DUDJOM-THROMA-071
DUDJOM-THROMA-071
གནས་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་མཁའ་འགྲོ་འདུ་བའི་ཚོགས་གླུ།༼ཁུ༽གནས་དྷུ་མ་ཐ་ལའི་མཁའ་ལྡིང་དལ་འགྲོས།༼དམར༽གནས་ཛ་ལན་དྷ་རའི་ཐང་དཀར་གཤོག་འགྲོས།༼དཀར༽ཀ་ལིང་ཀའི་ཌཱ་ཀིའི་འགྱིང་གླུ་རིང་མོ།༼ཁྲ༽དྲི་ཤ་ཀུ་ནའི་ཤ་ཟའི་ངུ་འབོད་རིང་མོ།༼དམར༽བསིལ་བ་ཚལ་གྱི་ཕག་ནག་མཆན་རྡེབ།༼འབྲིང་༽བདེ་ཆེན་བརྡལ་བའི་དུར་ཁྲོད་མ་མོའི་མཁུན་པ།༼ལྷག༽སུ་ཝརྞ་ཏའི་བྱིའུ་ཆུང་འཕུར་ལྷེབ།༼ནག༽པདྨ་བརྩེགས་པའི་གླུ་དཔའ་བོ་མཁའ་འགྲོ་དགྱེས་པའི་གད་མོ།༼བསྐང་༽ཨུ་ཙཱ་ལ་ཡི་སེང་གདོང་ཁྲོས་པའི་གད་རྒྱངས།༼བསྐུལ༽ཨཽ་ཌི་ཡ་ནའི་དཔག་ཆེན་མདའི་འགྲོས་ལྡིང་།༼འཕོ་༽དྷུ་མ་ཐ་ལའི་དཀར་ཆེན་གིང་འགྲོས།༼དུར༽སིདྡྷིའི་གྲོང་ཁྱེར་གྱི་དཔའ་བོ་མཁའ་འགྲོ་བསྡུ་བའི་གླུ་གར།༼བསྐང་འབྲིང་༽དེ་ལ་སོགས་པའི་གནས་༣༤དང་ཡུལ་༣༣གྱི་མཁའ་འགྲོ་རྣམས་ཀྱི་གླུ་དབྱངས་ལྟར་བྱེད་ན་བྱིན་རླབས་ཤིན་ཏུ་ཆེའོ།།བདུད་འཇོམས་པས་སོ།།།།