DUDJOM-THROMA-062
DUDJOM-THROMA-062
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁའ་འགྲོ་འདུས་པའི་དབང་ཆོག་ཆོས་ཉིད་སྤྲིན་ཕུང་བཞུགས་སོ༔ ༠༠༠༠༠༠༠༠༠༠བརྡ་ཡིག ༤༦ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མཁའ་འགྲོ་འདུས་པའི་དཀྱིལ་འཁོར་གྱི༔ དབང་ཆོག་ཆོས་ཉིད་སྤྲིན་ཕུང་ལ༔ བུམ་གསང་ཤེས་རབ་བཞི་པ་ཡི༔ དབང་གི་ཆས་རྣམས་གཞུང་བཞིན་བཤམ༔ བསྙེན་དང་སྒྲུབ་པ་ལས་སྦྱོར་བྱ༔ དེ་ནས་དམ་ལྡན་བུ་མཆོག་ལ༔ ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ནས༔ སླར་ནི་གུས་པས་ཞུ་ཕུལ་ནི༔ གསེར་གྱི་མཎྜལ་ཕུལ་བྱས་ནས༔ ཀྱཻ༔ རིགས་དང་དཀྱིལ་འཁོར་ཀུན་གྱི་གཙོ༔ འགྲོ་བའི་མགོན་པོ་མཁྱེན་བརྩེའི་དཔལ༔ བདག་ཅག་མཁའ་འགྲོའི་དཀྱིལ་འཁོར་དུ༔ དབང་གིས་སྨིན་པར་མཛད་དུ་གསོལ༔ ལན་གསུམ་མཐར་བླ་མས་ལན་བཏབ་པ་ནི༔ ཧོ༔ སྐལ་ལྡན་བུ་རྣམས་ལེགས་པར་ཉོན༔ སྔོན་བསགས་ལས་སྨོན་རྟེན་འབྲེལ་རྣམས༔ ཚོགས་ཤིང་དུས་ལ་བབས་པ་ཡི༔ གསང་སྔགས་དབང་གི་སྒོར་འཇུག་ན༔ དམ་ཚིག་གཉན་པོ་བསྲུང་ནུས་སམ༔ དེ་ནས་སློབ་མའི་ཞུ་བ་ནི༔ ཀྱཻ༔ བླ་མ་དཀྱིལ་འཁོར་ལྷ་ཚོགས་དགོངས༔ བདག་ནི་འདི་ནས་བྱང་ཆུབ་བར༔ རང་སྣང་ཡེ་ཤེས་དཀྱིལ་འཁོར་ལས༔ མི་འདའ་རྡོ་རྗེའི་དམ་སྲུང་ནུས༔ དེ་ནས་བླ་མས་དམ་ཚིག་གི་བདུད་རྩི་སློབ་མའི་ལྕེ་ལ་བཞག་ནས༔ ཧཱུྃ༔ རྡོ་རྗེ་ཅན་སོགས་རྒྱལ་ཀུན་གྱི༔ དམ་ཚིག་གཉན་པོའི་མནའ་ཡི་ཆུ༔ སློབ་མ་ཁྱོད་ཀྱི་ལྕེ་ལ་བཞག༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ བསྙེན་སྒྲུབ་སྒོམ་པའི་དཀྱིལ་འཁོར་དམ༔ ཚུལ་བཞིན་བསྲུང་བས་དངོས་གྲུབ་ཐོབ༔ ཉམས་ན་རྟག་ཏུ་མནར་བར་འགྱུར༔ སྲུང་མ་གཉན་པོའི་ལམ་དུ་ཚུད༔ ས་མ་ཡ་ན་ར་ཀན༔ ཞེས་བསྐྱལ་ལོ༔ དེ་ནས་མིག་རས་བཀབ་ལ༔ ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ༔ དེ་ནས་མེ་ཏོག་སྦྱིན་ཏེ༔ ཨ་ཁཾ་ཝི་ར་ཧཱུྃ༔ ཧཱུྃ༔ བདག་ཉིད་ཁྲོས་མ་ནག་མོའི་སྤྱི་བོར་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་རིག་འཛིན་པདྨ་འབྱུང་གནས་ལ༔ རིག་འཛིན་ཆེན་པོ་བརྒྱད༔ གྲུབ་ཆེན་བརྒྱད་ཅུ༔ རྗེ་འབངས་ཉེར་ལྔ༔ གཞན་ཡང་རྩ་བ་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱིས་བཀྲ་དཔུང་ངེ་འོད་ཐིབས་སེ་བསྐོར་ནས་སྐལ་ལྡན་གྱི་སློབ་མ་རྣམས་ལ་ཞལ་གྱིས་ཕྱོགས་སྤྱན་གྱིས་གཟིགས་ནས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་དབང་གི་བྱ་བ་ལ་དགོངས་པར་གྱུར༔ མདུན་གྱི་ནམ་མཁར་མ་ཅིག་ཁྲོས་མ་ནག་མོ༔ ལོངས་སྐུ་རྡོ་རྗེ་ཕག་མོ༔ ཆོས་སྐུ་ཀུན་ཏུ་བཟང་མོ༔ རིགས་ལྔ་དབྱིངས་ཀྱི་ཡུམ་ལྔ༔ ལས་བྱེད་མཁའ་འགྲོ་མ་བཞི༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཉི་མ་དང་འོད་ཀྱི་ཚུལ་དུ་སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་གྱི་རང་བཞིན་དུ་བསྒོམ་ལ༔ དེ་ནས་སློབ་མ་ལྷར་བསྐྱེད་པ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་སོགས༔ གཟུང་འཛིན་གཉིས་སྣང་གི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས༔ ཞེས་པ་ནས་རང་གཞུང་གི་ལྷ་བསྐྱེད་དང་༔ སྤྱན་འདྲེན་སྤོས་རོལ་མོ་དྲག་ཏུ་བྱས་ནས་མཐར༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བཾ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ ཨ་བེ་ཤ་ཡ་ཕེཾ་ཕེཾ༔ ལས་གསུམ་གྱིས་ཡེ་ཤེས་དབབ་ལ༔ ཏིཥྛ་བཛྲ་གྱིས་གཉིས་སུ་མེད་པར་བསྟིམ༔ མེ་ཏོག་དོར་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཡིས༔ བདག་གི་ལྷག་པའི་ལྷ་མཆོག་ལ༔ རིག་པའི་མེ་ཏོག་དབབ་པར་གྱིས༔ བཛྲ་པུཥྤེ་པྲ་ཏཱིཙྪ་ཧོ༔ དེ་ནས་གདོང་གཡོགས་བཀྲོལ་ལ༔ ཧཱུྃ༔ བུ་ཁྱོད་མ་རིག་རྨོངས་པ་ཡིས༔ བག་ཆགས་དྲི་མའི་ལིང་ཏོག་སྒྲིབ༔ ཡེ་ཤེས་གསེར་གྱི་ཐུར་མས་བསལ༔ རང་སྣང་ཡེ་ཤེས་ཞལ་མཐོང་ཤོག༔ ཛྙཱ་ན་ཙཀྵུ་ཕྲ་བེ་ཤ་ཡ་ཕཊ༔ དེ་ནས་བུམ་དབང་ནི༔ བུམ་པ་ཐོགས་ལ༔ ཨོཾ༔ བུམ་ནི་སྙིང་པོ་འོད་ཀྱི་བུམ༔ པ་ནི་གདངས་རྩལ་མ་འགགས་པ༔ ཡུམ་ཆེན་ཆོས་སྐུའི་བྷ་ག་རུ༔ མཁའ་འགྲོ་འདུས་པའི་དཀྱིལ་འཁོར་རྫོགས༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ ཕྱག་རྒྱ་ཨོཾ་དཀར་འོད་དང་བཅས༔ ཚངས་པའི་བུ་ག་ནས་ཞུགས་ཏེ༔ ལུས་དང་རྩ་ཡི་སྒྲིབ་པ་དག༔ བུམ་པའི་དབང་ཐོབ་སྤྲུལ་སྐུར་སྨིན༔ རྡོ་རྗེའི་སྐུ་དང་གཉིས་མེད་གྱུར༔ རྣམ་སྨིན་རིག་འཛིན་དབང་ཐོབ་ནས༔ བསྐྱེད་རིམ་ལྷ་དབང་ཡོངས་རྫོགས་ཤོག༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བཾ་ཧ་རི་ནི་ས་ཛཿ ཧཱུྃ་བཾ་ཧོ༔ མ་བྷྱོ་ཛ་ཧྲཱིཾ་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྐུ་ལས་སྐུ་གཉིས་པ་རེ་འཕྲོས་ནས་སློབ་མ་རྣམས་ལ་ཐིམ་པས་བསྐྱེད་པ་སྐུ་ཡི་དབང་ཐོབ་ནས་རྡོ་རྗེའི་སྐུའི་རང་བཞིན་དུ་འཕོ་བར་བསྒོམ༔ དང་པོ་ཀུན་ཏུ་བཟང་པམོའི་སྐུ་གཏད་ལ༔ ཧཱུྃ༔ ངོ་བོ་སྐྱེ་མེད་ཆོས་ཀྱི་དབྱིངས༔ འཁོར་འདས་སྟོང་ཆེན་ཡུམ་གྱི་མཁའ༔ ཁྱབ་བདག་ཡེ་ཤེས་ཡེ་སངས་རྒྱས༔ ཀུན་ཏུ་བཟང་མོའི་དབང་བསྐུར་རོ༔ འཁོར་འདས་དག་མཉམ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོ་རྗེ་ཕག་མོའི་སྐུ་གཏད་ལ༔ ཧཱུྃ༔ རང་བཞིན་མ་འགགས་ལྷུན་གྲུབ་དབྱིངས༔ སྐུ་དང་ཡེ་ཤེས་ཡོན་ཏན་རྫོགས༔ མ་བཅོས་རང་བྱུང་ལོངས་སྤྱོད་རྫོགས༔ རྡོ་རྗེ་ཕག་མོའི་དབང་བསྐུར་རོ༔ སྐུ་དང་ཡེ་ཤེས་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཁྲོས་མ་ནག་མོའི་སྐུ་གཏད་ལ༔ ཧཱུྃ༔ ཐུགས་རྗེ་ཀུན་ཁྱབ་ཀུན་ཏུ་བརྡལ༔ ཟླ་བ་ཆུ་ཟླ་ཇི་བཞིན་དུ༔ སྤྲུལ་པའི་རོལ་གར་ཅིར་ཡང་སྣང་༔ ཁྲོས་མ་ནག་མོའི་དབང་བསྐུར་རོ༔ འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་རྡོ་རྗེ་མཁའ་འགྲོའི་སྐུ་གཏད་ལ༔ ཧཱུྃ༔ རྣམ་ཤེས་ཞེ་སྡང་རྣམ་དག་དབྱིངས༔ མེ་ལོང་ལྟ་བུའི་ཡེ་ཤེས་སྐུ༔ རྡོ་རྗེ་མཁའ་འགྲོའི་དབང་བསྐུར་རོ༔ མེ་ལོང་ཡེ་ཤེས་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་རིན་ཆེན་མཁའ་འགྲོའི་སྐུ་གཏད་ལ༔ ཧཱུྃ༔ ཚོར་ཕུང་ང་རྒྱལ་གནས་དག་དབྱིངས༔ མཉམ་པ་ཉིད་ཀྱི་ཡེ་ཤེས་སྐུ༔ རིན་ཆེན་མཁའ་འགྲོའི་དབང་བསྐུར་རོ༔ མཉམ་ཉིད་ཡེ་ཤེས་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་པདྨ་མཁའ་འགྲོའི་སྐུ་གཏད་ལ༔ ཧཱུྃ༔ འདུ་ཤེས་འདོད་ཆགས་གནས་དག་དབྱིངས༔ སོ་སོར་རྟོག་པའི་ཡེ་ཤེས་སྐུ༔ པདྨ་མཁའ་འགྲོའི་དབང་བསྐུར་རོ༔ སོར་རྟོག་ཡེ་ཤེས་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་ཀརྨ་མཁའ་འགྲོའི་སྐུ་གཏད་ལ༔ ཧཱུྃ༔ འདུ་བྱེད་ཕྲག་དོག་གནས་དག་དབྱིངས༔ བྱ་བ་གྲུབ་པའི་ཡེ་ཤེས་སྐུ༔ ཀརྨ་མཁའ་འགྲོའི་དབང་བསྐུར་རོ༔ བྱ་གྲུབ་ཡེ་ཤེས་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་ལྕགས་ཀྱུ་མའི་སྐུ་གཏད་ལ༔ ཛ༔ སྙིང་རྗེ་ཚད་མེད་ཞི་བའི་སྐུ༔ ཐམས་ཅད་འགུགས་བྱེད་ཕྱག་རྒྱ་མོ༔ ལྕགས་ཀྱུ་མ་ཡི་དབང་བསྐུར་རོ༔ སྙིང་རྗེ་ཚད་མེད་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་ཞགས་པ་མའི་སྐུ་ཐོགས་ལ༔ ཧཱུྃ༔ བྱམས་པ་ཚད་མེད་རྒྱས་པའི་སྐུ༔ ཐམས་ཅད་འཆིང་བའི་ཕྱག་རྒྱ་མོ༔ ཞགས་པ་མ་ཡི་དབང་བསྐུར་རོ༔ བྱམས་པ་ཚད་མེད་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་ལྕགས་སྒྲོག་མའི་སྐུ་ཐོགས་ལ༔ བཾ༔ དགའ་བ་ཚད་མེད་དབང་གི་སྐུ༔ ཐམས་ཅད་སྡོམ་བྱེད་ཕྱག་རྒྱ་མོ༔ ལྕགས་སྒྲོག་མ་ཡི་དབང་བསྐུར་རོ༔ དགའ་བ་ཚད་མེད་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དྲིལ་བུ་མའི་སྐུ་གཏད་ལ༔ ཧོཿ བཏང་སྙོམས་ཚད་མེད་དྲག་པོའི་སྐུ༔ ཐམས་ཅད་མྱོས་བྱེད་ཕྱག་རྒྱ་མོ༔ དྲིལ་བུ་མ་ཡི་དབང་བསྐུར་རོ༔ བཏང་སྙོམས་ཚད་མེད་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་ལས་བྱེད་དཀར་མོའི་སྐུ་ཐོགས་ཏེ༔ ཧཱུྃ༔ ཆུ་ཁམས་གནས་སུ་དག་པའི་དབྱིངས༔ སྡུག་བསྔལ་བག་ཆགས་གཞོམ་བྱེད་མ༔ དཀར་མོ་རྣམ་རྒྱལ་དབང་བསྐུར་རོ༔ ཞི་བའི་ཕྲིན་ལས་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་ལས་མཛད་སེར་མོའི་སྐུ་གཏད་ལ༔ ཧཱུྃ༔ ཡེ་ཤེས་ཡོན་ཏན་རྫོགས་པའི་དབྱིངས༔ ཐམས་ཅད་བདེ་བར་སྦྱོར་བ་མོ༔ སེར་མོ་དོན་གྲུབ་དབང་བསྐུར་རོ༔ རྒྱས་པའི་ཕྲིན་ལས་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་ལས་མཛད་དམར་མོའི་སྐུ་གཏད་ལ༔ ཧཱུྃ༔ ཆོས་ཉིད་ཀུན་ཁྱབ་ཀུན་གསལ་དཔྱིད༔ འཁོར་འདས་དབང་དུ་བྱེད་པ་མོ༔ ལས་བྱེད་དམར་མོའི་དབང་བསྐུར་རོ༔ དབང་གི་ཕྲིན་ལས་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་ལས་མཛད་ལྗང་མོའི་སྐུ་ཐོགས་ཏེ༔ ཧཱུྃ༔ མངོན་སྤྱོད་ལས་ཀྱི་དབང་ཆེན་མོ༔ འཁོར་བ་དབྱིངས་རོལ་དྲག་མོའི་སྐུ༔ ལས་མཛད་ལྗང་མོའི་དབང་བསྐུར་རོ༔ དྲག་པོའི་ཕྲིན་ལས་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་སངས་རྒྱས་སྤྱན་མའི་སྐུ་གཏད་ལ༔ ཧཱུྃ༔ རྡོ་རྗེ་རིགས་ཀྱི་དབང་ཕྱུག་མོ༔ སངས་རྒྱས་སྤྱན་མའི་དབང་བསྐུར་རོ༔ སྲིད་པ་ཤར་གྱི་མངའ་བདག་མོ༔ འབུམ་ཕྲག་མཁའ་འགྲོའི་དབག་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་མ་མཱ་ཀིའི་སྐུ་གཏད་ལ༔ ཧཱུྃ༔ རིན་ཆེན་རིགས་ཀྱི་དབང་ཕྱུག་མོ༔ མ་མཱ་ཀི་ཡི་དབང་བསྐུར་རོ༔ སྲིད་པ་ལྷོ་ཡི་མངའ་བདག་མོ༔ འབུམ་ཕྲག་མཁའ་འགྲོའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་གོས་དཀར་མོའི་སྐུ་གཏད་ལ༔ ཧཱུྃ༔ པདྨ་རིགས་ཀྱི་དབང་ཕྱུག་མོ༔ ན་བཟའ་དཀར་མོའི་དབང་བསྐུར་རོ༔ སྲིད་པ་ནུབ་ཀྱི་མངའ་བདག་མོ༔ འབུམ་ཕྲག་མཁའ་འགྲོའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་དམ་ཚིག་སྒྲོལ་མའི་སྐུ་གཏད་ལ༔ ཧཱུྃ༔ ལས་ཀྱི་རིགས་ཀྱི་དབང་ཕྱུག་མོ༔ དམ་ཚིག་སྒྲོལ་མའི་དབང་བསྐུར་རོ༔ སྲིད་པ་བྱང་གི་མངའ་བདག་མོ༔ འབུམ་ཕྲག་མཁའ་འགྲོའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་ཤར་ཕྱོགས་དབང་ཕྱུག་གི་གཙོ་མོ་ཐོགས་ལ༔ ཧཱུྃ༔ ཞེ་སྡང་གཟུགས་ཀྱི་ཞེ་སྡང་འཇོམས༔ རྣམ་ཤེས་ཕུང་པོ་དབྱིངས་སུ་འཇིག༔ སྲིན་མོ་སྨུག་ནག་དབང་བསྐུར་རོ༔ ཤར་གྱི་མ་བདུན་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་རྡོ་རྗེ་ཕ་ཝང་གདོང་ཅན་གྱི་སྐུ་ཐོགས་ལ༔ ཧཱུྃ༔ ང་རྒྱལ་གཟུགས་ཀྱིས་ང་རྒྱལ་འཇོམས༔ ཚོར་བའི་ཕུང་པོ་དབྱིངས་སུ་འཇིག༔ རྡོ་རྗེ་སེར་མོའི་དབང་བསྐུར་རོ༔ ལྷོ་ཡི་མ་བདུན་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་བྱ་རྒོད་གདོང་ཅན་གྱི་སྐུ་ཐོགས་ལ༔ ཧཱུྃ༔ འདོད་ཆགས་གཟུགས་ཀྱིས་འདོད་ཆགས་འཇོམས༔ འདུ་ཤེས་ཕུང་པོ་དབྱིངས་སུ་འཇིག༔ ཟ་བ་དམར་ལྗང་དབང་བསྐུར་རོ༔ ནུབ་ཀྱི་མ་བདུན་དབང་ཐོབ་ཤོག༔ རྩ་སྔགས༔ ༔ ཀཱ་ཡ་ཨ་བྷི༴ དེ་ནས་སྤྱང་གདོང་ཅན་གྱི་སྐུ་ཐོགས་ལ༔ ཧཱུྃ༔ ཕྲག་དོག་གཟུགས་ཀྱིས་ཕྲག་དོག་འཇོམས༔ འདུ་བྱེད་ཕུང་པོ་དབྱིངས་སུ་འཇིག༔ སྤྱང་གདོང་མ་ཡི་དབང་བསྐུར་རོ༔ བྱང་གི་མ་བདུན་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་དབང་ཕྱུག་ཆེན་པོའི་སྐུ་གཏད་ལ༔ ཧཱུྃ༔ ནམ་མཁའ་ཁྱབ་གདལ་ངོ་བོ་ཉིད༔ དབང་ཕྱུག་ཆེན་པོའི་དབང་བསྐུར་རོ༔ དཔལ་མགོན་དྲེགས་ཆེན་སྡེ་བརྒྱད་དང་༔ སྣང་སྲིད་ལྷ་འདྲེ་ཁམས་གསུམ་འགྲོའི༔ ལུས་ངག་ཡིད་ལ་དབང་ཐོབ་ནས༔ ཡང་དག་ལམ་དུ་སྦྱོར་ནུས་ཤོག༔ ཧཱུྃ་ནྲྀ་ཏྲི་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཀླུ་རྒྱལ་ཆེན་པོའི་སྐུ་གཏད་ལ༔ ཧཱུྃ༔ ས་དང་ཆུ་ལ་མངའ་དབང་མཛད༔ ལོངས་སྤྱོད་གཏེར་གྱི་བདག་པོ་སྟེ༔ ཀླུ་རྒྱལ་ཆེན་པོའི་དབང་བསྐུར་རོ༔ ཀླུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ ནཱ་ག་རཱ་ཛ་སརྦ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཤིན་རྗེ་ཡ་མ་རཱ་ཛའི་སྐུ་གཏད་ལ༔ ཧཱུྃ༔ སྐྱེ་འགྲོའི་སྲོག་དབུགས་བདག་པོ་སྟེ༔ སྲོག་བདུད་ཡོངས་ལ་མངའ་དབང་མཛད༔ གཤིན་རྗེའི་རྒྱལ་པོའི་དབང་བསྐུར་རོ༔ གཤིན་རྗེར་དབང་བསྒྱུར་དབང་ཐོབ་ཤོག༔ ཡ་མ་རཱ་ཛ་སརྦ་ཙིཏྟ་ཨ་བྷི༴ དེ་ནས་བཙན་རྒོད་ཆེན་པོའི་སྐུ་གཏད་ལ༔ ཧཱུྃ༔ འབྱུང་བ་བཞི་ཡི་མངའ་བདག་ཆེ༔ མྱུར་མགྱོགས་དྲག་རྩལ་སྟོབས་ཀྱི་བདག༔ བཙན་རྒོད་ཆེན་པོའི་དབང་བསྐུར་རོ༔ བཙན་རྣམས་སྲོག་ལ་དབང་ཐོབ་ཤོག༔ ནཱ་ག་ཙནྟྲི་ཤུ་ལ་སརྦ་ཨ་བྷི༔ དེ་ནས་མ་མོའི་སྐུ་གཏད་ལ༔ ཧཱུྃ༔ འདོད་པའི་ཁམས་ལ་མངའ་དབང་མཛད༔ སྲིད་པའི་ལེགས་ཉེས་གར་མཁན་མོ༔ སྲིད་པ་མ་མོའི་དབང་བསྐུར་རོ༔ མ་མོར་དབང་བསྒྱུར་དབང་ཐོབ་ཤོག༔ མ་མོ་རོ་རུ་ཕུ་རུ་རཀྴ་རུ་ལུ་རུ་ལུ་རེ་མ་ཏཱི་སརྦ་ཙིཏྟ་ཨ་བྷི༔ དེ་ནས་དུར་ཁྲོད་ཆས་བརྒྱད་བསྐོན་ལ༔ ཧཱུྃ༔ དུར་ཁྲོད་ཆས་བརྒྱད་འདི་གཏད་པས༔ ཚོགས་ཡུལ་རྟོག་པ་རང་གྲོལ་ནས༔ ཧེ་རུ་ཀ་དཔལ་མངོན་གྱུར་ཏེ༔ འཁོར་བའི་རྒྱ་མཚོ་སྐེམས་ནུས་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་མི་ལྤགས་གཡང་གཞི་ལག་གཡས་སུ་གཏད་ལ༔ ཧཱུྃ༔ ཞིང་ཆེན་གཡང་གཞི་འདི་གཏད་པས༔ བདག་མེད་རྟོགས་པའི་ཤེས་རབ་ཀྱིས༔ འཁོར་བའི་འཁྲུལ་འཁོར་བཤིག་པ་དང་༔ གཉིས་སྣང་གཅོད་པའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་མི་རྐང་གླིང་བུ་ལག་གཡོན་དུ་གཏད་ལ༔ ཧཱུྃ༔ མི་རྐང་གླིང་བུ་འདི་གཏད་པས༔ སྐུ་གསུམ་རྟོགས་པའི་ཡེ་ཤེས་ཀྱིས༔ འཁོར་འདས་དབང་བསྒྱུར་དབང་ཐོབ་ཅིང་༔ ལྷ་འདྲེའི་འགྲོ་དོན་ནུས་པར་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་ཌཱ་མ་རུ་གཏད་ལ༔ ཧཱུྃ༔ མཚན་ལྡན་ཌཱ་རུ་འདི་གཏད་པས༔ འཁོར་འདས་ཐམས་ཅད་དབང་བསྒྱུར་ནས༔ མཉམ་གྲོལ་མཉམ་ཉིད་ཡེ་ཤེས་ཀྱིས༔ དོན་གཉིས་ལྷུན་གྲུབ་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་དྲིལ་བུ་གཏད་ལ༔ ཧཱུྃ༔ ཐབས་ཤེས་རྡོ་དྲིལ་འདི་གཏད་པས༔ ཐབས་ཤེས་དབྱེར་མེད་དོན་རྟོགས་ཤིང་༔ བདེན་པ་གཉིས་ཀྱི་དམ་ཆོས་སྟོན༔ འགྲོ་དོན་མཐར་ཕྱིན་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་ཅོག་པུ་གཏད་ལ༔ ཧཱུྃ༔ ཀྭ་གཅིག་ཅོག་པུ་འདི་གཏད་པས༔ འཁོར་འདས་སྟོང་ཉིད་ཆེན་པོ་རུ༔ འུབ་ཆུབ་རོལ་པའི་དོན་རྟོགས་ནས༔ འགྲོ་དོན་མཐར་ཕྱིན་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་གྲི་གུག་ཐོགས་ལ༔ ཧཱུྃ༔ མཁའ་འགྲོ་འདུས་པའི་ཕྲིན་ལས་དབང་༔ སྐྱེ་ཤི་རྩད་གཅོད་གྲི་གུག་གིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ གང་འདུལ་ཕྲིན་ལས་སྣ་ཚོགས་ཀྱིས༔ འགྲོ་རྣམས་ཐེག་ཆེན་ལམ་ལ་གཟུད༔ རང་སྣང་དབང་སྡུད་ཆོས་སྐུར་འཕེལ༔ གཞན་སྣང་མ་ལུས་ཟིལ་གནོན་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་བསྒྲལ་ཆས་ཐོགས་ལ༔ ཧཱུྃ༔ ཤེས་རབ་རང་གཟུགས་མཚོན་ཆ་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ དུག་ལྔའི་རང་གཟུགས་དགྲ་དང་བགེགས༔ མ་ལུས་སྒྲོལ་བའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་ཚོགས་རྫས་གཏད་ལ༔ ཧཱུྃ༔ ཕྱི་ནང་གསང་བའི་ཚོགས་མཆོད་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཉམས་ཆག་བཤགས་སྦྱང་བསྐང་བ་དང་༔ བསོད་ནམས་ཚོགས་བསགས་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་ཧོམ་ཁུང་ཐོགས་ལ༔ ཧཱུྃ༔ མཁའ་འགྲོའི་ཞལ་གྱི་ཧོམ་ཁུང་དུ༔ བདག་ལྟའི་རཱུ་དྲ་ཡོངས་བསྟབ་ནས༔ ཕྲིན་ལས་བཞི་ལ་དབང་ཐོབ་སྟེ༔ འཁོར་བ་དོང་སྤྲུགས་ནུས་པར་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ དེ་ནས་འུར་རྡོ་ཐོགས་ལ༔ ཧཱུྃ༔ རབ་མཛེས་འུར་རྡོ་འདི་གཏད་པས༔ ཕ་རོལ་མི་སྲུན་བསམ་སྦྱོར་ངན༔ གདུག་པའི་དགྲ་བགེགས་ལོག་འདྲེན་ཀུན༔ མ་ལུས་བསྒྲལ་འདྲེན་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི༴ གཉིས་པ་གསང་དབང་ནི༔ བྷནྡྷ་བདུད་རྩི་ཐོགས་ལ༔ ཨཱ༔ ཆོས་དབྱིངས་རྣམ་དག་བྷནྡྷ་རུ༔ མཁའ་འགྲོ་འདུས་པའི་གསུང་གི་བཅུད༔ ཡེ་ཤེས་བདུད་རྩི་དམར་གསལ་བསྐྱིལ༔ ཨཱ་ལི་ཀཱ་ལིའི་རང་སྒྲ་ལྡིར༔ ཁྱོད་ཀྱི་ལྕེ་ལ་བཞག་པ་ཡིས༔ བདུད་རྩི་ཨཱ༔ དམར་འོད་དང་བཅས༔ མགྲིན་པ་ནས་ཞུགས་ངག་རླུང་གི༔ སྒྲིབ་དག་གསང་བའི་དབང་ཐོབ་ཅིང་༔ ལོངས་སྤྱོད་རྫོགས་པའི་ས་བོན་ཐེབས༔ རྡོ་རྗེ་གསུང་གིས་རྒྱས་ཐེབས་ནས༔ བཟླས་པ་སྔགས་ཀྱི་དབང་མཆོག་ཐོབ༔ ཚེ་དབང་རིག་འཛིན་ཉེར་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་རྡོ་རྗེ་གསུང་གི་དབང་བྱིན་དངོས་གྲུབ་ཐམས་ཅད་ཨཱཿ དམར་པོ་འོད་ཟེར་དང་བཅས་པའི་རྣམ་པར་སློབ་མ་རྣམས་ཀྱི་མགྲིན་པར་ཐིམ་པས་ངག་གི་སྒྲིབ་པ་དག་གསང་བའི་དབང་ཐོབ་བཟླས་པ་སྔགས་ཀྱི་དབང་མཆོག་ཡོངས་སུ་རྫོགས་པ་ཐོབ་པར་བསམ༔ དེ་ནས་སྔགས་ཕྲེང་གཏད་ལ༔ ཧཱུྃ༔ གསང་བའི་སྙིང་པོ་སྔགས་ཡི་གེ༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ རྩ་རླུང་ཐིག་ལེ་སྐུ་གསུམ་ངང་༔ འཕོ་སྨིན་དག་གྲོལ་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ དེ་ནས་ཕྲེང་བ་གཏད་ལ༔ ཧཱུྃ༔ ལྷུན་གྲུབ་རང་གདངས་སྔགས་ཕྲེང་བ༔ ཡེ་ཤེས་འོད་ཟེར་ལུ་གུ་རྒྱུད༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ སྙིང་པོ་སྔགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི༴ དེ་ནས་སྐྲ་དབང་བསྐུར་བ་ནི༔ ཧཱུྃ༔ རལ་པ་ལྕང་ལོ་མ་བཅོས་པར༔ དཔའ་བོ་དཔའ་མོའི་གདན་རྫོགས་ནས༔ སེམས་ཉིད་མ་བཅོས་ཡེ་གྲོལ་ཆེ༔ མངོན་གྱུར་ཆེན་པོའི་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི༴ དེ་ནས་ཐོད་ཕོར་མཚན་ལྡན་གཏད་ལ༔ ཧཱུྃ༔ ཐོད་པ་མཚན་ལྡན་ཀ་པཱ་ལ༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཆོས་རྣམས་ཀུན་གྱི་བཅུད་རོལ་ཅིང་༔ ཟག་མེད་བདེ་ཆེན་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི༴ དེ་ནས་ཁ་ཊྭཱྃ་ཐོགས་ལ༔ ཧཱུྃ༔ དུག་གསུམ་དབྱིངས་སྒྲོལ་སྐུ་གསུམ་མཚོན༔ ཁ་ཊྭཱྃ་རྩེ་གསུམ་འདི་གཏད་པས༔ ཁམས་གསུམ་འཁོར་བ་དབྱིངས་བསྒྲལ་ནས༔ འབྲས་བུ་སྐུ་གསུམ་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི༴ དེ་ནས་སྒོམ་ཐག་གཏད་ལ༔ ཧཱུྃ༔ རབ་མཛེས་སྒོམ་ཐག་འདི་གཏད་པས༔ འོད་གསལ་ཁོར་ཡུག་འདྲེས་པ་ཡིས༔ མ་རིག་འཁོར་བ་རྒྱུན་ཆད་ནས༔ ཚེ་འདིར་སངས་རྒྱས་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི༴ དེ་ནས་རྣ་ཆ་གཏད་ལ༔ ཧཱུྃ༔ རབ་མཛེས་དུང་གི་རྣ་ཆ་འདི༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ ངེས་མེད་རི་ཁྲོད་དབེན་པ་རུ༔ ཚེ་སྒྲུབ་མཐར་ཕྱིན་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི༴ དེ་ནས་གཟན་དཀར་གཏད་ལ༔ ཧཱུྃ༔ དྲི་མེད་རས་གཟན་དཀར་པོ་འདི༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ བག་ཆགས་དྲི་མ་དང་བྲལ་ནས༔ འཁོར་བ་ལས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི༴ དེ་ནས་ཨཾ་རག་གཏད་ལ༔ ཧཱུྃ༔ ཁ་དོག་སྣ་ཚོགས་བཀྲ་བ་ཡི༔ དྲི་མེད་རམ་བཟང་ཨཾ་རག་འདི༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ རྩ་ཐིག་རླུང་གསུམ་གནས་དག་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི༴ དེ་ནས་ཁྱི་ལྤགས་མ་ཡིན་པའི་སྡེར་ཆགས་གང་རུང་གི་ལྤགས་པ་གཏད་ལ༔ ཧཱུྃ༔ སྡེར་བཞི་མ་ཉམས་སྡེར་ཆགས་ལྤགས༔ སྐལ་ལྡན་ཁྱོད་ལ་གཏད་པར་བགྱི༔ ཚད་མེད་རྣམ་བཞིས་གདུལ་བྱ་སྐྱོང་༔ ཕྲིན་ལས་བཞི་ཡི་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱ༔ གསུམ་པ་ཤེར་དབང་ནི༔ རིག་མ་གཏད་ལ༔ ཧཱུྃ༔ ཤེས་རབ་ཡེ་ཤེས་རབ་གདངས་ཉིད༔ བདེ་ཆེན་སྦྱོར་བའི་མཛའ་ན་མོ༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ དབབ་བསྐྱིལ་འདྲེན་བཀྲམ་ཐབས་ཟབ་མོས༔ དགའ་བཞིའི་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས༔ ཙིཏྟ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དགའ་འཁྱིལ་སྲོག་གི་ཡི་གེ་ཅན་ཐོགས་ལ༔ ཧཱུྃ༔ འཁོར་འདས་འུབ་ཆུབ་དགའ་བ་འཁྱིལ༔ མཁའ་འགྲོ་འདུས་པའི་ཐུགས་གསང་མཛོད༔ སློབ་མའི་སྙིང་གར་བཞག་པ་ཡིས༔ ཡིད་དང་ཐིག་ལེའི་སྒྲིབ་པ་དག༔ ཤེས་རབ་ཡེ་ཤེས་དབང་མཆོག་ཐོབ༔ ཡིད་ཀྱང་ཆོས་སྐུའི་ཀློང་དུ་འཕོས༔ རྡོ་རྗེའི་ཐུགས་དང་གཉིས་མེད་ངང་༔ ཕྱག་རྒྱའི་རིག་འཛིན་མཆོག་ཐོབ་ཤོག༔ རྩ་སྔགས༔ ཙིཏྟ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ཤེས་མཁའ་འགྲོ་འདུས་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྡོ་རྗེའི་ཡང་གསང་བཅུད་འདུས་ཀྱི་ངོ་བོ་དགའ་འཁྱིལ་མཐིང་ནག་ཧཱུྃ་གི་མཚན་པ་ཅན་ཆད་དེ་སློབ་མའི་སྙིང་གར་ཐིམ་པས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ལོངས་སྤྱོད་པའི་དབང་དང་སྐལ་བ་ཐོབ་པར་བསམ་ལ༔ དེ་ནས་ཕྱག་མཚན་རྣམ་ལྔ་གཏད་ལ༔ ཧཱུྃ༔ བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི༔ སྐུ་ལྔ་ཡེ་ཤེས་ལྔ་ཡི་གདངས༔ ཕྱག་མཚན་ལྔ་ཡི་དབང་བསྐུར་རོ༔ གདོད་མའི་གནས་ལུགས་མངོན་གྱུར་ནས༔ རིག་པ་རང་གྲོལ་དབང་ཐོབ་ཤོག༔ ཙིཏྟ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་མ་མ་ཅིག་ཁྲོས་མ་ནག་མོའི་སྐུར་གསལ་བའི་ཐུགས་ཀར་རྩ་གདན་ཉི་མའི་གདན་འོག་ཏུ་འཁོར་འདས་གཉིས་ཀྱི་སྲོག་སྙིང་ཡི་གེའི་རྣམ་པར་གནས་པར་བསམ༔ སྐུ་གསུམ་མཁའ་འགྲོའི་ཐུགས་རྗེའི་འོད་ཟེར་རབ་ཏུ་འབར་བས་དཔལ་མགོན་བདུན་ཅུ་ཕྱོགས་སྐྱོང་བཅུ་རྒྱལ་ཆེན་སྡེ་བཞི་དྲེགས་ཆེན་བཅོ་བརྒྱད་སྡེ་དཔོན་སུམ་ཅུ་བརྟན་མ་བཅུ་གཉིས་ལྷ་སྲིན་སྡེ་བརྒྱད་སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས་པའི་སྲོག་སྙིང་ནུས་མཐུ་ཐམས་ཅད་འུབ་ཀྱིས་བསྡུས་ཏེ་རྩ་གདན་གྱི་འོག་ཏུ་སྲོག་སྙིང་གསལ་བ་ལ་ཐིམ་པས་འཁོར་འདས་གཉིས་ཀྱི་སྲོག་ལ་དབང་ཐོབ་པར་གྱུར༔ སླར་ཡང་སྲོག་སྔགས་རྣམས་ཀྱི་དབུས་སུ༔ ནཿ ཡཿ ཙཿ མཿ གསལ་ལ༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་༔ སྐུ་གསུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་ཐུགས་ཀའི་འོད་ཟེར་རབ་ཏུ་འཕྲོས་པས་ཀླུ་ཡི་སྲོག་སྙིང་ན་དཀར་པོ༔ གཤིན་རྗེའི་སྲོག་སྙིང་ཡ་སྔོན་པོ༔ བཙན་གྱི་སྲོག་སྙིང་ཙ་དམར་པོ༔ མ་མོའི་སྲོག་སྙིང་མ་མཐིང་ནག༔ འཁོར་རྣམས་ཀྱི་རང་སྲོག་དང་བཅས་པ་ཐམས་ཅད་འོད་ཀྱི་ངང་དུ་འུབ་ཀྱིས་བསྡུས་ཏེ་གདན་འོག་གི་སྙིང་པོ་ལ་ཐིམ་པས་གཉིས་སུ་མེད་པར་འདྲེས་གཡོ་འགུལ་མེད་པར་གྱུར་ནས་དམ་ཅན་བཀའི་སྲུང་མ་འཁོར་དང་བཅས་པའི་སྲོག་ལ་དབང་ཐོབ་པར་གྱུར་ཅིག༔ ན་ས་མ་ཡ༔ ཡ་ས་མ་ཡ༔ ཙ་ས་མ་ཡ༔ མ་ས་མ་ཡ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ བཞི་པ་ཚིག་དབང་ནི༔ ཤེལ་རྡོ་ཐོགས་ལ༔ ཧཱུྃ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གྱི༔ ངོ་བོ་ཡོངས་རྫོགས་ཡུམ་ཆེན་མཁའ༔ དྲི་མེད་འཇའ་ཤེལ་འདི་གཏད་པས༔ ཡེ་ཤེས་ལྔ་ཡི་འོད་མདངས་ཟེར༔ སློབ་མའི་གནས་ལྔར་ཞུགས་པ་ཡིས༔ ཉོན་ཤེས་སྒྲིབ་པ་ཀུན་དག་ནས༔ ཀ་དག་ཚིག་གི་དབང་ཐོབ་སྟེ༔ ཀུན་གཞི་ཆོས་སྐུའི་ཀློང་དུ་ཡལ༔ ངོ་བོ་ཉིད་སྐུ་མངོན་གྱུར་ཅིང་༔ ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ཤོག༔ རྩ་སྔགས༔ སརྦ་ཨ་བྷི་ཥིཉྩ་སྭཱ༔ དེ་ནས་མེ་ལོང་གཏད་ལ༔ ཧཱུྃ༔ བདེ་གཤེགས་སྙིང་པོ་ཆོས་སྐུའི་ཞལ༔ ཀུན་ནས་ཟླུམ་པ་ཐིག་ལེའི་དབྱིངས༔ ཐོད་རྒལ་གསེང་ལམ་ལ་བགྲོད་ནས༔ ས་ལམ་འབྲས་བུ་ཆིག་རྫོགས་ཀྱི༔ གཞོན་ནུ་བུམ་སྐུའི་དབང་ཐོབ་ཤོག༔ རྩ་སྔགས༔ སརྦ་ཨ་བྷི་ཥིཉྩ་སྭཱ༔ དེ་ནས་འཇའ་དང་ཐིག་ལེ་གཏད་ལ༔ ཧཱུྃ༔ འབྲས་བུ་བླ་ན་མེད་པའི་དབྱིངས༔ སྐུ་ལྔ་ཡེ་ཤེས་རིགས་ལྔ་ཡི༔ རང་གདངས་དབྱིངས་དང་ཐིག་ལེ་དང་༔ རྡོ་རྗེ་ལུག་རྒྱུད་དབང་བསྐུར་རོ༔ སྣང་བ་བཞི་ཡི་ཉམས་མྱོང་ཞིང་༔ རིག་འཛིན་རྣམ་བཞིའི་ས་བགྲོད་ནས༔ སྐུ་བཞི་མངོན་གྱུར་དབང་ཐོབ་ཤོག༔ རྩ་སྔགས༔ སརྦ་ཨ་བྷི་ཥིཉྩ་ཧཱ༔ དེ་ནས་རིག་པའི་རྩལ་དབང་ནི༔ འོད་ལྔའི་ཐིག་ལེ་གཏད་ལ༔ ཧཱུྃ༔ ཡེ་ཤེས་མཁའ་འགྲོའི་ཐུགས་ཀྱི་མདངས༔ ཡེ་ཤེས་ལྔ་ཡི་འོད་ཐིག་ཟླུམ༔ སློབ་མའི་སྒོ་གསུམ་ལ་ཐིམ་པས༔ ཀ་དག་བདེ་ཆེན་འགྱུར་མེད་ཀློང་༔ མི་འགྱུར་ལྟ་བའི་གདིང་ཐོབ་སྟེ༔ རིག་པ་རྩལ་གྱི་དབང་ཐོབ་ཤོག༔ ཨ་ཨ་ཨ༔ ཕཊ༔ དེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ ཆོས་དབྱིངས་རྣམ་དག་གཞོང་པ་རུ༔ སྐྱེ་འགགས་འགྱུར་མེད་གཏོར་མ་བཤམས༔ རྟོག་ཚོགས་རང་གྲོལ་གཏོར་རྒྱན་སྤྲས༔ ཡེ་ཤེས་འོད་ཟེར་བཀྲག་མདངས་འབར༔ མཁའ་འགྲོ་འདུས་པའི་དཀྱིལ་འཁོར་རྫོགས༔ འཁོར་འདས་གཉིས་ཀྱི་སྲོག་སྙིང་འདུ༔ སྐལ་ལྡན་བུ་ལ་གཏད་ཅིང་སྦྱིན༔ རིགས་དང་དཀྱིལ་འཁོར་ཐམས་ཅད་ཀུན༔ མདོར་ན་རང་སྣང་ཡེ་ཤེས་ཀྱི༔ དཀྱིལ་འཁོར་ཡོངས་ལ་དབང་ཐོབ་ནས༔ ལྷ་དང་རང་སྣང་གཉིས་མེད་དུ༔ རང་གྲོལ་རང་དབང་ཐོབ་པར་ཤོག༔ རྩ་སྔགས༔ སརྦ་ཛྙཱ་ན་མཎྜ་ལ་བ་ལིང་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱ༔ ཧཱུྃ་སྭཱ་ཧཱ༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་སོགས་མཐའ་རྟེན་རྣམས་འགྲིམ་མོ༔ སངས་རྒྱས་སེམས་ཅན་རང་སྣང་གི༔ དཀྱིལ་འཁོར་སྲོག་གི་དབང་མཆོག་ཀུན༔ བཅུད་དྲིལ་འདི་ལས་གཞན་ན་མེད༔ འབྲེལ་བས་དམ་ལྡན་མངོན་འཚང་རྒྱ༔ ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར༔ མང་དུ་བསྐུར་ན་དམ་ཉམས་པས༔ མ་དང་མཁའ་འགྲོའི་ཆད་པས་མནར༔ དེ་ཕྱིར་བདུན་ལས་མང་བ་མིན༔ བཀའ་སྲུང་གཟའ་བདུད་རྒྱལ་པོས་སྲུངས༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ཨ་ཐིམ༔ ཞེས་པ་འདི་ནི་སྨོན་ལམ་ལས་ཀྱིས་འབྲེལ་བའི་སློབ་བུ་ཨོ་རྒྱན་རྡོ་རྗེ་དང་མཁྱེན་རབ་རྒྱ་མཚོ་གཉིས་ཀྱིས་ནན་ཏུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ཡང་མཁྱེན་རབ་རྒྱ་མཚོའི། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།