DJYD-KABUM-22-ZA-036

From Dudjom Wiki
Revision as of 05:19, 1 June 2024 by Jeremi (talk | contribs)

DJYD-KABUM-22-ZA-036
Wylie title DJYD-KABUM-22-ZA-036.pdf
Location bdud 'joms rin po che bka' 'bum
Volume 22, Text 36, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)(ཆོ་གར་ཉེར་མཁོའི་བརྗེད་བྱང་འགའ་ཤས་ནི། འབར་བའི་རྒྱ་མཐེ་བོང་རྩེ་སྤྲད་མཛུབ་མོ་གཡས་པས་གཡོན་པ་མནན་ཏེ་གཡོན་ནས་གཡས་སུ་དཔྲལ་བར་བསྐོར། སྔགས་དྲུག་ཕྱག་དྲུག་སྐབས་སྔགས་ཚར་གསུམ་རེའི་རྗེས་སེ་གོལ། སྔོན་གཏོར་སྐབས་གསེར་སྐྱེམས། དམ་ཅན་སྤྱི་གཏོར་ལ་རྒྱུན་དུ་གསེར་སྐྱེམས་བཤམས་སྲོལ་མི་འདུག། །གནམ་ལྕགས་སྤུ་གྲིའི་རཀྟ་བསྒྲལ་མཆོད་ཚར་ནས་གཏོར་མར་སྦྲན། དམ་ཅན་སྤྱི་གཏོར་)གཞི་བདག་ཆེན་པོ་(སོགས་དང་ཕྲིན་བཅོལ་མཇུག་རྣམས་ལ་ཚིག་གཉིས་གོང་ནས་རྒྱ་གླིང་། འགུགས་པར་)ཁུག་ཅིག་(ལ་རཀྟ་དང་)ཨོཾ་ཨཱཿཧཱུྃ་(ལ་བདུད་རྩི་བྲན། ཚོགས་བསྒྲལ་ཞལ་བསྟབ་ལ་ནང་མཆོད་བྲན། ལྷག་མར་ཚོགས་ཆང་མཁའ་དབྱིངས་རྒྱའི་སྟེང་ནས་བླུགས་དགོས། མཁའ་དབྱིངས་རྒྱ་ཐལ་མོ་སྦུག་སྟེ་མཐེབ་མཛུབ་རྩེ་སྤྲད། ལྷག་མ་དང་ཆད་བརྟན་སོགས་ལ་མཚན་མོ་དཔལ་འབར་དང་ཉིན་མོ་སྤོས་མེ། རབ་གནས་སྦྱོང་བའི་སྐབས་ལས་རྡོར་གྱིས་ཕྱག་དང་ཞྭ་བཅས།)རབ་ཏུ་གནས་པའི་རྟེན་རྣམས་ལ་ཞི་བའི་སྒོ་ནས་སྦྱོང་བ་གནང་བར་ཞུ། ཨོཾ་སརྦ་(སོགས་ལ་ལག་གཉིས་རྡོར་ཐལ་གྱེན་བསྟན་གྱི་གཡས་པས་གཏོར་མ་པད་སྦུག་གཡས་སུ་ལན་གསུམ་བསྐོར་ཞིང་ཅུང་ཟད་གཡོན་བསྐོར་གྱིས་གཡོན་པའི་ཁར་འཇོག་སྟེ་གཡས་པས་པད་སྦུབས་སེ་གོལ་བཅས་ལན་གསུམ། ཡང་ལས་རྡོར་གྱིས་ཕྱག་དང་ཞྭ་བཅས།)རབ་ཏུ་གནས་པའི་རྟེན་རྣམས་ལ་ཞི་དྲག་ཕྱེད་མའི་སྒོ་ནས་སྦྱོང་བ་གནང་བར་ཞུ། ཨོཾ་སུམྦྷ་ནི་(སོགས་ལ་(1བ)ལག་གཡོན་ཐལ་མོ་གྱེན་བསྟན་དང་། གཡས་ཁུར་ཚུར་ཁ་སྦུབས་ཀྱི་ཏིང་ལོ་གཡོན་དུ་ལན་གསུམ་བསྐོར་ཞིང་གཡོན་པར་འཇོག་སྟེ་གཡས་པས་པད་སྦུབས་སེ་གོལ་བཅས་ལན་གསུམ། ཚོགས་མང་གིས་ཞི་སྦྱོང་ལ་པད་སྐོར་མཛོད་རྒྱ། ཕྱེད་མར་རྡོར་གསོར་དྲིལ་གསིལ། ཡང་ལས་རྡོར་གྱིས་ཕྱག་དང་ཞྭ་བཅས།)རབ་ཏུ་གནས་པའི་རྟེན་རྣམས་ལ་དྲག་པོའི་སྒོ་ནས་སྦྱོང་གནང་བར་ཞུ། ན་མོ། རིག་འཛིན་(སོགས་གཏོར་མའི་སྣོད་ནང་ཏིང་ལོ་བླུགས་ཏེ་ཕྱིར་དཔག །ཏིལ་སྦྱོང་ལ་སློབ་དཔོན་མདུན་མེ་གཡས་དང་ཆུ་གཡོན་དུ་བཤམས་ལ། ལག་གཉིས་ཁུ་ཚུར་གྱེན་བསྟན་གྱིས་གཡས་སུ་བསྐོར་ཞིང་ཅུང་ཟད་ནང་བསྐོར་གྱིས་ལག་གཉིས་ཁུ་ཚུར་དེ་མུར་གཡས་སྟེང་དང་གཡོན་འོག་ཏུ་བྱས་ཏེ་བསྣོལ་བཞིན་མདུན་གྱི་མེ་ཆུར་དོར། གནས་འདྲེན་དུག་སྦྱོང་ལ་བུམ་སྒྲོས་རྒྱས། ས་ཆུ་མེ་རླུང་ཀྱང་གཡས་བསྐོར་གྱིས་དོར། ཆ་གསུམ་སྐབས། གནོད་སྦྱིན་རྒྱ་ཁུ་ཚུར་མདུན་གཤིབས། མེའི་རྒྱ་ཁུ་ཚུར་གྱེན་བསྟན་མཛུབ་རྩེ་སྤྲད། འབྲུ་གསུམ་རང་རྒྱ།)ཕྱོགས་སྐྱོང་འཇིག་རྟེན་(སོགས་ལ་རྡོར་གསོར་དྲིལ་གསིལ།)པདྨ་ཀ་མ་ལར་(ཐལ་མོ་གྱེན་བསྟན།) ཨརྒྷཾ༴ ཤཔྡ(ར་བཞི་སིལ།)ཨོཾ་ཨིནྡྲ་ཡ་(སོགས་ལ་པད་སྐོར་དང་མཛོད་རྒྱ་སེ་གོལ།)དབང་པོ་རྡོ་རྗེ་འཆང་བའི་(སོགས་ཡོ་སྤྱི་ཕྱེད་ཕྱག །)ཤར་ཕྱོགས་རྡོ་རྗེ་ཅན་(ནས་ལྷུག །)གཙྪ(ར་སེ་གོལ།)ལྷ་དང་ལྷ་མིན་(སོགས་ལྷུག་འདོན།) ཨརྒྷཾ༴ ཤཔྡ(ར་བཞི་སིལ།) དཱེ་ཝ་(སོགས་པད་སྐོར་མཛོད་རྒྱ་སེ་གོལ།)འབྱུང་པོ་གང་དག་(སོགས་(2ན)ལྷུག) ། ཡེ་དྷརྨ(ར་ལག་གཡས་སྐྱབས་སྦྱིན་རྒྱ།)སརྦ་ལོ་ཀ(ར་སེ་གོལ།)ན་མོ། རྗེ་བཙུན་(སོགས་ལ་ཧཱུཾ་མཛད་རྒྱ།)འདིར་མཆིས་པར་གྱུར་ཅིག་(ལ་ལྕགས་ཀྱུའི་རྒྱ་དང་རྡོ་རྗེ་ཕྱི་ལ་གསོར།)ཨརྒྷཾ༴ ཤཔྡ(ར་བཞི་སིལ།)གུཾ་ཀ་རིར་(འགུགས་རྒྱ་སེ་གོལ།)གང་ཞིག་མཚན་མོ་(སོགས་གཅིག་དྲིལ། ཆོས་སྦྱིན་སྔར་བཞིན།) གཙྪ(ར་སེ་གོལ།)སུམྦྷ་ནི(ར་རོལ་དང་རྡོར་གསོར་གསུམ།)འབྱུང་པོ་གང་དག་(ལྷུག་གོ། །། ཛྙཱ་ནས་སོ།། །།)