DJYD-KABUM-07-JA-021

From Dudjom Wiki
Revision as of 05:18, 1 June 2024 by Jeremi (talk | contribs)

DJYD-KABUM-07-JA-021
Wylie title DJYD-KABUM-07-JA-021.pdf
Location bdud 'joms rin po che bka' 'bum
Volume 7, Text 21, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)(བདུད་འདུལ་ཚེ་དཀར་གྱི་བརྒྱུད་འདེབས་བཞུགས་སོ། །)ཚེ་དཔག་མེད་མགོན་འཕགས་མཆོག་སྙིང་རྗེའི་གཏེར། །མཚོ་སྐྱེས་རྡོ་རྗེ་དབྱིངས་ཕྱུག་མཁར་ཆེན་བཟའ། །ཁྱེའུ་ཆུང་ལོ་ཙཱ་ཁྲག་འཐུང་བདུད་འདུལ་གླིང་། །གསོལ་བ་འདེབས་སོ་ཚེ་དབང་དངོས་གྲུབ་སྩོལ། །རྒྱལ་སྲས་མཐོང་གྲོལ་རིག་འཛིན་འཆི་མེད་མཚན། །ཕྲིན་ལས་ནོར་བུ་ཆོས་ཀྱི་རྒྱ་མཚོའི་དཔལ། །སྐལ་བཟང་རྡོ་རྗེ་བསྟན་འཛིན་འཕེལ་རྒྱས་ཞབས། །གསོལ་བ་འདེབས་སོ་ཚེ་དབང་༴ རིགས་ཀུན་ཁྱབ་བདག་གར་དབང་སངས་རྒྱས་མགོན། །རྩ་བརྒྱུད་བླ་མ་ཡི་དམ་ལྷག་པའི་ལྷ། །མཁའ་འགྲོ་དམ་ཅན་གཏེར་སྲུང་རྒྱ་མཚོ་ལ། །གསོལ་བ༴ འཆི་མེད་གྲུབ་པས་འཆི་བདག་བདུད་དཔུང་ཆོམ། །འཆི་མེད་བདུད་རྩིས་རིང་འཚོའི་བཅུད་ལེན་བརྙེས། །འཆི་མེད་ཚེ་སྲོག་རྡོ་རྗེར་རྒྱས་ཐེབས་ནས། །འཆི་མེད་མགོན་པོའི་གོ་འཕང་མྱུར་འགྲུབ་ཤོག །(ཅེས་པའང་འཇུག་པ་བདེ་བའི་ཡན་ལག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་སིདྡྷི་རསྟུ།། །།སརྦ་མངྒལཾ།།)