ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ སྔགས་སྲུང་ཤ་ཟ་ཆེན་མོ་ངེས་ནུས་མའི་གསོལ་མཆོད་འདོད་འབྱུང་ཡིད་བཞིན་ནོར་བུ༔

From Dudjom Wiki
Revision as of 09:31, 4 September 2025 by Mort (talk | contribs) (Text replacement - "ཧོཿ" to "ཧོཿ ")
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-021
Wylie title zab chos dgongs pa klong rdol las: sngags srung sha za chen mo nges nus ma'i gsol mchod 'dod 'byung yid bzhin nor bu: TTDL-ZABTER-12-NA-021.pdf
Location bdud 'joms gling pa zab gter
Volume 12, Text 21, Pages 97 (Folios 1a1 to 1a5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab chos dgongs pa klong rdol las sngags srung sha za chen mo nges nus ma'i gsol mchod 'dod 'byung yid bzhin nor bu. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: 97. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: sha za nges nus gsol mchod  
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Protector Rituals - gsol mchod
Cycle མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ (ma ha a ti yo ga'i zab chos dgongs pa klong rdol)
Colophon

ཞེས་པའང་རྫོགས་ཆེན་པ་བདུད་འཇོམས་རྡོ་རྗེས་ཡང་གསང་མཁའ་འགྲོའི་ཀློང་བྱང་བརྡ་རིས་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་ཀྱིས་སོ། །དགེའོ། །སརྦ་མངྒ་ལཾ།།

zhes pa'ang rdzogs chen pa bdud 'joms rdo rjes yang gsang mkha' 'gro'i klong byang brda ris las zhal bshus te dag par phab pa'i yi ge pa ni phun tshogs bkra shis kyis so/_/dge'o/_/sarba mang+ga laM//

[edit]
སྱྃ༔ ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ སྔགས་སྲུང་ཤ་ཟ་ཆེན་མོ་ངེས་ནུས་མའི་གསོལ་མཆོད་འདོད་འབྱུང་ཡིད་བཞིན་ནོར་བུ་བཞུགས་སོ༔ ན་མོ་ཨཱཪྻ་ལོ་ཀི་ཤྭ་ར་ཡ༔ སྔགས་ཀྱི་སྲུང་མ་ངེས་ནུས་མའི༔ གསོལ་མཆོད་འདོད་འབྱུང་ནོར་བུ་ནི༔ (བརྡ་ཡིག་) གསེར་སྐྱེམས་ཟས་ཚོགས་ཅི་འབྱོར་བཤམས༔ ཧ་ཧོ་ཧྲཱི་ཡིས་བྱིན་གྱིས་བརླབས༔ རང་ཉིད་ཡི་དམ་གང་རུང་ལ༔ ས་མ་ཡ༔ ཧོཿ གསང་ཆེན་སྔགས་ཀྱི་སྲུང་མ་སྟེ༔ མ་མོ་ཆེན་མོ་ངེས་ནུས་མ༔ ཛཿཧཱུྃ་བཾ་ཧོ་གཤེགས་སུ་གསོལ༔ དམ་རྫས་བདུད་རྩི་གསེར་སྐྱེམས་བཞེས༔ བདག་ལ་མ་ཡིས་བུ་བཞིན་སྐྱོངས༔ དགྲ་བགེགས་ཐལ་བའི་རྡུལ་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མ་ཧཱ་ཀ་ལི་ཌཱཀྐི་ནཱི་ར་ལི་པྲ་མ་ཡ་ན་ཨེ་དཾ་བ་ལིཾ་ཏ་ཁ་ཁཱ་ཧི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པའང་རྫོགས་ཆེན་པ་བདུད་འཇོམས་རྡོ་རྗེས་ཡང་གསང་མཁའ་འགྲོའི་ཀློང་བྱང་བརྡ་རིས་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་ཀྱིས་སོ། །དགེའོ། །སརྦ་མངྒ་ལཾ།། །།