ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁའ་འགྲོ་ཁྲོས་མའི་ཆ་ལག་ལུས་གདོན་མཁའ་འགྲོའི་ཞལ་བསྟབ༔

From Dudjom Wiki
Revision as of 12:48, 30 October 2025 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

DUDJOM-THROMA-035
Wylie title chos nyid nam mkha'i klong mdzod las: mkha' 'gro khros ma'i cha lag lus gdon mkha' 'gro'i zhal bstab: DUDJOM-THROMA-035.pdf
Location khros ma'i sgrub skor
Volume 1, Text 35, Pages 251-260 (Folios 1a1 to 5b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las mkha' 'gro khros ma'i cha lag lus gdon mkha' 'gro'i zhal bstab. In Khros ma'i sgrub skor: 251-260. Kalimpong: Mani Dorji, 1979.
Side notes Recto: bstab pa   Verso: bdud 'joms khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Severance Texts - gcod gzhung
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity khros ma nag mo
Colophon

ཞེས་པ་འདི་ནི་བོ་ཆུང་གཞན་ཕན་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་མཁྱེན་རབ་རྒྱ་མཚོའོ། །དགེའོ། །ལེགས་སོ།།

zhes pa 'di ni bo chung gzhan phan gyis nan du bskul ngor khrag 'thung bdud 'joms rdo rjes chos nyid nam mkha'i mdzod las bsgyur ba'i yi ge pa ni mkhyen rab rgya mtsho'o/_/dge'o/_/legs so//

[edit]
ཕྚ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁའ་འགྲོ་ཁྲོས་མའི་ཆ་ལག་ལུས་གདོན་མཁའ་འགྲོའི་ཞལ་བསྟབ་བཞུགས་སོ༔


ཕྚ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) བདུད་གཅོད་ཟབ་མོ་ཉམས་ལེན་པའི༔ རྣལ་འབྱོར་ཅན་ལ་མི་བདེ་བའི༔ ཟུག་རྔུ་བྱུང་ཚེ་འདིར་བརྩོན་པས༔ ཕྱི་ནང་བར་ཆད་གེགས་སྒྲོལ་བྱེད༔ དེ་ལ་ཟན་གྱི་བམ་གཟུགས་བཅའ༔ གཏོར་མ་ཆངས་བུ་ཤ་དུམ་ནི༔ བཅུ་བཅུ་བཤམ་ལ་སྐྱབས་སེམས་བསྒོམ༔ དེ་ནས་བསྟབ་པའི་ཐབས་བརྩོན་པ༔ དམིགས་པ་གཞན་དུ་མ་ཡེངས་གཅེས༔ ས་མ་ཡ༔ ཕཊ༔ རང་དང་བསྲུང་བྱའི་རིག་པ་དབྱེར་མེད་པ་དེ་སྐར་ཁུང་ནས་མདའ་འཕང་བ་ལྟར་སྟེང་གི་ནམ་མཁར་འཕོས༔ ཕཊ༔ བརྗོད་པ་ཙམ་གྱིས་མཁའ་ལས་གློག་འཁྱུགས་པའམ་ཆུ་ལས་ཆུ་ལྦུར་རྡོལ་བ་ལྟར་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོ་སྐུ་སྟོད་གཟུགས་མེད་ཁམས་སུ་འགྱིང་ཞིང་༔ སྐེད་པ་གཟུགས་ཀྱི་ཁམས་ཀུན་གང་བ༔ སྐུ་སྨད་ཀྱིས་འདོད་པའི་ཁམས་ཡོངས་སུ་གང་ཞིང་ཁྱབ་པ༔ ཕྱག་གཡས་རལ་གྲི་དང་གཡོན་སྡིགས་མཛུབ་མཛད་པའི་སྐུར་གྱུར༔ ཕཊ༔ གཟུགས་ཕུང་ལུས་གདོན་དང་བཅས་པ་བམ་གཟུགས་ལ་ཐིམ་པས་གཉིས་སུ་མེད་པ་ཆུ་དང་འོ་མ་བསྲེས་པ་ལྟར་གྱུར་པ་ལ༔ གནོད་བྱེད་ནད་ནད་བདག་དང་བཅས་པ་གདོན་སྣ་འདྲེན་དང་བཅས་པ་དཔུང་ཚོགས་རྒྱབ་བརྟེན་དང་བཅས་པ་ཐམས་ཅད་རང་དབང་མེད་པར་ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར་བཀུག་ནས་བམ་གཟུགས་ལ་ཐིམ་པས་གཉིས་སུ་མེད་པར་གྱུར༔ ཕཊ་ཕཊ་ཕཊ༔ དེ་ནས་འགུགས་གཞུག་བྱ་བ་ནི༔ ན་མོ༔ དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ སྐུ་གསུམ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཚོགས་རྣམས་ཀྱི་བཀའ༴ བདེན་པ་ཆེན་པོའི་མཐུ་སྟོབས་ནུས་བྱིན་གྱིས༔ ཆེ་གེ་མོ་འདི་ལ་དང་པོ་ནད་ཀྱི་སྣ་འདྲེན་པ༔ བར་དུ་ནད་ཀྱི་ཚང་བཅའ་བ༔ ཐ་མ་ནད་ཀྱིས་སྲོག་ལ་རྒོལ་བའི་འདྲེ་གདོན་འབྱུང་པོ་གནས་གདོན་ལུས་གདོན་ཕོ་གདོན་མོ་གདོན་ཀླུ་གདོན་ནད་ནད་བདག་དང་བཅས་པ་གདོན་སྣ་འདྲེན་དང་བཅས་པ་དཔུང་ཚོགས་རྒྱབ་བརྟེན་དང་བཅས་པ་ཐམས་ཅད་སྐད་ཅིག་རང་དབང་མེད་པར་བམ་གཟུགས་འདི་ལ་ཁུག་ཅིག༔ བསྟིམ་ཅིག༔ ཛཿ ཧཱུྃ་བཾ་ཧོཿ ཞེས་རྐང་གླིང་ཌཱ་དྲིལ་དྲག་ཏུ་བྱ༔ འགུགས་གཞུག་ལན་གྲངས་བརྒྱའམ་ལྔ་བཅུ་ཉེར་ལྔ་སོགས་སྐབས་དང་བསྟུན༔ དེ་ནས་མགོ་དང་ཡན་ལག་བཞི༔ རྩིབ་མ་གཡས་གཡོན༔ རྩིབ་ཁོག་སྟོད་སྨད༔ ནང་རོལ་དང་ཆ་བཅུ་བྱས་ལ༔ དམར་གཏོར་ཤ་ཁྲག་གིས་བརྒྱན་པ་བཅུ་དང་༔ ཆངས་བུ་ཤ་དུམ་དང་བཅས་པ་བཅུ་བཤམས་ནས༔ མགྲོན་འབོད་པ་ནི༔ ཕཊ༔ མ་དབུས་ཕྱོགས་གཏུམ་དྲག་དུར་ཁྲོད་ནས༔ སངས་རྒྱས་མཁའ་འགྲོ་ཀུན་ཁྱབ་མ༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ༔ ཐུགས་རྗེ་ཐབས་ཀྱིས་འདིར་གཤེགས་ཤིག༔ སྤྲུལ་པ་མཁའ་འགྲོའི་རོལ་གར་བསྒྱུར༔ ཡང་སྤྲུལ་ལྷ་འདྲེའི་འཕྲུལ་ངོམས་ལ༔ མཆོད་སྦྱིན་བཞེས་ལ་བར་ཆད་སོལ༔ ཕཊ་ཕཊ་ཕཊ༔ དེ་ནས་མགོ་བོ་བཤམས་ལ་བསྟབ་པ་ནི༔ བསྲུང་བྱའི་ལས་དང་རྐྱེན་དབང་གིས༔ མི་འདོད་སྡུག་བསྔལ་ཉེར་འཚེ་དང་༔ མགོ་བོ་ལུས་གདོན་དབྱེར་མེད་པ༔ སངས་རྒྱས་མཁའ་འགྲོའི་ཞལ་དུ་བསྟབ༔ ཕཊ་ཕཊ་ཕཊ༔ ཅེས་མཆོད་གཏོར་མ་བཤམས༔ གཏི་མུག་ལས་བྱུང་ནད་གདོན་བགེགས༔ ཤ་ཁྲག་གཏོར་མ་དང་བཅས་པ༔ འབུམ་ཕྲག་མཁའ་འགྲོའི་ཞལ་དུ་བསྟབ༔ ཆོས་དབྱིངས་ཡེ་ཤེས་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ཅེས་མཆོད་ཆངས་བུ་ཤ་དུམ་བཤམས༔ ལས་ཉོན་སྡིག་སྒྲིབ་བག་ཆགས་དང་༔ ཆངས་བུ་ཤ་དུམ་དང་བཅས་པ༔ སྣང་སྲིད་ལྷ་འདྲེའི་ཞལ་དུ་བསྟབ༔ ལྷག་མ་མེད་པར་ཧབ་ཐོབ་རོལ༔ ཕཊ་ཕཊ་ཕཊ༔ ཅེས་བརྗོད་བསྡུ་རིམ་བྱ་བ་ནི༔ ནད་རྣམས་ལྷ་འདྲེའི་དབྱིངས་སུ་བསྡུ༔ ལྷ་འདྲེ་འབུམ་ཕྲག་མཁའ་འགྲོར་བསྡུ༔ མཁའ་འགྲོ་དབྱིངས་ཀྱི་རྗེ་མོར་བསྡུ༔ འཁོར་འདས་ཆོས་དབྱིངས་ཡེ་ཤེས་སུ༔ ཀ་དག་ལྷུན་འབྱམས་ཆེན་པོར་ཡན༔ ཕཊ་ཕཊ་ཕཊ༔ འདི་མན་ཆད་དེས་འགྲེའོ༔ དེ་ནས༔ ཕཊ༔ ཤར་ཕྱོགས་དྲག་ཁྲོས་དུར་ཁྲོད་ནས༔ རྡོ་རྗེ་མཁའ་འགྲོ་མུན་སེལ་མ༔ མེ་ལོང་དབྱིངས་ལས་སྐུར་བཞེངས་ལ༔ ཐུགས་རྗེ་ཐབས་ཀྱིས་འདིར༴ སྤྲུལ་པ་མཁའ་འགྲོའི༴ ཡང་སྤྲུལ་ལྷ་འདྲེའི༴ མཆོད་སྦྱིན་བཞེས་ལ༴ ཕཊ་ཕཊ་ཕཊ༔ བསྲུང་བྱའི་ལས་དང་རྐྱེན༴ མི་འདོད་སྡུག་བསྔལ་ཉེར༴ ལག་གཡས་ལུས་གདོན་དབྱེར་མེད༴ རྡོ་རྗེ་མཁའ་འགྲོའི་ཞལ་དུ༴ ཕཊ་ཕཊ་ཕཊ༔ ཞེ་སྡང་ལས་བྱུང་ནད༴ ཤ་ཁྲག་གཏོར་མ༴ འབུམ་ཕྲག་མཁའ་འགྲོའི༴ མེ་ལོང་ཡེ་ཤེས་དངོས་གྲུབ༴ ཕཊ་ཕཊ་ཕཊ༔ ལས་ཉོན་སྡིག་སྒྲིབ༴ ཆངས་བུ་ཤ་དུམ༴ སྣང་སྲིད་ལྷ་འདྲེའི༴ ལྷག་མ་མེད་པར༴ ཕཊ་ཕཊ་ཕཊ༔ ནད་རྣམས་ལྷ་འདྲེའི༴ ལྷ་འདྲེ་འབུམ་ཕྲག༴ མཁའ་འགྲོ་དབྱིངས་ཀྱི༴ འཁོར་འདས་མེ་ལོང་ཡེ་ཤེས་སུ༔ གསལ་སྟོང་ཆེན་པོར་འབྱམས་ཀླས་སོ༔ ཕཊ་ཕཊ་ཕཊ༔ ཕཊ༔ མ་ལྷོ་ཕྱོགས་གད་རྒྱངས་དུར་ཁྲོད་ནས༔ རིན་ཆེན་མཁའ་འགྲོ་འདོད་འབྱུང་མ༔ མཉམ་ཉིད་དབྱིངས་ལས་སྐུར་བཞེངས་ལ༔ ཐུགས་རྗེ་ཐབས་ཀྱི༴ སྤྲུལ་པ༴ ཡང་སྤྲུལ༴ མཆོད་སྦྱིན༴ ཕཊ་ཕཊ་ཕཊ༔ བསྲུང་བྱའི༴ མི་འདོད༴ ལག་གཡོན་ལུས་གདོན༴ རིན་ཆེན་མཁའ་འགྲོའི་ཞལ་དུ༴ ཕཊ་ཕཊ་ཕཊ༔ ང་རྒྱལ་ལས་བྱུང་༴ ཤ་ཁྲག༴ འབུམ་ཕྲག༴ མཉམ་ཉིད་ཡེ་ཤེས་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ལས་ཉོན༴ ཆང་བུ༴ སྣང་སྲིད༴ ལྷག་མ༴ ཕཊ་ཕཊ་ཕཊ༔ ནད་རྣམས༴ ལྷ་འདྲེ༴ མཁའ་འགྲོ༴ འཁོར་འདས་མཉམ་ཉིད་ཡེ་ཤེས་སུ༔ དག་མཉམ་ཆེན་པོར་འབྱམས་ཀླས་སོ༔ ཕཊ་ཕཊ་ཕཊ༔ ཕཊ༔ མ་ནུབ་ཕྱོགས་པད་འཁྱིལ་དུར་ཁྲོད་ནས༔ པདྨ་མཁའ་འགྲོ་ཆགས་བྲལ་མ༔ སོར་རྟོག་དབྱིངས་ལས་སྐུར༴ ཐུགས་རྗེ་ཐབས་ཀྱིས༴ སྤྲུལ་པ་མཁའ་འགྲོའི༴ ཡང་སྤྲུལ་ལྷ་འདྲེའི༴ མཆོད་སྦྱིན༴ ཕཊ་ཕཊ་ཕཊ༔ བསྲུང་བྱའི༴ མི་འདོད༴ རྐང་གཡོན་ལུས་གདོན༴ པདྨ་མཁའ་འགྲོའི་ཞལ་དུ༴ ཕཊ་ཕཊ་ཕཊ༔ འདོད་ཆགས་ལས་བྱུང་༴ ཤ་ཁྲག༴ འབུམ་ཕྲག༴ སོར་རྟོག་ཡེ་ཤེས་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ལས་ཉོན༴ ཆང་བུ༴ སྣང་སྲིད༴ ལྷག་མ༴ ཕཊ་ཕཊ་ཕཊ༔ ནད་རྣམས༴ ལྷ་འདྲེ༴ མཁའ་འགྲོ༴ འཁོར་འདས་སོར་རྟོག་ཡེ་ཤེས་སུ༔ རང་གྲོལ་ཆེན་པོར་རྫོགས་སངས་རྒྱས༔ ཕཊ་ཕཊ་ཕཊ༔ ཕཊ༔ མ་བྱང་ཕྱོགས་ཀཱི་ལའི་དུར་ཁྲོད་ནས༔ ལས་ཀྱི་མཁའ་འགྲོ་དོན་གྲུབ་མ༔ བྱ་གྲུབ་དབྱིངས་ལས་སྐུར་བཞེངས་ལ༔ ཐུགས་རྗེ་ཐབས་ཀྱིས༴ སྤྲུལ་པ་མཁའ་འགྲོའི༴ ཡང་སྤྲུལ༴ མཆོད་སྦྱིན༴ ཕཊ་ཕཊ་ཕཊ༔ བསྲུང་བྱའི༴ མི་འདོད༴ རྐང་གཡས་ལུས་གདོན༴ ལས་ཀྱི༴ ཕཊ་ཕཊ་ཕཊ༔ ཕྲག་དོག་ལས་བྱུང་༴ ཤ་ཁྲག༴ འབུམ་ཁྲག༴ བྱ་གྲུབ་ཡེ་ཤེས་དངོས་གྲུབ༴ ཕཊ་ཕཊ་ཕཊ༔ ལས་ཉོན༴ ཆང་བུ༴ སྣང་སྲིད༴ ལྷག་མ༴ ཕཊ་ཕཊ་ཕཊ༔ ནད་རྣམས༴ ལྷ་འདྲེ༴ མཁའ་འགྲོ༴ འཁོར་འདས་བྱ་གྲུབ་ཡེ་ཤེས་སུ༔ ཡེ་གྲོལ་ཆེན་པོར་འབྱམས་ཀླས་སོ༔ ཕཊ་ཕཊ་ཕཊ༔ ཕཊ༔ མ་ཤར་ལྷོ་རབ་འཇིགས་དུར་ཁྲོད་ནས༔ འཇིག་རྟེན་མཁའ་འགྲོ་དྲག་ཤུལ་མ༔ ནམ་མཁའི་ཀློང་ནས་སྐུར་བཞེངས་ལ༔ ཐུགས་རྗེ་ཐབས་ཀྱིས༴ སྤྲུལ་པ༴ ཡང་སྤྲུལ༴ མཆོད་སྦྱིན༴ ཕཊ་ཕཊ་ཕཊ༔ བསྲུང་བྱའི༴ མི་འདོད༴ རྩིབ་གཡས་ལུས་གདོན༴ འཇིག་རྟེན་མཁའ་འགྲོའི་ཞལ་དུ༴ ཕཊ་ཕཊ་ཕཊ༔ ལས་ཉོན་ལས་བྱུང་ནད་གདོན་བགེགས༔ ཤ་ཁྲག༴ འབུམ་ཕྲག༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ལས་ཉོན༴ ཆང་བུ༴ སྣང་སྲིད༴ ལྷག་མ༴ ཕཊ་ཕཊ་ཕཊ༔ ནད་རྣམས༴ ལྷ་འདྲེ༴ མཁའ་འགྲོ༴ འཁོར་འདས་ཆོས་ཉིད་ཆེན་པོར་ཞིག༔ ཕཊ་ཕཊ་ཕཊ༔ ཕཊ༔ མ་ལྷོ་ནུབ་རབ་འཇིགས་དུར་ཁྲོད་ནས༔ དམ་ཚིག་མཁའ་འགྲོ་ཡོན་ཏན་མཚོ༔ མི་གཡོའི་ཀློང་ནས་སྐུར༴ ཐུགས་རྗེ༴ སྤྲུལ་པ༴ ཡང་སྤྲུལ༴ མཆོད་སྦྱིན༴ ཕཊ་ཕཊ་ཕཊ༔ བསྲུང་བྱའི༴ མི་འདོད༴ ནམ་མཚུངས་ལུས་གདོན༴ དམ་ཚིག་མཁའ་འགྲོའི་ཞལ༴ ཕཊ་ཕཊ་ཕཊ༔ མ་རིག་འཁྲུལ་པའི་ནད་དང་གདོན༔ ཤ་ཁྲག༴ འབུམ་ཕྲག༴ མཆོག་དང་༴ ཕཊ་ཕཊ་ཕཊ༔ ལས་ཉོན༴ ཆང་བུ༴ སྣང་སྲིད༴ ལྷག་མ༴ ཕཊ་ཕཊ་ཕཊ༔ ནད་རྣམས༴ ལྷ་འདྲེ༴ མཁའ་འགྲོ༴ འཁོར་འདས༴ ཕཊ་ཕཊ་ཕཊ༔ ཕཊ༔ མ་ལྷོ་ནུབ་རབ་འཇིགས་དུར་ཁྲོད་ནས༔ དམ་ཚིག་མཁའ་འགྲོ་ཡོན་ཏན་མཚོ༔ མི་གཡོའི་ཀློང་ནས་སྐུར༴ ཐུགས་རྗེ༴ སྤྲུལ་པ༴ ཡང་སྤྲུལ༴ མཆོད་སྦྱིན༴ ཕཊ་ཕཊ་ཕཊ༔ བསྲུང་བྱའི༴ མི་འདོད༴ ནམ་མཚུངས་ལུས་གདོན༴ དམ་ཚིག་མཁའ་འགྲོའི་ཞལ་དུ༴ ཕཊ་ཕཊ་ཕཊ༔ མ་རིག་འཁྲུལ་པའི་ནད་དང་གདོན༔ ཤ་ཁྲག༴ འབུམ་ཕྲག༴ མཆོག་དང་༴ ཕཊ་ཕཊ་ཕཊ༔ ལས་ཉོན༴ ཆང་བུ༴ སྣང་སྲིད༴ ལྷག་མ༴ ཕཊ་ཕཊ་ཕཊ༔ ནད་རྣམས༴ ལྷ་འདྲེ༴ མཁའ་འགྲོ༴ འཁོར་འདས༴ ཕཊ་ཕཊ་ཕཊ༔ ཕཊ༔ མ་ནུབ་བྱང་མེ་འབར་དུར་ཁྲོད་ནས༔ ཤ་ཟ་མཁའ་འགྲོ་མི་སྲུན་མ༔ མི་འཇིགས་དབྱིངས་ལས་སྐུར༴ ༔ ཐུགས་རྗེ་ཐབས་ཀྱིས༴ སྤྲུལ་པ༴ ༔ ཡང་སྤྲུལ༴ མཆོད་སྦྱིན༴ ཕཊ་ཕཊ་ཕཊ༔ བསྲུང་བྱའི༴ མི་འདོད༴ རྩིབ་གཡོན་ལུས་གདོན༴ ཤ་ཟ་མཁའ་འགྲོའི་ཞལ༴ ཕཊ་ཕཊ་ཕཊ༔ མ་རིག་ལས་བྱུང་ནད་གདོན་བགེགས༔ ཤ་ཁྲག༴ འབུམ་ཕྲག༴ མཆོག་དང་༴ ཕཊ་ཕཊ་ཕཊ༔ ལས་ཉོན༴ ཆང་བུ༴ སྣང་སྲིད༴ ལྷག༴ ཕཊ་ཕཊ་ཕཊ༔ ནད་རྣམས༴ ལྷ་འདྲེ༴ མཁའ་འགྲོ༴ འཁོར་འདས་ཆོས་ཉིད་ཆེན་པོར་ཞི༔ ཕཊ་ཕཊ་ཕཊ༔ ཕཊ༔ བྱང་ཤར་རབ་གཡོས་དུར་ཁྲོད་ནས༔ ཐམས་ཅད་མཁའ་འགྲོ་ཀུན་ཏུ་རྒྱུ༔ འགགས་མེད་དབྱིངས་ལས་སྐུར༴ ཐུགས་རྗེ༴ སྤྲུལ་པ༴ ཡང་སྤྲུལ༴ མཆོད༴ ཕཊ་ཕཊ་ཕཊ༔ བསྲུང་བྱའི༴ མི་འདོད༴ ཚང་ར་ལུས་གདོན༴ ཐམས་ཅད་མཁའ་འགྲོའི་ཞལ༴ ཕཊ་ཕཊ་ཕཊ༔ མ་རིག་ལས་བྱུང་ནད༴ ཤ་ཁྲག༴ འབུམ་ཕྲག༴ མཆོག་དང་ཐུན༴ ཕཊ་ཕཊ་ཕཊ༔ ལས་ཉོན༴ ཆང་བུ༴ སྣང་སྲིད༴ ལྷག༴ ཕཊ་ཕཊ་ཕཊ༔ ནད་རྣམས༴ ལྷ་འདྲེ༴ མཁའ་འགྲོ༴ འཁོར་འདས༴ ཕཊ་ཕཊ་ཕཊ༔ ཕཊ༔ མ་འོག་ཕྱོགས་མུན་གཏིབས་དུར་ཁྲོད་ནས༔ ས་སྤྱོད་མཁའ་འགྲོ་གཏུམ་འབར་མ༔ མི་འགྱུར་དབྱིངས་ལས་སྐུར༴ ཐུགས་རྗེ༴ སྤྲུལ་པ༴ ཡང་སྤྲུལ༴ མཆོད༴ ཕཊ་ཕཊ་ཕཊ༔ བསྲུང་བྱའི༴ མི་འདོད༴ ནང་རོལ༴ ས་སྤྱོད་མཁའ་འགྲོའི༴ ཕཊ་ཕཊ་ཕཊ༔ མ་རིག༴ ཤ་ཁྲག༴ འབུམ་ཕྲག༴ མཆོག༴ ཕཊ་ཕཊ་ཕཊ༔ ལས་ཉོན༴ ཆང་བུ༴ སྣང་སྲིད༴ ལྷག༴ ཕཊ་ཕཊ་ཕཊ༔ ནད་རྣམས༴ ལྷ་འདྲེ༴ མཁའ་འགྲོ༴ འཁོར་འདས་ཆོས་ཉིད་ཆེན་པོར་ཞི༔ ཕཊ་ཕཊ་ཕཊ༔ ནད་པའི་བླ་ཚེ་བསོད་ནམས་བཅས༔ འོད་ཀྱི་ཐིག་ལེ་བྱ་སྒོང་ཙམ༔ ཡི་གེ་བྷྲཱུྃ་གྱི་རྣམ་པར་གྱུར༔ འབྱུང་ལྔའི་དྭངས་བཅུད་དེ་རུ་འདུས༔ ཡེ་ཤེས་ལྔ་ཡི་སྲུང་དུ་ཚུད༔ མི་འགྱུར་མི་ཤིགས་རྒྱས་གདབ་བོ༔ ཕཊ་ཕཊ་ཕཊ༔ སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ ཆོས་ཉིད་སྤྲོས་བྲལ་དབྱིངས་སུ་ཞིག༔ ཆོས་སྐུ་སྐྱེ་འགག་འགྱུར་མེད་ངང་༔ མ་བཅོས་མཉམ་པ་ཉིད་དུ་བརྡལ༔ ཕཊ་ཕཊ་ཕཊ༔ དེ་ཡིས་ཕྱི་ནང་བར་ཆད་སེལ༔ དོན་གཉིས་ལྷུན་གྲུབ་ཏུ་ཡང་བྱེད༔ བདུད་བཟློག་ཟབ་མོའི་ལམ་དུ་ཚུད༔ ཕྲིན་ལས་རབ་འབྱམས་ཐོགས་མེད་འགྲུབ༔ སྲུང་སྐྱོབ་སྟོང་གི་ཆར་མི་ཉེ༔ བཟློག་བསྒྱུར་འབུམ་གྱིས་དོ་ཟླ་མིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་བོ་ཆུང་གཞན་ཕན་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་མཁྱེན་རབ་རྒྱ་མཚོའོ། །དགེའོ། །ལེགས་སོ།། །།