ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གནོད་སྦྱིན་བཙན་རྒྱལ་ཆེན་པོའི་བསྐང་གསོལ་ཕྲིན་ལས་ལྷུན་གྲུབ༔

From Dudjom Wiki
Revision as of 10:12, 4 September 2025 by Mort (talk | contribs) (Text replacement - "༴" to "༴ ")
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-085
Wylie title chos nyid nam mkha'i klong mdzod las: gnod sbyin btsan rgyal chen po'i bskang gsol phrin las lhun grub: TTDL-ZABTER-13-PA-085.pdf
Location bdud 'joms gling pa zab gter
Volume 13, Text 85, Pages 317-318 (Folios 1a1 to 1b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las gnod sbyin btsan rgyal chen po'i bskang gsol phrin las lhun grub. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 317-318. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskang gsol   Verso: bdud 'joms srung ma gnod sbyin tsi'u dmar
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog  ·  Protector Rituals - gsol mchod
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity gnod sbyin tsi'u dmar
Colophon

ཞེས་པ་འདི་རིགས་སྲས་རིག་འཛིན་ནོར་བུས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di rigs sras rig 'dzin nor bus bskul ngor bdud 'joms rdo rjes nam mkha'i mdzod las bsgyur ba'o/_/dge'o/_/dge'o/_/dge'o/_/sarba mang+ga laM//

[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གནོད་སྦྱིན་བཙན་རྒྱལ་ཆེན་པོའི་བསྐང་གསོལ་ཕྲིན་ལས་ལྷུན་གྲུབ་བཞུགས་སོ༔ དྡྂ།༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) ཤ་ཁྲག་དམར་གྱི་གཏོར་མ་བཤམས༔ རྟེན་སྙིང་དང་ནི་ནམ་མཁའ་མཛོད༔ སྔགས་ཀྱིས་སྤེལ་བསྒྱུར་གནད་ལྡན་པས༔ ཀྱཻ༔ གནོད་སྦྱིན་རྒྱལ་པོ་ཙི་མ་ར༔ སྤྲུལ་པ་བཙན་ཆེན་རོལ་པ་བདུན༔ བཀའ་སྡོད་རུ་འདྲེན་སྡེ་བཞི་དང་༔ མི་སྲུན་དྲེགས་པའི་འཁོར་དང་བཅས༔ རིག་འཛིན་པདྨ་འབྱུང་གནས་ཀྱི༔ བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ འབོད་དོ་གནས་འདིར་གཤེགས་སུ་གསོལ༔ བདག་གི་གྲོགས་སུ་སྲུང་མར་བཞུགས༔ ཤ་ཁྲག་དམར་གཏོར་རཀྟ་དང་༔ ཉེར་སྤྱོད་འདོད་ཡོན་སྣ་ཚོགས་ད༔ བཟའ་བཅའ་བཏུང་བ་ལྡག་གཞིབ་ཟས༔ དར་ཟབ་གོ་མཚོན་རིན་ཆེན་དཀོར༔ མཐུན་རྫས་འདོད་རྒུའི་དཔལ་ཡོན་ཚོགས༔ མི་ཟད་ནམ་མཁའ་མཛོད་དུ་སྤེལ༔ གནོད་སྦྱིན་ཙི་དམར་ཐུགས་དམ་བསྐང་༔ རོལ་པ་སྐྱ་བདུན་ཐུགས༴ འབར་བ་སྤུན་བདུན་ཐུགས༴ འབྱུང་ལྔའི་བཙན་ཆེན་ཐུགས༴ རུ་འདྲེན་སྡེ་བཞིའི་ཐུགས༴ འཁོར་དང་བཅས་པའི་ཐུགས་དམ་བསྐང་༔ གསོལ་ལོ་མཆོད་དོ་དགྱེས་དགོངས་འཚལ༔ ཕྲིན་ལས་གཉན་པོ་བཅོལ་བ་ནི༔ བདག་གི་མི་ནོར་འཁོར་བཅས་ལ༔ རྟག་ཏུ་སྲུང་ཞིང་སྐྱབས་མཛོད་ཅིག༔ མི་ཕྱུགས་མི་བདེའི་ནད་ཞི་ཞིང་༔ ཚེ་བསོད་དཔལ་འབྱོར་རབ་རྒྱས་ཏེ༔ སྣང་སྲིད་སྐྱེ་འགྲོ་དབང་དུ་སྡུས༔ དགྲ་བགེགས་མ་ལུས་རྡུལ་དུ་རློགས༔ དམ་ལ་མ་འདའ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ལྟར་གྲངས་ལྡན་བསྐྱར་གྱུར་ན༔ བཀའ་སྲུང་གཉན་པོ་བྲན་བཞིན་འཁོར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་རིགས་སྲས་རིག་འཛིན་ནོར་བུས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།