ངོ་ཤེས་པར་གྱུར་ཅིག༔ རྩལ་རྫོགས་པར་གྱུར་ཅིག༔ བརྟན་པ་ཐོབ་པར་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿབརྒྱ་རྩ་བརྗོད༔ བསོད་ནམས་འདི་དང་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་སེམས་ཅན་ཐམས་ཅད་ལ་བསྔོའོ༔ འབུལ་ལོ༔ སྦྱིན་ནོ༔ དེའི་མཐུས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱི་ཁྲི་མུན་ལས་ཐར་ནས་དུས་མཉམ་དུ་རྣམ་མཁྱེན་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་འཚང་རྒྱ་བར་གྱུར་ཅིག༔ བདག་གི་སྐྱེ་བ་ཚེ་རབས་ཐམས་ཅད་དུ་ལོག་ལམ་བདུད་ཀྱི་མུན་པ་བཅོམ་ནས་འགྲོ་བློ་ཁ་ལོ་བསྒྱུར་ཞིང་ཐམས་ཅད་མཁྱེན་པའི་ས་ལམ་ལ་སྒྲོལ་ནུས་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རུ་འགྱུར་བར་ཤོག༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ པཉྩ་གྲི་ཡ་ཨ་ཝ་བོ་དྷི་ན་ཡེ་སྭཱ་ཧཱ༔ ལན་བདུན་བརྗོད༔ འདི་ལྟར་རྒྱུན་དུ་ཉམས་ལེན་ན༔ ཚོགས་རྫོགས་སྒྲིབ་པ་ཀུན་དག་ནས༔ ཕྱི་ནང་གསང་བའི་བར་ཆད་སེལ༔ ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ༔ བཀྲ་ཤིས་དགེ་ལེགས་དཔལ་ཐོབ་འགྱུར༔ དྲང་སྲོང་ཁྱབ་འཇུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རང་སློབ་དམ་པ་ཚོགས་མཆོག་གིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་ཞལ་བཤུས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།།།