ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྒྲུབ་པའི་ཆ་ལག་སྒོ་དབྱེ་ཡེ་ཤེས་གསལ་བའི་སྒོ་འབྱེད༔

From Dudjom Wiki
Revision as of 01:26, 9 October 2025 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-10-THA-057
Wylie title chos nyid nam mkha'i klong mdzod las: sgrub pa'i cha lag sgo dbye ye shes gsal ba'i sgo 'byed: TTDL-ZABTER-10-THA-057.pdf
Location bdud 'joms gling pa zab gter
Volume 10, Text 57, Pages 521-522 (Folios 1a1 to 1b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las sgrub pa'i cha lag sgo dbye ye shes gsal ba'i sgo 'byed. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 10: 521-522. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: sgo dbye   Verso: bdud 'joms khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Severance Texts - gcod gzhung
Cycle བདུད་འཇོམས་ཁྲོས་མ་ (bdud 'joms khros ma)
Parent Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity khros ma nag mo
Colophon

ཞེས་པ་འདི་ཡང་ཆེ་མཆོག་གིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ།།

zhes pa 'di yang che mchog gis bskul ngor bdud 'joms rdo rjes nam mkha'i mdzod las bsgyur ba'o/_/dge'o//

[edit]
དྡྲྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྒྲུབ་པའི་ཆ་ལག་སྒོ་དབྱེ་ཡེ་ཤེས་གསལ་བའི་སྒོ་འབྱེད་བཞུགས་སོ༔ ན་མོ་པདྨ་ཀ་ར་ཡེ༔ སྒྲུབ་པའི་དཀྱིལ་འཁོར་སྒོ་དབྱེ་ལ༔ ཕུད་རྒོད་བཤམས་ཏེ་ཡེ་ཤེས་ཀྱི༔ བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབས༔ ཛཿ རྡོ་རྗེའི་རིགས་ཀྱི་ཕྱག་རྒྱ་མོ༔ སྙིང་རྗེའི་སྒོ་མ་ལྕགས་ཀྱུ་མས༔ མེ་ལོང་ཡེ་ཤེས་ཤར་སྒོ་ཕྱེས༔ སྡུག་བསྔལ་བག་ཆགས་ཞི་བ་དང་༔ རྡོ་རྗེ་རིགས་ཀྱི་དངོས་གྲུབ་སྩོལ༔ བཛྲ་པྲ་བེ་ཤ་ཡ་ཕཊ༔ ཧཱུྃ༔ རིན་ཆེན་རིགས་ཀྱི་ཕྱག་རྒྱ་མོ༔ བྱམས་པའི་སྒོ་མ་ཞགས་པ་མས༔ མཉམ་ཉིད་ཡེ་ཤེས་ལྷོ་སྒོ་ཕྱེས༔ ཚེ་བསོད་ཡེ་ཤེས་དཔལ་ཡོན་རྒྱས༔ རིན་ཆེན་རིགས་ཀྱི་དངོས་གྲུབ་སྩོལ༔ རཏྣ་པྲ་བེ་ཤ་ཡ་ཕཊ༔ བཾ༔ པདྨ་རིགས་ཀྱི་ཕྱག་རྒྱ་མོ༔ དགའ་བའི་སྒོ་མ་ལྕགས་སྒྲོག་མས༔ སོར་རྟོག་ཡེ་ཤེས་ནུབ་སྒོ་ཕྱེས༔ ཁམས་གསུམ་དབང་དུ་སྡུད་པ་དང་༔ པདྨ་རིགས་ཀྱི་དངོས་གྲུབ་སྩོལ༔ པདྨ་པྲ་བེ་ཤ་ཡ་ཕཊ༔ ཧོཿ ལས་ཀྱི་རིགས་ཀྱི་ཕྱག་རྒྱ་མོ༔ བཏང་སྙོམས་སྒོ་མ་དྲིལ་བུ་མས༔ བྱ་གྲུབ་ཡེ་ཤེས་བྱང་སྒོ་ཕྱེས༔ ཕྲག་དོག་དགྲ་བགེགས་ཚར་གཅོད་ཅིང་༔ ལས་ཀྱི་རིགས་ཀྱི་དངོས་གྲུབ་སྩོལ༔ ཀརྨ་པྲ་བེ་ཤ་ཡ་ཕཊ༔ ཧོཿ ཡེ་ཤེས་སྒོ་མ་ཁྱེད་རྣམས་ཀྱིས༔ ལྷ་རྣམས་བདག་གི་མོས་ངོ་རུ༔ གནས་སྤོར་དངོས་གྲུབ་ཞུ་བསྐུལ་མཛོད༔ གཏོར་མ་ལས་ཀྱི་མཚོན་ཆ་རུ༔ བསྒྱུར་ཏེ་དགྲ་བགེགས་སྲོག་ལ་ཕོབ༔ ཟག་མེད་ཡེ་ཤེས་བདུད་རྩི་རོལ༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཡང་ཆེ་མཆོག་གིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ།། །།