DJYD-KABUM-23-A-033

From Dudjom Wiki
Revision as of 05:19, 1 June 2024 by Jeremi (talk | contribs)

DJYD-KABUM-23-A-033
Wylie title DJYD-KABUM-23-A-033.pdf
Location bdud 'joms rin po che bka' 'bum
Volume 23, Text 33, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)(གནོད་སྦྱིན་བཙན་རྒོད་འབར་བའི་གསོལ་མཆོད་ནི།) ཀྱཻ། པདྨ་དབང་གི་བཀའ་སྡོད་ཚེ། །བཙན་རྒོད་འབར་བ་མཆེད་བདུན་པོ། །དྲེགས་པ་སྡེ་བརྒྱད་ཚོགས་དང་བཅས། །མ་ཐོགས་མྱུར་དུ་ད་ཚུར་གཤེགས། །དམར་ཆེན་གཏོར་མ་སྨན་རཀ་བཅུད། །དགྲ་བོའི་ཤ་ཁྲག་རྐང་རུས་ཀླད། །དཔའ་སྐྱེམས་ལོངས་སྤྱོད་བསམ་མི་ཁྱབ། །མཁའ་དབྱིངས་གང་བའི་མཐུན་རྫས་ཀྱིས། །གསོལ་ལོ་མཆོད་དོ་དགྱེས་པར་རོལ། །ཐུགས་དམ་བསྐང་ལ་ཉམས་ཆག་བཤགས། །བསྟན་དགྲའི་ཤན་པར་མངའ་གསོལ་ལོ། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །རྣལ་འབྱོར་ལུས་དང་གྲིབ་ལྟར་འགྲོགས། །འགལ་རྐྱེན་གནོད་པའི་རིགས་རྣམས་སོལ། །མཐུན་རྐྱེན་བསམ་རྒུ་ཡིད་བཞིན་སྒྲུབས། །རྟག་ཏུ་སྡོང་གྲོགས་མེལ་ཚེ་མཛོད། །ཁྱད་པར་ཡིད་ལ་བརྣག་པའི་དོན། །གསང་ཆེན་བསྟན་དང་བསྟན་འཛིན་ལ། །ལོག་པར་འཁུ་བའི་བདུད་དགྲའི་རིགས། །གང་ཡིན་ཁྱེད་རྣམས་ཟས་སྐལ་དུ། །གཏད་པ་ཡིན་ནོ་ཤོར་ར་རེ། །སྐད་ཅིག་ཉིད་ལ་རྔམས་ཟས་གྱིས། །ངེས་གསང་སྙིང་པོའི་རིང་ལུགས་ཀྱི། །མངའ་ཐང་ཡོན་ཏན་དགུང་དུ་སྤོར། །(1བ)ཕྱོགས་ལས་རྣམ་རྒྱལ་རུ་མཚོན་ཕྱོར། །མ་གཡེལ་མ་འགྱངས་ས་མ་ཡ། །(ཞེས་པའང་ཉིང་འཁྲུལ་དུ་མི་དམར་བརྗིད་ཅན་ཁ་ཤས་བྱུང་ནས་ངེད་ཚོ་དཀའ་ལས་ཆེ་ཤོས་རྒྱག་མཁན་ཡིན་ཀྱང་ཅུང་སྣང་ཆུང་གནང་གི་མེད་དམ་ཞེས་མ་རང་བའི་གཏམ་ཟུར་སྨྲ་བ་ཞིག་རྨིས་པས་དེ་འཕྲལ་འདི་ཉིད་བྲིས་ཏེ་བསྐང་གསོ་བཏང་བས་ངོ་སོ་ཐོན་པའི་སྣང་བའང་བྱུང་ཞེས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།)