ལྟ་བའི་ཀློང་བཤགས།

From Dudjom Wiki
Revision as of 10:20, 4 September 2025 by Mort (talk | contribs) (Text replacement - "༴" to "༴ ")
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-15-BA-056
Wylie title lta ba'i klong bshags TTDL-ZABTER-15-BA-056.pdf
Location bdud 'joms gling pa zab gter
Volume 15, Text 56, Pages 261-262 (Folios 1a1 to 1b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Lta ba'i klong bshags. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 261-262. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: klong bshags   Verso: bdud 'joms zab gter
More details More details
Genre Confessions - bshags pa
Colophon

ཆོས་གསལ་གྱིས་དོ་གལ་ཆེན་པོས་འདི་འདྲ་ཞིག་ཡང་ཡང་དགོས་ཟེར་པའི་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པའོ། །དགེའོ། །མངྒ་ལཾ།།

chos gsal gyis do gal chen pos 'di 'dra zhig yang yang dgos zer pa'i ngor bdud 'joms rdo rjes smras pa'o/_/dge'o/_/mang+ga laM//

[edit]
༄༅། །ལྟ་བའི་ཀློང་བཤགས་བཞུགས་སོ།། ཧཱུྃ། སྐྱེ་མེད་ཆོས་དབྱིངས་ནམ་མཁའི་མཐའ་དང་མཉམ། །ཀ་དག་རྩལ་ལས་ལྷུན་གྲུབ་རོལ་པ་རུ༔ རང་བྱུང་ཡེ་ཤེས་སྐུ་གསུམ་ལྷུན་གྲུབ་ལྷ༔ སྒྱུ་འཕྲུལ་ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་དཔལ། །མངོན་གྱུར་རིག་པའི་ངང་ནས་བརྡ་ཕྱག་འཚལ། །དབྱིངས་དང་ཡེ་ཤེས་མཉམ་བརྡལ་ཆོས་ཉིད་ཆེ། །དཔང་དུ་བཙུག་གོ་ཉམས་ཆག་དག་ཚངས་སྩོལ། །དེ་ནས་ཚིག་རྗེས་དོན་དྲན་ནས་འགྱོད་ཚངས་དྲག་པོས་བཤགས་པ་འདི་བརྗོད་དོ།། ཀྱེ། ཀུན་ཏུ་བཟང་པོ་ཆོས་ཀྱི་སྐུ། །སངས་རྒྱས་ཀུན་ལས་སྔར་སངས་རྒྱས། །རང་ངོ་མ་ཤེས་འཁྲུལ་པའི་བག།ཡུལ་མེད་ཆེན་པོར་མཐོལ་ཞིང་བཤགས༔ འཁོར་འདས་དག་མཉམ་ཁྱབ་བརྡལ་དབྱིངས། །མ་རིག་ངར་འཛིན་དྲི་མས་སྒྲིབ། །བག་ཆགས་རྐྱེན་སྣང་འཐས་པ་ཡིས། །རྒྱུ་རྐྱེན་རྟེན་འབྲེས་དབྱིངས་སུ་བཤགས། །ངར་འཛིན་ཤེས་པ་གཅིག་པུའི་གདངས། །སྣོད་བཅུད་འདོད་ཡོན་སྣང་བར་ཤར། །གཉིས་མེད་གཉིས་སུ་འཛིན་པའི་བག།ཆོས་ཉིད་དག་མཉམ་ཆེན་པོར༴ ཡིན་པ་མེད་ལ་མིན་པ་མེད། །ཡིན་མིན་ཉེར་ལེན་རེ་དོགས་པའི། །ཞེན་ཆགས་དགག་སྒྲུབ་འཁྲུལ་པའི་སེམས། །ཡིན་མིན་མེད་པའི་མལ་དུ་བཤགས། །ས་དང་ལམ་མེད་འབྲས་བུ་མེད། །རང་ངོར་རང་སངས་རྒྱས་པ་ཉིད། །གང་གིས་མ་བཅོས་ཉིད་ལ་གྲོལ། །རྒྱུ་འབྲས་མངོན་རློམ་ཞེན་གོལ༴ མདོར་ན་ཁམས་གསུམ་འཁོར་བ་རུ། །འཁྲུལ་པའི་རྒྱུ་རྐྱེན་རྟེན་འབྲེལ་ཆོས། །བདག་མེད་ཡུལ་མེད་ཆེན་པོར་བཤགས། །བཤགས་བྱ་བཤགས་བྱེད་གཉིས་མེད་དུ། །ཆོས་ཉིད་ཆམ་བརྡལ་ཆེན་པོའི་ཀློང་། །དག་ནས་མངོན་སངས་རྒྱས་པ་རུ། །ཆོས་ཉིད་བདེན་པས་བྱིན་གྱིས་རློབས།ཡི་གེ་བརྒྱ་པ་བརྗོད་དོ། །ཆོས་གསལ་གྱིས་དོ་གལ་ཆེན་པོས་འདི་འདྲ་ཞིག་ཡང་ཡང་དགོས་ཟེར་པའི་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པའོ། །དགེའོ། །མངྒ་ལཾ།། །།