DUDJOM-THROMA-027

From Dudjom Wiki
Revision as of 09:30, 16 July 2025 by Jeremi (talk | contribs)

DUDJOM-THROMA-027
Wylie title DUDJOM-THROMA-027.pdf
Location khros ma'i sgrub skor
Volume 1, Text 27, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༁ྃ༔ དག་སྣང་ལས༔ དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་བའི་ལུང་བྱང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག་༢༧༣༔ གསང་སྔགས་སྒོར་ཞུགས་གང་ཟག་གིས༔ ཉམས་ཆག་བསྐང་བའི་ལུང་འདིར་བརྩོན༔ ཧོཿ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཁྱབ་བདག་སྤྱི་དཔལ་ཆེན་པོ་སྟེ༔ ཀུན་ཏུ་བཟང་པོ་དགོངས་སུ་གསོལ༔ ཡེ་ཤེས་ལྔ་ཡི་རང་མདངས་ལས༔ རིགས་ལྔ་ཡབ་ཡུམ་དགོངས་སུ་གསོལ༔ རྡོ་རྗེ་ཐེག་པའི་གསང་ཆེན་མཛོད༔ རྡོ་རྗེ་འཆང་དངརྡོ་རྗེ་ཆོས༔ སྟོན་འཁོར་ཡོངས་རྫོགས་དགོངས་སུ་གསོལ༔ དགའ་རབ་ཤྲཱི་སེང་པདྨ་འབྱུང་༔ རིག་འཛིན་བརྒྱད་དང་བི་མ་ལ༔ རྗེ་འབངས་ཉེར་ལྔ་ལ་སོགས་པའི༔ བརྒྱུད་གསུམ་བླ་མ་དགོངས་སུ་གསོལ༔ སྟོན་པ་རྡོ་རྗེ་རྒྱལ་པོ་དང་༔ གཟུངས་མ་མཆེད་ལྕམ་སྤུན་སྲིང་བཅས༔ མ་ལུས་བདག་ལ་དགོངས་སུ་གསོལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ དམ་ཚིག་ཉམས་ཆག་བསྐང་ཕྱིར་འབུལ༔ ཧཱུྃ༔ རྡོ་རྗེ་རྒྱལ་པོ་ཧེ་རུ་ཀ༔ གཟུངས་མ་མཆེད་དང་ལྕམ་དྲལ་ལ༔ བརྙས་དང་འགྲན་བཙུག་བརྡེག་བརྡུང་དང་༔ སྐུར་འདེབས་ཚིག་རྩུབ་རྒྱུད་དཀྲུག་དང་༔ ང་རྒྱལ་ལོག་ལྟ་ཐེ་ཚོམ་སོགས༔ སྒོ་གསུམ་བག་མེད་དམ་ཉམས་བཤགས༔ བཀའ་དང་ལུང་བཞིན་མ་གྱུར་ཏེ༔ བསྐྱེད་རིམ་མ་གསལ་དམ་བཅའ་འགལ༔ སྔགས་བཟླས་མ་དག་འཁྱལ་ཚིག་སྦག༔ ལྟ་སྒོམ་ལོག་པར་འཛིན་པ་སོགས༔ གསང་གསུམ་དང་འགལ་དམ་ཉམས་བཤགས༔ ལེ་ལོ་གཡེང་བ་གཉིད་རྨུག་སོགས༔ བར་ཆད་དབང་གྱུར་དམ་ཉམས་བཤགས༔ གསང་སྒོ་འཆོལ་དང་གསང་ཆེན་བསྒྲག༔ བག་མེད་དབང་གྱུར་དམ་ཉམས་བཤགས༔ སྤྱད་བྱ་ཤེས་བྱ་བསྒྲུབ་བྱ་དང་༔ མི་སྤང་དང་ལེན་མེད་གཅིག་ཕྱལ༔ ལྷུན་གྱིས་གྲུབ་པའི་དམ་ཚིག་རྣམས༔ བཀའ་ལུང་བཞིན་དུ་མ་སྤྱད་པས༔ ཉམས་ཆག་འགལ་འདས་ནོར་འཁྲུལ་ཀུན༔ གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས༔ གཞན་ཡང་རྡོ་རྗེ་ཐེག་པ་ཡི༔ དམ་ཚིག་ས་ཡ་འབུམ་སྡེ་ལས༔ འགལ་འཁྲུལ་ཉམས་ཆག་ཅི་མཆིས་པ༔ མི་གསང་མི་སྦེད་གནོང་འགྱོད་ཀྱིས༔ བཤགས་སོ་དག་ཅིང་ཚངས་པར་སྩོལ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཅི་མང་བཟླ༔ དམ་ཚིག་ཉམས་ཆག་ཐམས་ཅད་ཀུན༔ བཤགས་པའི་རྒྱལ་པོ་འདི་བརྗོད་མཐུས༔ ཁམས་གསུམ་འཁོར་བ་དོང་སྤྲུགས་ནས༔ སྐུ་གསུམ་ཀློང་དུ་བྱང་ཆུབ་ཤོག༔ ས་མ་ཡ༔ རྟེན་དཔང་འགྱོད་བཤགས་ཉེས་བསྡོམ་པའི༔ གནད་ཀྱིས་འདིར་བརྩོན་གཙང་མར་འགྱུར༔ ས་མ་ཡ༔ དཔལ་གསང་བའི་བདག་པོས་འདི་སྐད་གདམས་པ་རང་སློབ་དམ་པ་མཆོག་རབ་ཀྱི་ངོར་བདུད་འཇོམས་རྡོ་རྗེས་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། ། ༁ྃ༔ དམ་སྐོང་ངན་སོང་དོང་སྤྲུགས་ལས༔ ཧོཿ རྩ་གསུམ་དམ་ཅན་སྲུང་མའི་ཚོགས༔ ཐུགས་རྗེ་བརྩེ་བ་ཆེན་པོས་དགོངས༔ བདག་ནི་འཁོར་ཚེ་ཐོག་མེད་ནས༔ མ་རིག་ཉོན་ཤེས་སྒྲིབ་དབང་གིས༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ སྡོམ་དང་བསླབ་པ་དམ་ཉམས་པ༔ མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པ་ཅི་ནུས་བརྗོད༔ བདུད་འཇོམས་པའི་དག་སྣང་ལས་ཁོལ་དུ་ཕྱུང་པའོ།། །།