ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྲེག་བླུགས་ཡེ་ཤེས་མེ་ལྕེ༔

From Dudjom Wiki
Revision as of 09:40, 4 September 2025 by Mort (talk | contribs) (Text replacement - "ཧོཿ" to "ཧོཿ ")
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-14-PHA-033
Wylie title chos nyid nam mkha'i klong mdzod las: 'phags mchog thugs rje chen po'i sreg blugs ye shes me lce: TTDL-ZABTER-14-PHA-033.pdf
Location bdud 'joms gling pa zab gter
Volume 14, Text 33, Pages 251-258 (Folios 1a1 to 4b4)
Author བདུད་འཇོམས་གཏེར་སྲས་དྲི་མེད་འོད་ཟེར་
Citation Bdud 'joms gter sras dri med 'od zer. Chos nyid nam mkha'i klong mdzod las 'phags mchog thugs rje chen po'i sreg blugs ye shes me lce. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 14: 251-258. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: sreg blug   Verso: bdud 'joms thugs chen
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Fire Offerings - sbyin sreg
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity Thugs rje chen po
Colophon

ཞེས་པ་འདི་ཉིད་བློ་གྲོས་བཟང་པོས་བསྐུལ་ངོར་ལས་འབྲེལ་རྩལ་གྱིས་སོ། །དགེའོ།།

zhes pa 'di nyid blo gros bzang pos bskul ngor las 'brel rtsal gyis so/_/dge'o//

[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྲེག་བླུགས་ཡེ་ཤེས་མེ་ལྕེ་བཞུགས་སོ༔


དྡྂ།༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) རྒྱལ་དབང་པདྨ་ཐོད་ཕྲེང་ངས༔ གདུལ་བྱ་ལས་ཅན་དོན་ཆེད་དུ༔ ནད་གདོན་བར་ཆད་ཞི་བ་དང་༔ ཚེ་བསོད་རྒྱས་ཤིང་དབང་གི་ལས༔ དྲག་པོའི་ཕྲིན་ལས་ལྷུན་གྲུབ་ཕྱིར༔ སྲེག་བླུགས་ཡེ་ཤེས་མེ་ལྕེ་བསྟན༔ མེ་ཐབ་ལས་བཞི་རང་རང་གི༔ ལས་མཐུན་ཧོམ་ཡང་དེ་བཞིན་བརྩིགས༔ འོག་ཏུ་མཁོ་བའི་རྫས་རྣམས་བསགས༔ དང་པོ་བྱིན་གྱིས་བརླབས་པ་ནི༔ རཾ་ཡཾ་ཁཾ༔ འབྲུ་གསུམ་འོད་དུ་ཞུ་བ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལས་བྱུང་བའི་བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩི་འཁོར་འདས་ཡོངས་ལ་ཁྱབ་ཅིང་སྤེལ་བར་གྱུར༔ ནམ་མཁའ་མཛོད་སྔགས་ལན་བདུན་དང་༔ རྟེན་འབྲེལ་སྙིང་པོ་ལན་གསུམ་གྱིས༔ དེ་ནས་མེ་སྤར་བ་ནི༔ ཧཱུྃ༔ རང་བྱུང་ཡེ་ཤེས་འབར་བའི་མེ༔ གོས་དཀར་ལྷ་མོའི་མཁར་སྦྱར་བས༔ ལྷ་ཚོགས་དགྱེས་པ་སྐྱེད་བྱེད་པའི༔ ཤེས་རབ་ཡེ་ཤེས་མེར་བྱིན་བརླབས༔ ཨགྣེ་ཛྭ་ལ་རཾ༔ དེ་ནས་མེ་ལྷ་བསྐྱེད་པ་ནི༔ ཧཱུྃ༔ འཁོར་འདས་ཆོས་རྣམས་སྟོང་པར་གྱུར༔ སྟོང་པའི་རང་མདངས་མ་འགགས་པ༔ ཡེ་ཤེས་ཆེན་པོ་འབར་བའི་ཀློང་༔ པདྨ་ཉི་མ་ར་སྐྱེས་སྟེང་༔ ཨགྣེ་དྲང་སྲོང་ཆེན་པོ་ནི༔ དཀར་གསལ་ཚངས་སྐུད་སེ་རལ་སྤྲས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཕྱག་གཉིས་རིལ་པ་སྤྱི་བླུགས་དང་༔ བསྒྲང་ཕྲེང་འཛིན་ཅིང་རིག་སྔགས་གསུངས༔ ཕྱེད་སྐྱིལ་གདན་ལ་མཛེས་པར་བཞུགས༔ གནས་གསུམ་འབྲུ་གསུམ་སྙིང་པོ་ལས༔ འོད་འཕྲོས་ཡེ་ཤེས་མེ་ལྷ་ཆེ༔ ཤར་ལྷོའི་མཚམས་ནས་སྤྱན་དྲངས་བསྟིམ༔ དེ་ནས་མེ་དར་གྱིས་གཡབ་ཅིང་འདི་སྐད་དོ༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ དྲང་སྲོང་མེ་ལྷ་འཁོར་དང་བཅས༔ སྲེག་བླུགས་ཞལ་ཟས་བཞེས་སླད་དུ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ འབར་བ་མེ་ཡི་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཨགྣེ་རཱ་ཛ་བཛྲ་ས་མ་ཡ་ཛ་ཛ༔ ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང་༔ བདུག་སྤོས་མར་མེ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་ལ་སོགས་པའི༔ ཉེར་སྤྱོད་བདུན་གྱི་མཆོད་པ་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ སྨན་གཏོར་རཀྟ་བྱང་སེམས་བཅུད༔ ཡེ་ཤེས་བདུད་རྩི་འབྱུང་བའི་གནས༔ རྨད་བྱུང་མཆོད་པའི་སྤྲིན་ཆེན་པོ༔ ཨགྣེ་རཱ་ཛའི་ཞལ་དུ་འབུལ༔ གསང་བ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས་ཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨོཾ་རཱུ་པ་ཤཔྡ་སོགས་དྷརྨ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ལ་ཁཱ་ཧི༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ མེ་སྟེ་བསྲེག་ཅིང་ཟ་བའི་ལྷ༔ ཨགྣེ་རཱ་ཛ་གདོན་གྱི་བདག༔ ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ དེ་ནས་བྱོན་སྐྱེམས་འབུལ་བ་ནི༔ ཨོཾ་ཨགྣེ་ཨ་དཱི་བྱ༔ པ་ཏི་བྱ༔ ཨ་བེ་ཤ་ཡ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ནྱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ལན་ཉེར་གཅིག་གིས་ཕུལ༔ དེ་ནས་མར་ཁུ་འབུལ་བ་ནི༔ ཨོཾ་ཨགྣ་ཡེ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ནད་གདོན་འཇིགས་བརྒྱད་སྒྲིབ་གཉིས་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཡམ་ཤིང་ལ༔ ཨོཾ་ཨགྣ་ཡེ་བོ་དྷི་བྷྲྀཀྵ་ཡེ་སྭཱ་ཧཱ༔ ཤམ་བཅས༔ ཏིལ་ལ༔ ཨོཾ་ཨགྣ་ཡེ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ ཤམ་བཅས༔ ཡུངས་ཀར་ལ༔ ཨོཾ་ཨགྣ་ཡེ་སརྦ་ཨརྠ་སིདྡྷ་ཡེ་སྭཱ་ཧཱ༔ ཤམ་བཅས༔ ཞོ་ཟན་ལ༔ ཨོཾ་ཨགྣ་ཡེ་སརྦ་སམྦ་དེ་སྭཱ་ཧཱ༔ ཤམ་བཅས༔ འབྲས་ལ༔ ཨོཾ་ཨགྣ་ཡེ་བཛྲ་པུཥྚ་ཡེ་སྭཱ་ཧཱ༔ ཤམ་བཅས༔ སོ་བ་ལ༔ ཨོཾ་ཨགྣ་ཡེ་བཛྲ་བི་ཛ་ཡེ་སྭཱ་ཧཱ༔ ཤམ་བཅས༔ ནས་ལ༔ ཨོཾ་ཨགྣ་ཡེ་མ་ཧཱ་བེ་གཱ་ཡེ་སྭཱ་ཧཱ༔ ཤམ་བཅས༔ སྲན་མ་ལ༔ ཨོཾ་ཨགྣ་ཡེ་མ་ཧཱ་བ་ལ་ཡེ་སྭཱ་ཧཱ༔ ཤམ་བཅས༔ གྲོ་ལ༔ ཨོཾ་ཨགྣ་ཡེ་བཛྲ་གྷསྨ་རི་སྭཱ་ཧཱ༔ ཤམ་བཅས༔ དཱུརྦ་ལ༔ ཨོཾ་ཨགྣ་ཡེ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ ཤམ་བཅས༔ ཀུ་ཤ་ལ༔ ཨོཾ་ཨགྣ་ཡེ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ༔ ཤམ་བཅས༔ ཤིང་ཏོག་ལ༔ ཨོཾ་ཨགྣ་ཡེ་ག་གྷ་ནི་ག་གྷ་ནི་བཻ་ལོ་ཀི་ཏི་སྭཱ་ཧཱ༔ ཤམ་བཅས་ཕུལ༔ དེ་ནས་མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ་པའི་ཀློང་དུ༔ བསྲེག་ལྷ་བསྐྱེད་པ་གཞུང་གི་ལྷ་བསྐྱེད་ལྟར༔ ཕྱག་འཚལ་ཡན་སོང་མཐར༔ བྱོན་སྐྱེམས་འབུལ་བ་ནི༔ ཧཱུྃ༔ ཡེ་ཤེས་བདུད་རྩི་བླ་ན་མེད༔ འདོད་རྒུ་རང་བྱུང་བདུད་རྩི་ཆེ༔ དཀྱིལ་འཁོར་དགྱེས་པ་བསྐྱེད་པའི་ཕྱིར༔ གུས་པས་འབུལ་ལོ་དགྱེས་པར་རོལ༔ རྩ་སྔགས་མཐར༔ པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ལན་ཉེར་གཅིག་གིས་ཕུལ་མཐར༔ གཞུང་གི་མཆོད་པ་སྔགས་ཚིག་དང་སྦྲགས་ཏེ་ཕུལ༔ དེ་ནས་ཡམ་ཤིང་ནས་བཟུང་སྟེ་རྫས་ཆེན་རྣམས་རྩ་སྔགས་དང་ཤམ་བཅས་ཕུལ༔ བར་སྐབས་སུ་འདོད་གསོལ་བྱ་བ་ནི༔ ཧོཿ རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་འཕགས་མཆོག་ནམ་མཁའི་རྒྱལ་པོའི་ཞལ་དུ༔ ཧོཿ མེ་ལྷ་ཨགྣེ་རཱ་ཛ་ཁྱོད་ལ་བདུད་རྩི་སོགས་ཁ་བསྒྱུར་བྱ༔ བདུད་རྩི་སྲེག་བླུགས་ཀྱི་མཆོད་པ་དམ་པ་འདི་བཞེས་ལ་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་གདོན་བར་ཆད་རྐྱེན་ངན་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་དབྱིངས་སུ་ཞི་བའི་ཕྲིན་ལས་དམ་པ་མཛད་དུ་གསོལ༔ དེ་ནས་གཞུང་གི་བསྟོད་པའི་མཇུག་ཏུ་གཏང་རག་གི་མཆོད་པ་ནི༔ ཧོཿ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་འཕྲུལ་པའི༔ ཕྱི་ནང་གསང་གསུམ་འདོད་ཡོན་མཆོད་པའི་སྤྲིན༔ ཡི་དམ་ལྷ་ཚོགས་དགྱེས་པ་བསྐང་ཕྱིར་འབུལ༔ བདག་ཅག་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨོཾ་བཛྲ་ཨརྒྷཾ་སོགས་ཕྱི་ནང་གསང་མཆོད་སྔགས་ཚིག་ལྟར་ཕུལ༔ དེ་ནས་གཤེགས་སྐྱེམས་རྩ་སྔགས་ལན་བདུན་གྱིས་ཕུལ༔ རྫས་གཞན་མ་རྣམས་ཀྱང་ཤམ་བུ་མེད་པས་སྔར་ལྟར་ཕུལ་མཐར༔ བསྟོད་པ་བྱ་བ་ནི༔ ཧཱུྃ༔ གཞི་དབྱིངས་ཀ་ནས་དག་པ་ཆོས་ཀྱི་སྐུ༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་ཡོན་ཏན་རྫོགས༔ ཐུགས་རྗེ་གང་འདུལ་འགྲོ་བའི་དཔལ་དུ་ཤར༔ མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ དེ་ནས་གཞུང་གི་དངོས་གྲུབ་དང་༔ མ་འབྱོར་པ་དང་སོགས་ཀྱིས་བཤགས་པ་བརྗོད༔ ཡིག་བརྒྱ་བཟླ་བཞིན་ཐབ་ཏུ་ཡུངས་ཀར་འཐོར༔ ཨོཾ༔ ཁྱེད་ཀྱིས་སེམས་ཅན་སོགས༔ བཛྲ་མུ༔ ཡེ་ཤེས་པ་དབྱིངས་སུ་གཤེགས༔ དམ་ཚིག་པ་བདག་ལ་ཐིམ་པར་དམིགས༔ དེ་ནས་མེ་ཁ་གསོས་ལ་མེ་ལྷ་གསལ་བཏབ་ནས༔ མཆོད་འབུལ་ཚིག་དང་སྔགས་མཆོད་སྐབས་ཕྱི་ནང་གསང་མཆོད་འབུལ༔ རང་སྔགས་ཁོ་ནས་གཤེགས་སྐྱེམས་ལན་གསུམ་གྱིས་ཕུལ་མཐར༔ ཡམ་ཤིང་ནས་བཟུང་སྔར་བཞིན་རྫས་རྣམས་རྫོགས་རྗེས༔ བསྟོད་པ་བྱ་བ་དང༔ བཤགས་ཚིག་ཡིག་བརྒྱ་བཅས་གྲུབ་འཕྲལ༔ ཨོཾ༔ ཁྱེད་ཀྱིས་སེམས་ཅན་སོགས༔ བཛྲ་མུཿཡེ་ཤེས་ཀྱི་མེ་ལྷ་ཤར་ལྷོར་གཤེགས༔ དམ་ཚིག་པ་འབར་བའི་རྣམ་པར་གྱུར་ཏེ་སྦྱིན་སྲེག་ཟ་བའི་བགེགས་རྣམས་གཞོམ་པར་གྱུར༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧོཿ དུས་གསུམ་ནས་བསགས་དགེ་ཚོགས་ཀུན༔ མ་གྱུར་སེམས་ཅན་ཡོངས་ལ་བསྔོ༔ ཀུན་ཀྱང་གདོད་མའི་གཞི་དབྱིངས་སུ༔ མངོན་རྫོགས་སངས་རྒྱས་ཐོབ་གྱུར་ཅིག༔ ལན་གསུམ་མཐར༔ བཀྲ་ཤིས་བསྔོ་སྨོན་གྱིས་མཐའ་བརྒྱན་པར་བྱའོ༔ དེ་ལྟར་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡི༔ སྲེག་བླུགས་ཟབ་མོས་ཚོགས་གཉིས་རྫོགས་པ་དང་༔ གནས་སྐབས་རྐྱེན་སྣང་བར་ཆད་དབྱིངས་སུ་བྱང་༔ ཐེ་ཚོམ་མེད་དོ་རྡོ་རྗེའི་ཚིག་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་བློ་གྲོས་བཟང་པོས་བསྐུལ་ངོར་ལས་འབྲེལ་རྩལ་གྱིས་སོ། །དགེའོ།། །།