ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་རྡོ་རྗེ་སེམས་དཔའི་བསྐང་བཤགས་ཉམས་ཆག་རང་གྲོལ༔

From Dudjom Wiki
Revision as of 09:21, 4 September 2025 by Mort (talk | contribs) (Text replacement - "ཧོཿ" to "ཧོཿ ")
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-03-GA-035
Wylie title zab gsang mkha' 'gro'i snying thig las: dpal rdo rje sems dpa'i bskang bshags nyams chag rang grol: TTDL-ZABTER-03-GA-035.pdf
Location bdud 'joms gling pa zab gter
Volume 3, Text 35, Pages 351-353 (Folios 1a1 to 2a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las dpal rdo rje sems dpa'i bskang bshags nyams chag rang grol. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: 351-353. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskang bshags   Verso: bdud 'joms bla ma rdor sems
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Confessions - bshags pa  ·  Mending Rituals - bskang chog
Cycle དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་སྐོར་ (dpal rdo rje sems dpa'i sgrub skor)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje sems dpa'
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་གཉིས་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་སྐྱེས་མཆོག་པདྨ་རྣམ་རྒྱལ་གྱིས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་རིག་པའི་རྡོ་རྗེས་སོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di yang khrag 'thung bdud 'joms rdo rje gro lod rtsal gyis gter nas bton te mi lo nyer gnyis bar du bka' rgya byas mthar rang slob skyes mchog pad+ma rnam rgyal gyis nan du bskul ngor gtan la phab pa'i yi ge pa ni rig pa'i rdo rjes so/_/dge'o/_/sarba mang+ga laM//

[edit]
ཧྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་རྡོ་རྗེ་སེམས་དཔའི་བསྐང་བཤགས་ཉམས་ཆག་རང་གྲོལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) ཟབ་དོན་ཉམས་སུ་ལེན་པ་ཡི༔ སྐལ་བཟང་སྐྱེས་བུ་དམ་པ་རྣམས༔ ཚོགས་ཀྱི་འཁོར་ལོ་ལ་བརྟེན་ནས༔ བསྐང་བ་འདི་ལ་བརྩོན་པར་བྱ༔ ཧཱུྃ༔ ཆོས་ཉིད་ནམ་མཁའ་མཛོད་ཀྱི་འཕྲུལ༔ འདོད་ཡོན་རང་བྱུང་མཆོད་པའི་སྤྲིན༔ ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་༔ མ་རིག་དབང་གི་དམ་ཉམས་བཤགས༔ ཡེ་ཤེས་རིག་པ་རང་བྱུང་རྩལ༔ དག་གྲོལ་མཉམ་རྫོགས་མཆོད་སྤྲིན་གྱིས༔ རྡོ་རྗེ་འཆང་ཆེན་ཐུགས་དམ་བསྐང་༔ བདག་རྟོག་དབང་གིས་དམ་ཉམས་བཤགས༔ ཕྱི་ནང་སྣོད་བཅུད་སྣང་བའི་ཆོས༔ མི་ཟད་རང་བྱུང་འདོད་ཡོན་དཔལ༔ པདྨ་འབྱུང་གནས་ཐུགས་དམ་བསྐང་༔ འཁྲུལ་པའི་དབང་གྱུར་དམ་ཉམས་བཤགས༔ ཚོགས་བརྒྱད་སྒྱུ་འཕྲུལ་འདོད་ཡོན་ཚོགས༔ ཡེ་ནས་རང་བྱུང་མཆོད་པའི་སྤྲིན༔ རིག་འཛིན་བླ་མའི་ཐུགས་དམ་བསྐང་༔ རྡོ་རྗེའི་དམ་ཚིག་ཉམས་ཆག་བཤགས༔ ཧཱུྃ༔ བུདྡྷ་རིགས་ཀྱི་བདག་པོ་མཆོག༔ རྣམ་སྣང་གངས་ཆེན་ཐུགས་དམ་བསྐང་༔ གཏི་མུག་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ རྡོ་རྗེ་རིགས་ཀྱི་བདག་པོ་མཆོག༔ མི་བསྐྱོད་རྡོ་རྗེའི་ཐུགས་དམ་བསྐང་༔ ཞེ་སྡང་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ རིན་ཆེན་རིགས་ཀྱི་བདག་པོ་མཆོག༔ རིན་ཆེན་འབྱུང་ལྡན་ཐུགས་དམ་བསྐང་༔ ང་རྒྱལ་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ པདྨ་རིགས་ཀྱི་བདག་པོ་མཆོག༔ སྣང་བ་མཐའ་ཡས་ཐུགས་དམ་བསྐང་༔ འདོད་ཆགས་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ ཀརྨ་རིགས་ཀྱི་བདག་པོ་མཆོག༔ དོན་ཡོད་གྲུབ་པའི་ཐུགས་དམ་བསྐང་༔ ཕྲག་དོག་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ ཤེས་རབ་སྟོང་ཉིད་ཆེན་པོའི་དབྱིངས༔ ཡུམ་ཆེན་ལྔ་ཡི་ཐུགས་དམ་བསྐང་༔ གཟུང་འཛིན་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ བྱང་ཆུབ་སེམས་ཀྱི་ཕྱག་རྒྱ་མོ༔ སྒོ་སྐྱོང་མ་བཞིའི་ཐུགས་དམ་བསྐང་༔ ཆགས་སྡང་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ སྐྱེ་མེད་ཆོས་སྐུའི་དབྱིངས་སུ་བཞུགས༔ འདས་པའི་སངས་རྒྱས་ཐུགས་དམ་བསྐང་༔ སྔོན་ཆད་དམ་ཚིག་ཉམས་སོ་འཚལ༔ མ་ལུས་མི་འཆབ་མཐོལ་ལོ་བཤགས༔ ཐབས་མཁས་ཐུགས་རྗེས་འགྲོ་དོན་མཛད༔ ད་ལྟའི་སངས་རྒྱས་ཐུགས་དམ་བསྐང་༔ ཚེ་འདིའི་དམ་ཚིག་ཉམས་སོ་འཚལ༔ མ་ལུས་མི་འཆབ་མཐོལ་ལོ་བཤགས༔ བྱང་ཆུབ་སེམས་དཔའི་ཚོགས་ཆེན་སྤྱོད༔ མ་འོངས་སངས་རྒྱས་ཐུགས་དམ་བསྐང་༔ སླན་ཆད་དམ་ཚིག་ཉམས་འགྱུར་ཀུན༔ མ་ལུས་མི་འཆབ་མཐོལ་ལོ་བཤགས༔ ཧོཿ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ རྡོ་རྗེ་ཐེག་པའི་དམ་ཚིག་ལ༔ འབོག་ནས་བསྲུང་བར་བགྱིད་རྒྱུ་ལས༔ མ་ཤེས་མ་རིག་མ་ཚོར་བའི༔ དབང་གྱུར་ཉམས་ཆག་འགལ་འདས་ཀུན༔ རབ་ཏུ་གནོང་ཞིང་འགྱོད་པས་བཤགས༔ རྡོ་རྗེ་བླ་མ་དཔང་དུ་བཙུག༔ འགྱོད་སེམས་དྲག་པོས་ཀུན་ནས་བསླངས༔ ཕྱིན་ཆད་སྲོག་གི་ཕྱིར་ཡང་སྡོམ༔ ན་རག་དོང་སྤྲུགས་ཡང་སྙིང་བཟླ༔ ཞེས་ཡི་གེ་བརྒྱ་པ་ཅི་ནུས་བཟླ༔ འདི་ལྟར་ཡིད་ལ་དྲན་བྱས་ནས༔ རྩེ་གཅིག་བརྗོད་པས་ཉམས་ཆག་འདག༔ བག་ཆགས་ཀུན་བྱང་གཙང་མར་འགྱུར༔ བཀའ་སྲུང་དམ་ཅན་རྒྱ་མཚོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་གཉིས་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་སྐྱེས་མཆོག་པདྨ་རྣམ་རྒྱལ་གྱིས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་རིག་པའི་རྡོ་རྗེས་སོ། །དགེའོ། །སརྦ་མངྒ་ལཾ།། །།