ཁྲོས་མའི་ལས་བྱང་འབྲིང་པོའི་ཚོགས་སྐོང་འདོན་འགྲིགས།

From Dudjom Wiki
Revision as of 02:53, 9 October 2025 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-11-DA-028
Wylie title khros ma'i las byang 'bring po'i tshogs skong 'don 'grigs TTDL-ZABTER-11-DA-028.pdf
Location bdud 'joms gling pa zab gter
Volume 11, Text 28, Pages 437-443 (Folios 1a1 to 4a6)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Khros ma'i las byang 'bring po'i tshogs skong 'don 'grigs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 11: 437-443. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: 'don 'grigs   Verso: bdud 'joms khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Liturgical Arrangements - 'don 'grigs  ·  Notes - zin bris
Cycle བདུད་འཇོམས་ཁྲོས་མ་ (bdud 'joms khros ma)
Parent Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity khros ma nag mo
Colophon

།ཞེས་པའང་བློ་གསར་བུ་རྣམས་ལ་ཕན་པའི་ཕྱིར་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཟིན་བྲིས་སུ་བཏབ་པ་དགེ།

zhes pa'ang blo gsar bu rnams la phan pa'i phyir du 'jigs bral ye shes rdo rjes zin bris su btab pa dge/

[edit]
༄༅། །ཁྲོས་མའི་ལས་བྱང་འབྲིང་པོའི་ཚོགས་སྐོང་འདོན་འགྲིགས་ནི། ཐོག་མར་དབང་སྡུད་ཟིལ་གནོན། ཕཊ་ཕཊ་ཕཊ༔ སྟོང་གསུམ་གྱི་སོགས། རྐང་གླིང་གསུམ་འབུད་བཅས་ཌཱ་དྲིལ་འུར་ཆེམས་ཀྱིས། ཕཊ༔ མ་དབུས་ཕྱོགས་སོགས་མཐར་ཌཱ་འུར་བཞག་ཐབས། དེ་ནས་ ཧཱུྃ། ཨོ་རྒྱན་ཡུལ་གྱི་སོགས་ཚིགས་བདུན་མ་ལན་གསུམ། དགོངས་པའི་གནད་བསྐུལ། ཨེ་མ་ཧོཿ རྒྱལ་ཀུན་དགོངས་པ་སོགས། མུ་ཏིག་ཕྲེང་མཛེས། ཨེ་མ་ཧོཿ ཁྱབ་བདག་གདོད་མའི་སོགས། སྐུ་ཕྲེང་གསོལ་འདེབས། ཨེ་མ་ཧོཿ བདེ་གཤེགས་སྙིང་པོའི་སོགས་མཐར། རྐང༣་ཌཱ་འུར་བཅས་རྡོ་རྗེའི་གྲོང་འཕོ། ཕཊཊཊ༔ རང་སྣང་དོན་གྱི་སོགས་མཐར་ཌཱ་འུར་བཞག་ཕྱེད། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་སོགས་ཤློ་ཀའི་མཐར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་དང་གཉིས་སུ་མེད་པའི་རྒྱལ་ཡུམ་ཁྲོས་མ་ནག་མོ་ལ་ཕྱོགས་བཅུ་དུས་བཞིའི་སྐྱབས་ཡུལ་མ་ཚང་བ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེའི་བསྡུ་རྒྱ་ནས། ཕཊ༔ གཞི་སྣང་ལྷུན་གྲུབ་སོགས་སྐྱབས་སེམས་ལན་གསུམ་དང་། ཕཊ༔ མ་ཁྱབ་བདག་ཡེ་ཤེས་སོགས་ཡན་ལག་བདུན་པ་བཅས་ལ་རྡོར་གསོར་དྲིལ་གསིལ། ས་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་གྱུར། རྐང༣་བཅས་ཌཱ་དྲིལ་འུར་ཆེམས་ཀྱིས། ཕཊ༔ ཀ་དག་སྤྲོས་བྲལ་སོགས་བྱིན་འབེབས་མཐར་རྐང༣་ཌཱ་འུར་ནས། ཕཊ༔ སྣང་བ་མཐའ་བྲལ་སོགས་མཆོད་རྫས་བྱིན་བརླབས་མཐར་རྐང༣་ཌཱ་འུར་གྱིས། ཕཊཊཊ༔ ཡེ་གཞི་ཀ་དག་སོགས་ལྷ་བསྐྱེད་མཐར། རྫོགས་པ་ཆེན་པོའི་ངང་དུ་ཞིག༔ ཅེས་ཌཱ་རུ་བཅད༔ དེ་ལྟར་གསལ་བའི་སོགས་ལྷུག་འདོན། སྔགས་ལན་གསུམ་རིང་རྡོར་གསོར་དང་དྲིལ་གསིལ་མཐར་རྡོ་རྗེ་ནང་འདྲེན། རྐང༤་བཅས་ཌཱ་འུར་གྱིས། ཕཊ༔ སྐྱེ་འགགས་འགྱུར་མེད་སོགས་སྤྱན་འདྲེན་མཐར་རྐང༣་ཌཱ་འུར་ནས། ཕཊ༔ མ་བཅོས་ལྷུན་གྲུབ་སོགས་བཞུགས་གསོལ་ཕྱག་འཚལ་སྦྲེལ་མཐར་ཌཱ་འུར་ནས། ཕཊ༔ སྣང་སྲིད་གཟུང་འཛིན་སོགས་མཆོད་མཐར་རྐང༡་བཅས་ཌཱ་འུར་ནས། ཕཊ༔ མ་ཐིག་ལེ་སོགས། དགོངས་པར་རློབས༔ ཞེས་ཌཱ་རུ་བཅད། མ་མཁའ་འགྲོའི་སོགས་ཡིག་བརྒྱ་ལ་ཌཱ་དྲིལ་འུར་ཆེམས་ནས་བཞག་ཐབས་ཀྱིས་ཌཱ་དྲིལ་རང་གནས་སུ་འཇོག། ཧཱུྃ༔ རང་ཉིད་ཁྲོས་མའི་སོགས་ཀྱིས་འཛབ་དམིགས་གསལ་བཏབ་ལ་བསྙེན་པ༡༠༠༠། རྒྱལ་བའི་དཀྱིལ་འཁོར་སོགས་ཀྱིས་སྒྲུབ་སྔགས༥༠༠། མེ་དཔུང་མཚོན་ཐུན་སོགས་ཀྱིས་ལས་སྔགས༡༠༠་ཙམ་བཟླས་རྗེས། མ་ཅིག་ཁྲོས་མ་ནག་མོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་སྐད་ཅིག་ད་ལྟ་ཉིད་དུ་འགྲུབ་པར་གྱུར་ཅིགཨ་ཨཱ། ཨི་ཨཱི། སོགས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཅས་སྦྲེལ་ཏེ་ལན་གསུམ་མཐར། ཕཊ༔ སྣང་སྲིད་གཟུང་འཛིན་སོགས་མཆོད་པའི་སྔགས་ལ་ཌཱ་འུར་ཉིས་བཅད། ཕཊ༔ མ་ཐིག་ལེ་སོགས་ནས། དགོངས་པར་རློབས༔ ཞེས་བསྟོད།དེ་ནས་གསོལ་ཁ་ལ་སྲོག་བདག་རྣམ་བཞི། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་ཝ༴ ཨོཾ་ཨཱཿཧཱུྃ༔ ལན་གསུམ་མཐར་རྐང༣་བཅས་ཌཱ་འུར་གྱིས། ན༔ འོག་ཕྱོགས་འཇིག་རྟེན་སོགས་ནས། བ་ལིཾ་ཏ་ཁཱ་ཧི༔ ཞེས་ཌཱ་བཅད། ན་མོ། དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཤ་ཁྲག་དམར་གྱི་གཏོར་མ་འདི་ལ་ཁུག་ཅིག ཨོཾ་ཨཱཿཧཱུྃ༔ ལན་གསུམ་མཐར་རྐང༣་བཅས་ཌཱ་འུར་ནས། ཡ༔ ལྷོ་ཕྱོགས་འཇིགས་རུང་སོགས། བ་ལིཾ་ཏ་ཁཱ་ཧི༔ ཞེས་ཌཱ་བཅད། ན་མཿ སརྦ་སོགས་མཛོད་སྔགས་ལན་གསུམ་མཐར། རྐང༣་བཅས་ཌཱ་འུར་ནས། ཙ༔ ནུབ་ཕྱོགས་བཙན་ཡུལ་སོགས། ཁཱ་ཧི༔ ཞེས་ཌཱ་བཅད། ཡང་མཛོད་སྔགས་མཐར། རྐང༣་བཅས་ཌཱ་འུར་ནས། མ༔ བྱང་ཤར་མུ་ལེ་སོགས། བ་ལིཾ་ཏ་ཁཱ་ཧི༔ ཞེས་ཌཱ་བཅད། ཨོཾ་བཛྲ་ཀྲོ་དྷི་སོགས་རྩ་སྔགས་ལན་གཅིག་བརྗོད་པས་ཡི་དམ་གྱི་ང་རྒྱལ་བསྐྱེད་ནས། ཌཱ་བཅས་གཟའི་མངོན་རྟོགས། ཧཱུྃ༔ མདུན་དུ་དུར་ཁྲོད་སོགས། གཉིས་མེད་གྱུར༔ ཞེས་ཌཱ་བཅད། རྡོར་གསོར་དྲིལ་གསིལ་བཅས། ཧོ་དགོངས་སུ་གསོལ་སོགས་ལན་གསུམ་མཐར། རྐང༣་བཅས་ཌཱ་འུར་ནས། ཀྵཿ དད་པ་དང་ནི་སོགས་ནས་མཆོད་བསྟོད་མཐར། མ་འདའ་ས་མ་ཡ༔ ཞེས་ཌཱ་བཅད། བདག་ཡི་དམ་སོགས་ཀྱིས་འབོད་སྔགས༡༠༠། རྦད་སྔགས༥༠། བསད་སྔགས༣༥་ཙམ་བཟླས་མཐར། རཾ་ཡཾ་ཁཾ༔ ཨོཾ་བཛྲ་ཨ་མྲྀ་ཏ༴ ན་མཿ སརྦ་སོགས་མཛོད་སྔགས་ལན་གསུམ་མཐར། རྐང༣་བཅས་ཌཱ་འུར་ནས། ཛཿ ནམ་མཁའི་ཀློང་དང་སོགས། སྒྲོལ་ཅིག་ས་མ་ཡ༔ ཞེས་ཌཱ་བཅད། ཨོཾ་བཛྲ་ཨ་མྲྀ་ཏ༴ སྭ་བྷཱ་ཝ༴ སྟོང་པའི་ངང་ལས་སོགས་མཛོད་སྔགས་ལན་གསུམ་མཐར་ཌཱ་འུར་ནས། ཨོཾ་ཨཱཿཧཱུྃ༔ ཆོས་ཉིད་སྒྱུ་མར་སོགས་སྤྱིའི་གསོལ་བསྡུས་མཐར། ས་མ་ཡ༔ ཞེས་ཌཱ་འུར་བཞག་ཐབས།དེ་ནས་བཤགས་པ་ལ། རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་གྱུར། ཨེ་མ་ཧོཿ རང་གི་མདུན་གྱི་སོགས་ནས་ཞི་བར་ཡིག་བརྒྱ་གྲངས་གང་འོས་དང་། ཁྲོ་བོ་ལའང་དེ་མཚུངས། ཧཱུྃ༔ སྣང་བ་སྣོད་ཀྱི་སོགས་སྨན་རཀ་གཏོར་མ་མར་མེ་རྣམས་ཀྱི་མཚམས་སུ་ཌཱ་རུ་འུར་ཆེམས་ཉིས་བཅད་རེ། ཧོཿ ཉན་ཐོས་རང་རྒྱལ་སོགས་ནས། སངས་རྒྱས་ཤོག༔ བར།དེ་ནས་ཚོགས་གྲངས་བསགས་སྐབས་ཁྲོས་ཆུང་གི་ཚོགས་བསྡུས། ཌཱ་འུར་ནས། ཕཊ༔ བེམ་པོ་ཚོགས་དང་སོགས། དག་མཉམ་རོལ༔ ཞེས་ཌཱ་བཅད། ཕཊ༔ ཕྱི་ནང་གསང་བའི་སོགས། ས་ཐོབ་ཤོག༔ ཌཱ་བཅས། ཕཊ༔ དངོས་འབྱོར་ཡིད་ཀྱིས་སོགས། ཡོངས་གྲུབ་མཛོད༔ ཡང་། བེམ་པོ་ཚོགས་དང་སོགས་སྦྲེལ་ཏེ་གྲངས་གང་འོས་བསགས༔ དེ་ནས་གཞུང་གི་ཚོགས། ཕཊ༔ རང་རིག་ཡེ་ཤེས་སོགས། རྫོགས་པར་གྱུར༔ ཕཊ་ཕཊ་ཕཊ༔ རྐང༣་བཅས་ཌཱ་འུར་ནས། ཕཊ༔ རང་སྣང་དོན་གྱི་སོགས་ནས། སྐུར་བཞེངས་དུས་ལ་བབ༔ ཕཊ་ཕཊ་ཕཊ༔ ཅེས་རྐང༣་བཅས་ཌཱ་འུར་ནས། ཕཊ་ཕཊ་ཕཊ༔ བཀའ་བརྒྱུད་བླ་མ་སོགས། ཡི་རང་ཚིམ་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ ཅེས་ཌཱ་བཅད། ན་མཿ སརྦ་སོགས་མཛོད་སྔགས་ལན་བདུན་མཐར་བསྐང་བ། ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་འདོད་ཡོན་སོགས། བྱིན་གྱིས་རློབས༔ རྐང༣་བཅས་ཌཱ་འུར་ནས། ཕཊ་ཕཊ་ཕཊ༔ གཞི་དབྱིངས་གྲྭ་ཟུར་སོགས། རྒྱ་མཚོ་སྟོང་གྱུར་ཅིག༔ ཅེས་ཌཱ་འུར་ནས་བཞག་ཕྱེད། དཔང་གྱུར་དཀོན་མཆོག་སོགས། དངོས་གྲུབ་སྩོལ༔ ཡིག་བརྒྱར་དྲིལ་གསིལ། ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཚོགས་ཐ་མ་དམིགས་པའི་རྟེན་འདི་ལ་ཁུག་ཅིག༔ ཛཿཧཱུྃ་བཾ་ཧོཿ རྐང༣་ཌཱ་འུར་ནས། ཕཊ་ཕཊ་ཕཊ༔ ཡེ་ཤེས་ལྔ་ཡི་སོགས། ས་ལ་སྦྱོར༔ ཕཊ་ཕཊ་ཕཊ༔ ཅེས་རྐང༣་བཅས་ཌཱ་འུར་ནས། དུག་གསུམ་ཉོན་འཁྲུལ་སོགས། ཁཱ་ཧི་སྟོབ༔ ཕཊ་ཕཊ་ཕཊ༔ ཅེས་ཌཱ་འུར་ནས་གནས་ཡུལ་བསྐང་བ། ཧཱུྃ༔ སྣང་སྲིད་དག་པ་སོགས། གདིང་ཐོབ་ཤོག༔ ཅེས་ཌཱ་འུར་བཞག་ཐབས། ཨོཾ་ཨཱཿཧཱུྃ༔ གསང་སྔགས་བླ་ན་སོགས། སིདྡྷི་ཕ་ལ་ཧཱུྃ་ཨཱཿ བར་འདིར་བསམ་ལྷུན་སོགས་གསོལ་འདེབས་གང་འོས་བྱ། ལྷག་མ་ལ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། ལྷག་མའི་གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་འདོད་ཡོན་བདུད་རྩིའི་ཕུང་པོར་གྱུར༔ རྐང༣་བཅས་ཌཱ་འུར་ནས། ཕཊ༔ རྡོ་རྗེ་རིགས་ཀྱི་སོགས། ཁཱ་ཧི༔ ཞེས་ཌཱ་འུར་བཞག་ཐབས། ཡེ་ཤེས་མཁའ་འགྲོའི་གྲོང་ཁྱེར་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག། ཅེས་སྨོན་ལམ་བཏབ། ན་མོ། དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཤ་ཁྲག་དམར་གྱི་གཏོར་མ་འདི་ལ་ཁུག་ཅིགཛཿཧཱུྃ་བཾ་ཧོཿ རྐང་གསུམ་བཅས་ཌཱ་འུར་ནས་ཁྲོས་ཆུང་གི་བསྐུལ་བ། ཧཱུྃ༔ སྤྲོས་བྲལ་བདེ་བ་སོགས། ཆེན་པོར་སྒྲོལ༔ ཅེས་རྐང༣་བཅས་ཌཱ་འུར་ནས། ཕཊ༔ དཔལ་མགོན་བདུན་ཅུ་སོགས། དམ་ཚིག་གོ༔ ཞེས་ཌཱ་འུར་ནས་བཞག་ཕྱེད། ན་མོ། དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བདེན་པས་གནོད་བྱེད་དམ་སྲི་སྒབ་འདྲེ་ལོག་པར་འདྲེན་པ་ཐམས་ཅད་གཏོར་གཞོང་རི་རབ་འབར་བའི་འོག་ཏུ་ཁུག་ཅིགཛཿཧཱུྃ་བཾ་ཧོཿ ཌཱ་འུར་ནས། ཕཊ༔ ཡེ་ཤེས་ལྔ་ཡི་སོགས། སྟྭཾ་བྷ་ཡ་ནན༔ ཞེས་ཌཱ་འུར་བཞག་ཐབས། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྚིཾ་ཀུ་རུ་ཧོཿ ཞེས་གཏོར་གཞོང་དུ་འབྲུ་འཐོར། ཕཊ༔ སྐུ་གསུམ་སྒྱུ་འཕྲུལ་སོགས། སིདྡྷི་ཕ་ལ་ཧཱུྃ༔ ཕཊ༔ སྣང་སྲིད་གཟུང་འཛིན་སོགས་མཆོད་པའི་སྔགས་ལ་ཌཱ་འུར་ཉིས་བཅད། ཕཊ༔ མ་ཐིག་ལེ་སོགས་ནས། དགོངས་པར་རློབས༔ བར། ཕཊ༔ བདག་གི་ཚེ་རབས་སོགས་ཡིག་བརྒྱར་ལན་གསུམ་དྲིལ་གསིལ། ཕཊ༔ བདག་གི་དུས་གསུམ་སོགས་ལན་གསུམ། ཕཊ༔ སྣོད་བཅུད་སྣང་སྲིད་སོགས། ཆེན་པོར་སྤྱོད༔ ཕཊ་ཕཊ་ཕཊ༔ ཨོཾ་ཡེ་དྷརྨ་སོགས། དཀོན་མཆོག་གསུམ་གྱི་སོགས། ཕུན་ཚོགས་བཀྲ་ཤིས་ཤོག༔ ཅེས་ཌཱ་འུར་ཆེམས་སུམ་ཕྲུགས་མཐར་བཞག་ཐབས་བྱ། དེ་ནས་རྒྱུན་སྲོལ་སྨོན་ལམ་གང་འོས་ཀྱིས་ལེགས་པར་གྲུབ་བོ། །ཞེས་པའང་བློ་གསར་བུ་རྣམས་ལ་ཕན་པའི་ཕྱིར་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཟིན་བྲིས་སུ་བཏབ་པ་དགེ། །།