DJYD-KABUM-09-TA-005

From Dudjom Wiki
Revision as of 05:18, 1 June 2024 by Jeremi (talk | contribs)

DJYD-KABUM-09-TA-005
Wylie title DJYD-KABUM-09-TA-005.pdf
Location bdud 'joms rin po che bka' 'bum
Volume 9, Text 5, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན) ཁྱབ་བདག་འཇམ་དཔལ་དཔའ་བོ་ཤིན་རྗེའི་གཤེད། །གསང་བ་ཀུན་གྱི་དབང་ཕྱུག་རྡོ་རྗེ་འཛིན། །གྲུབ་པའི་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྒྱལ་བ་རྒྱ་མཚོའི་སྤྱི་གཟུགས་ཐོད་ཕྲེང་རྩལ། །ཆོས་ཀྱི་རྒྱལ་པོ་འཇམ་མགོན་ཁྲི་ལྡེའི་ཞབས། །གདམས་པའི་བཀའ་བབས་འབྲོག་བན་ལོ་ཙཱ་བར། །གསོལ་བ་འདེབས་སོ་བདག་རྒྱུད༴ ། ཟབ་གཏེར་ཀློང་མཛོད་སྒོ་འབྱེད་བདུད་འཇོམས་གླིང་། །ཐུགས་ཀྱི་སྲས་མཆོག་ངེས་དོན་དབང་པོའི་སྡེ། །རིགས་ཀུན་བདག་ཉིད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གཏི་མུག་རང་གཟུགས་མ་རིག་ཀླུ་གདོན་དཔུང་། །ཤེས་རབ་འཇམ་དཔལ་ཁྲོས་པའི་མཐུ་སྟོབས་ཀྱིས། །ལྷག་མེད་བཅོམ་ནས་ཟུང་འཇུག་རིག་པའི་རྒྱལ། །ནཱ་ག་རཀྴའི་གོ་འཕང་མངོན་གྱུར་ཤོག །(ཅེས་པའང་ངག་དབང་ཚུལ་ཁྲིམས་ཀྱིས་བསྐུལ་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།)