DJYD-KABUM-18-TSHA-014

From Dudjom Wiki
Revision as of 05:18, 1 June 2024 by Jeremi (talk | contribs)

DJYD-KABUM-18-TSHA-014
Wylie title DJYD-KABUM-18-TSHA-014.pdf
Location bdud 'joms rin po che bka' 'bum
Volume 18, Text 14, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)ས་བདག་འཁྲུག་བཅོས་ཀྱི་ཆོ་ག་མདོར་བསྡུས་ཞི་བདེའི་དཔལ་སྟེར་བཞུགས། ན་མོ་རཏྣ་གུ་རུ་ཡེ། (ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ཤིན་ཏུ་མདོར་བསྡུས་པའི་ཚུལ་གྱིས་གཏོང་བར་འདོད་ན། གཙང་མའི་གཞི་མ་དཀར་པོར་ཟན་གྲུ་བཞི་ཡངས་པར་བརྡལ་བའི་དབུས་སུ་རི་རབ་བང་རིམ་བཞི་པའི་སྟེང་དུ་སྲིད་པའི་རུས་སྦལ་ཕོ་མོ་གཉིས་བཟོ་དབྱིབས་ཐོན་པར་བཅོས་པ་ཁ་སྦྱར་དུ་བཀོད། མཐའ་སྐོར་དུ་ཀླུ་བརྒྱད། གཉན་བརྒྱད། ས་བདག་བརྒྱད་རྣམས་ལ་གཏོར་མ་དཀར་ཟླུམ་རྒྱན་ལྡན་བརྒྱད་རེ། ཀླུ་ནོར་སྦྲུལ། སྦལ་པ། སྡིག་པ། ལྕོང་མོ། སྡོམ་རྣམས་བརྒྱད་ཏེ། དེ་མཐར་ཕྱོགས་སྐྱོང་བཅུའི་གཏོར་མ་དཀར་ཟླུམ་བཅུ། དེ་རྒྱབ་དུག་ཤིང་མ་ཡིན་པའི་ཤིང་སྣ་ལོ་འདབ་ཅན་དར་རས་བལ་ཚོན་སྣ་ཚོགས་ཀྱིས་བརྒྱན་པས་ལྕགས་རིའི་ཚུལ་དུ་བསྐོར། གཞན་ཡང་དར་སྣ། འབྲུ་སྣ། རིན་ཆེན་སྣ་ལྔ། ཇ་ཕུད། ཉེར་སྤྱོད་ལྔ་སོགས་དང་། ཉེ་འགྲམ་དུ་སྦྱིན་བདག་གི་སྐུ་གླུད་དཀར་གསུམ་མངར་གསུམ་སོགས་ཀྱིས་བྲན་པ་བཅས་གཙང་ལ་མཛེས་པར་བཤམ། བདག་བསྐྱེད་ཐུགས་རྗེ་ཆེན་པོའམ་གུ་རུ་ཞི་བ་ལྟ་བུའི་བསྐྱེད་བཟླས་སྔོན་དུ་འགྲོ་བས། མདུན་བསྐྱོད་མཆོད་རྫས་རྣམས་ལ་བསང་ཆུ་འཐོར་ཞིང་།) སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མདུན་གྱི་མཆོད་རྫས་རྣམས་མགྲོན་སོ་སོར་དགྱེས་རྒུར་རོལ་པའི་མཐུན་རྫས། འཛད་(1བ)ཕྱག་ཏུ་འབུལ། མི་སྡེ་དཀྲུགས་ཤིང་བྱས་པའི་གླུད་དུ་འབུལ། །རི་ལ་མེ་ཆེན་བཏང་བའི་གླུད་དུ་འབུལ། །ཆུ་ལ་དུག་བཏབ་པ་ཡི་གླུད་དུ་འབུལ། ས་གཉན་འཇོར་གྱིས་བརྐོས་པའི་གླུད་དུ་འབུལ། །ཤིང་གཉན་སྟྭ་རེས་བཅད་པའི་གླུད་དུ་འབུལ། །རྡོ་གཉན་རྩ་བ་བརྐོས་པའི་གླུད་དུ་འབུལ། །ན་མི་ཕོད་པའི་གླུད་དུ་འབུལ། །ཚ་མི་ཕོད་པའི་གླུད་དུ་འབུལ། །དབང་པོ་སྒོ་ལྔའི་གླུད་དུ་འབུལ། །སྐྱེ་མཆེད་བཅུ་གཉིས་གླུད་དུ་འབུལ། །ལུས་ངག་ཡིད་གསུམ་གླུད་དུ་འབུལ། །ཁྱེད་རྣམས་གླུད་འདིས་ཚིམས་གྱུར་ཅིག །ལན་ཆགས་མ་ལུས་བྱང་གྱུར་ཅིག །བུ་ལོན་མ་ལུས་འཁོར་གྱུར་ཅིག །ས་བདག་ཐུགས་དང་འགལ་བ་རྣམས། །དེ་རིང་བཅོས་ཤིང་བཤགས་ལགས་སོ། །དམེ་ཡུག་འཁོན་དང་བཙོག་ནལ་གྱིས། །ས་བདག་སྐུ་ལ་གྲིབ་ཕོག་པ། །དེ་རིང་བསངས་ཤིང་དག་པར་བགྱི། །མདོར་ན་བདག་དང་ཡོན་བདག་རྣམས། མ་ཤེས་མ་རིག་འཁྲུལ་དབང་གིས། །ས་བདག་ཐུགས་དང་གང་འགལ་བ། །ཐམས་ཅད་དེ་རིང་བཤགས་ཤིང་བཅོས། །འདི་ཕྱིར་སྒྲིབ་པར་མ་གྱུར་ཅིག །ཁྱེད་རྣམས་བཟོད་པ་དང་དུ་བཞེས། །མི་སྒྲིབ་ཚངས་པའི་(2ན)རིམ་བཞིན་སྲིད། །སྲིད་པའི་རུས་སྦལ་བཤོས་པ་ལས། །ལྷ་ཀླུ་ས་བདག་གཉན་རྣམས་སྲིད། །དེ་དག་སྲིད་པའི་རྟེན་འབྲེལ་ལས། །མི་ལ་ལེགས་ཉེས་སྣ་ཚོགས་འབྱིན། །སྲིད་པའི་ས་བདག་ཀླུ་གཉན་ཀུན། །འགྲོ་བ་མི་དང་ལྷན་ཅིག་གནས། །གནོད་འཚེ་གདུག་པའི་བསམ་སྦྱོར་གྱིས། །འགྲོ་ལ་ནད་གདོན་སྣ་ཚོགས་འབེབས། །སྔོན་ཚེ་བཅོམ་ལྡན་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་བྱས་པ་དང་། །ད་ལྟ་གསང་བདག་ཕྱག་རྡོར་གྱིས། །བཀའ་སྩལ་གཉན་ལས་མ་འདའ་བར། །གདོན་རྣམས་ཐམས་ཅད་ཕྱིར་ཕྱུང་ཞིག །ནད་རྣམས་ཐམས་ཅད་ཕྱིར་ཕྱུང་ཞིག །དུག་རྣམས་ཐམས་ཅད་ཕྱིར་ཕྱུང་ཞིག ། (དེ་ནས་གླུད་གཏོར་རྣམས།)ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་(སོགས་ཀྱིས་སྤེལ་ལ།) ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམ་བྷ་ར་སམ་བྷ་ར་ཧཱུྃ། (ཞེས་ལན་བདུན་གྱིས་བསྔོས་ཏེ།)ཀྱེ། རིན་ཆེན་སྣ་ལྔའི་འབྲུ་ཟན་ལས་བསྐྲུན་ཅིང་། །མཐོང་ན་གཟུགས་མཛེས་ཉན་ན་རྣ་བར་སྙན། །བསྣམ་ན་དྲི་ཞིམ་དྲན་ན་དབང་པོ་དྭངས། །མྱང་ན་རོ་མངར་རེག་ན་བདེ་བ་བསྐྱེད། །དབང་པོ་དྲུག་གི་སྤྱོད་ཡུལ་ཕུན་ཚོགས་པ། །སྣང་སྲིད་ས་བདག་ཀླུ་གཉན་(2བ)པ་མེད་པའི་ལོངས་སྤྱོད། ན་བ་གསོ་བའི་སྨན། ཤི་བ་སློང་བའི་བདུད་རྩི། འདོད་ཡོན་ནམ་མཁའ་མཛོད་ཀྱི་སྤྲིན་ཕུང་། སངས་རྒྱས་ཀྱི་མཐུ་དང་བྱང་ཆུབ་སེམས་དཔའི་སྨོན་ལམ་ལས་གྲུབ་པ་འཁོར་བ་ཇི་སྲིད་རྒྱུན་མི་ཆད་པའི་རང་བཞིན་དུ་གྱུར་པར་(བསམ་ཞིང་།)ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་(སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་བདུན་གྱིས་བརླབ། མགྲོན་སྤྱན་དྲང་བ་ནི།) ཀྱེ། སྟོང་གསུམ་འཇིག་རྟེན་ས་ཡི་བདག །ལོ་ཟླ་ཞག་དུས་འབྱུང་བའི་ལྷ། །གཟའ་དང་རྒྱུ་སྐར་ལྷ་མ་སྲིན། །ཁྱད་པར་ཡུལ་རིས་ཕྱོགས་འདི་ཡི། །ས་བདག་རི་བདག་བྲག་གི་བདག །ཆུ་བདག་ཤིང་བདག་གནས་བདག་རྣམས། །བྱམས་པའི་ཐུགས་ཀྱིས་འདིར་བྱོན་ལ། །རང་རང་དགྱེས་པའི་ཕྱོགས་སུ་བཞུགས། །བདག་ཅག་རྣམས་ཀྱིས་གང་བཅོལ་བའི། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །སརྦ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛཿཛཿ ཛཿཧཱུྃ་བྃ་ཧོཿ ཏིཥྛ་ལྷན། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ (སྨྲེང་གྱེར་བ་ནི།) ཀྱེ། སྔོན་ཚེ་སྲིད་པའི་དང་པོ་ལ། །རང་བཞིན་གནས་པའི་རུས་སྦལ་སྲིད། །དེ་གཉིས་བཤོས་ཤིང་སྲིད་པ་ལས། །གནས་ཆགས་རུས་སྦལ་(3ན)དངོས་གྲུབ་སྩོལ། །(ཅེས་དང་གྲངས་གསོག་ན་འབྲུ་སྣ་ཚོགས་ཀྱིས་ཁ་གསོ་ཞིང་། མཚན་བཞིའི་སྔགས་དང་།)རིན་ཆེན་སྣ་ལྔ་(སོགས་ལ་གྲངས་འཛིན། གྲངས་ཐེམས་ནས་རྟེན་འབྲེལ་སྙིང་པོ་སྔོན་དུ་འགྲོ་བས།)སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །(ཅེས་ཆོས་སྦྱིན་བྱས་མཐར།)དེ་ལྟར་མགྲོན་རིགས་ཐམས་ཅད་ཀུན། །འདོད་ཡོན་མཆོད་པས་རབ་ཚིམས་ནས། །ཁྲོས་ཤིང་འཁྲུགས་པའི་སེམས་ཞི་སྟེ། །ཟག་མེད་བདེ་བར་ལོངས་སྤྱད་བཞིན། །རང་རང་གནས་སུ་གཤེགས་པར་གྱུར། །ལོ་ཀ་བྷུ་མི་པ་ཏི་སརྦ་གཙྪ། (ཞེས་བསྡུས་ལ། གཙོ་བོ་རི་རབ་རུས་སྦལ་བཅས་གནས་ཀྱི་དབུས་དང་། གཞན་གཏོར་མ་སྐུ་གླུད་མཆོད་རྫས་རྣམས་ཕྱོགས་མཚམས་གཙང་སར་འབུལ། བཀྲ་ཤིས་རྒྱས་པར་བརྗོད་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་རིག་འཛིན་རྡོ་རྗེ་ཐོགས་མེད་རྩལ་གྱི་དག་སྣང་ལས་བྱོན་པ་ཉིད་འཇུག་བདེའི་འཁྲིགས་སུ་བསྡེབས་པ་སྟེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བལ་ཡུལ་ཉེ་བའི་ཚནྡྷོ་རུ་སྦྱར་བ་སིངྔྷི་རསྟུ།། །།)