གདམས་ངག་རིན་པོ་ཆེའི་མཛོད་ལ་ཐོས་བསམ་ཇི་ལྟར་བྱས་པའི་ཚུལ།

From Dudjom Wiki
Revision as of 16:41, 23 December 2025 by Mort (talk | contribs) (Text replacement - "༈" to " ༈ ")
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-19-DZA-004
Wylie title gdams ngag rin po che'i mdzod la thos bsam ji ltar byas pa'i tshul DJYD-KABUM-19-DZA-004.pdf
Location bdud 'joms rin po che bka' 'bum
Volume 19, Text 4, Pages 185-251 (Folios 92a1 to 125a5)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Gdams ngag rin po che'i mdzod la thos bsam ji ltar byas pa'i tshul. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 19: 185-251. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: gdams ngag mdzod skor
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
༄༅། ། [92a] ཨོཾ་སྭསྟི། མཉམ་མེད་ཤཱཀྱའི་དབང་པོས་མདོ་སྡེ་དུ་མ་ནས་མངོན་པར་ལུང་བསྟན་པ་འཛམ་གླིང་ཆོས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་འཇམ་མགོན་༧བློ་གྲོས་མཐའ་ཡས་པའི་སྡེའི་རྡོ་རྗེའི་གསུང་གི་གན་མཛོད་ཆེན་པོ་རྣམ་པ་ལྔ་ལས་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་གདམས་ངག་སྨིན་གྲོལ་གྱི་སྙིང་པོ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་གདམས་ངག་རིན་པོ་ཆེའི་མཛོད་ལ་ཐོས་བསམ་ཇི་ལྟར་བྱས་པའི་ཚུལ་གསལ་བར་འགོད་པ་ལ། དེའང་དབང་ཁྲིད་ལུང་གསུམ་གྱི་དབྱེ་བ་སོ་སོར་ཕྱེས་ཏེ་རྒྱས་པར་འགོད་པ་ཡིག་ཚོགས་ཀྱི་ངལ་བ་ལ་འཛེམ་ནས་འདིར་བཞུགས་བྱང་དཀྱུས་ལྟར་ནར་འདེད་ཀྱིས་སྨིན་བྱེད་སྐོར་ལ། བ༽ གྲོལ་བྱེད་སྐོར་ལ། ཁ༽ རྒྱབ་བརྟེན་བྱིངས་ལ། ལོ༽ ཞེས་སོ་སོར་རྟགས་ཡིག་བཀོད་པ་བཞིན་ངེས་པར་བྱས་ནས། དེ་ལ་སྔ་འགྱུར་རྙིང་མ། བཀའ་གདམས། ལམ་འབྲས། དྭགས་པོ་བཀའ་བརྒྱུད། ཤངས་པ་བཀའ་བརྒྱུད། ཞི་བྱེད་གཅོད་ཡུལ། སྦྱོར་བ་ཡན་ལག་དྲུག་པ། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ། ཁྲིད་ཐོར་བུའི་སྐོར། ཀུན་གྱི་རྒྱབ་བརྟེན་རྗེ་བཙུན་གྲོལ་མཆོག་གི་ཁྲིད་བརྒྱ་དང་བཅས་ [92b] སྐོར་ཚོ་བཅུ་ལས། ༼ཀ༽ དང་པོ་བསྟན་པ་སྔ་དར་སྐབས་སུ་བྱོན་པའི་ཟབ་ཆོས་ཡོ་ག་གསུམ་དུ་བཞུགས་པའི་དང་པོ་མ་ཧཱ་ཡོ་གའི་སྐོར་ལ། སངས་རྒྱས་གསང་བའི་གསུང་སྒྱུ་འཕྲུལ་དྲྭ་བའི་ལམ་རྣམ་པར་བཤད་པ་ཆུང་ངུ་། སློབ་དཔོན་པདྨའི་གསུང་མདོ་སྔགས་ཐུན་མོང་གི་ལམ་རིམ་རིན་ཆེན་སྤུངས་པ། སྤྱི་བཤད་རིན་ཆེན་སྤུངས་པའི་བསྡུས་དོན། ནང་བཤད་གསང་སྔགས་ལམ་རིམ་གྱི་ལོ་རྒྱུས། གདམས་ངག་གསལ་བའི་སྒྲོན་མེ། གསང་སྔགས་ལམ་རིམ་རིན་ཆེན་གསལ་བའི་སྒྲོན་མེ། ནང་ཆོས་གསང་སྔགས་ལམ་རིམ་གྱིས་བཅད། གསང་སྔགས་ལམ་རིམ་གྱི་སྙིང་པོ་སེམས་ཉིད་གཙོར་སྟོན་ལག་ཁྲིད་ལྔ་པ། དེའི་དོན་ཁྲིད་ངོ་སྤྲོད་རྒན་པོ་འཁར་བཙུགས་དང་། རྒན་མོ་མཛུབ་ཚུགས་ཀྱི་གདམས་པ། སློབ་དཔོན་རིན་པོ་ཆེའི་གསུང་མན་ངག་ལྟ་བའི་ཕྲེང་བ། དེའི་འགྲེལ་ཟིན་མདོ་བསྡུས་ཟབ་དོན་པད་ཚལ་འབྱེད་པའི་ཉི་འོད་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་། སློབ་དཔོན་པདྨའི་ཐུགས་དམ་མངའ་བདག་བཙད་པོ་ལ་གནང་བ་མོ་མོ་གསང་བའི་ལས་ཐིག་མཆན་བུ་ཅན། ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་གསུང་ [93a] སྒྱུ་འཕྲུལ་དྲྭ་བའི་ལམ་གྱི་སྙིང་པོའི་དོན་ཁྲིད་བཅས། གཉིས་པ་ཨ་ནུ་ཡོ་གའི་སྐོར་ལ། བདེ་བ་གསལ་མཛད་ཀྱི་རྣམ་འབྱོར་བཞི་རིམ། འདུས་མདོའི་ངང་སྒོམ་གྱི་ཁྲིད་རིམ་ཁོལ་ཕྱུང་དུ་བཀོད་པ་ཤེལ་དཀར་ཕྲེང་མཛེས་འཇམ་མགོན་གསུང་། ན་རཀ་དོང་སྤྲུགས་ཀྱི་ཁྲིད་ཟབ་ལམ་སྣང་བྱེད་ལོ་ཆེན་དྷརྨ་ཤྲཱིའི་གསུང་བཅས། གསུམ་པ་ཨ་ཏི་ཡོ་ག་ལ་སེམས་ཀློང་མན་ངག་གི་སྡེ་གསུམ་ལས། དང་པོ་ཕྱི་སེམས་སྡེའི་སྐོར་ལ། སེམས་སྡེའི་རྒྱུད་ལུང་གི་རྩ་བ་གཅེས་པར་བཏུས་པ་རྣམས་ཞེས་པའི་ནང་གསེས་སུ་ཀུན་བྱེད་རྒྱལ་པོའི་རྒྱུད་ཀྱི་དུམ་བུ་ལེའུ་སོ་བདུན་པ་ཁོལ་ཕྱུངས་མཆན་ཅན། སེམས་སྡེའི་སློབ་དཔོན་བཅོ་བརྒྱད་ཀྱི་དགོངས་པ་རིག་འཛིན་རྣམས་ཀྱི་རྡོ་རྗེའི་གླུར་བཞེངས་པ། སེམས་སྡེའི་སྤྱིའི་སྙིང་པོ་བསྟན་ཆོས་བྱང་ཆུབ་སེམས་སྒོམ་རྡོ་ལ་གསེར་ཞུན་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་གསུང་། གཡུང་སྟོན་རྡོ་རྗེ་དཔལ་བཟང་གི་གསུང་སེམས་སྡེ་མ་བུ་བཅོ་བརྒྱད་ཀྱི་དགོངས་པ་ངོ་སྤྲོད་པའི་ཐབས་རིག་པ་རྩལ་གྱི་དབང་བཅོ་བརྒྱད་ [93b] བསྐུར་བའི་ཆོག་ཁྲིགས་བླ་མའི་ཞལ་གདམས། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་དོན་ཁྲིད་རིན་ཆེན་གྲུ་བོ་ཀློང་ཆེན་རབ་འབྱམས་ཀྱི་གསུང་། རྫོགས་པ་ཆེན་པོ་སེམས་སྡེ་ཉང་ལུགས་ཀྱི་ཁྲིད་སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱིས་མཛད་པ། སེམས་སྡེའི་བརྒྱུད་འདེབས་བྱིན་རླབས་དགའ་སྟོན་དེ་ཉིད་ཀྱི་གསུང་ལ་སྨིན་གཏེར་ཁ་སྐོང་ཅན། ཁམས་ལུགས་ཀྱི་ཁྲིད་ཀཿ ཐོག་པ་ནམ་མཁའ་རྡོ་རྗེས་མཛད་པ། ཨ་རོ་ལུགས་ཀྱི་ཁྲིད་ཞྭ་དམར་བ་མཁའ་སྤྱོད་དབང་པོས་མཛད་པ་རྣམས་སོ། །གཉིས་པ་ནང་ཀློང་སྡེའི་སྐོར་ལ། རྫོགས་པ་ཆེན་པོ་ཀློང་སྡེའི་རྒྱུད་ལུང་གི་རྩ་བ་གཅེས་པར་བཏུས་པ་རྣམས་ཞེས་པའི་ནང་གསེས་སུ་ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ཀྱི་སྙིང་པོ་ལེའུ་བཞི་པ་པ་ཁོལ་ཕྱུངས་མཆན་ཅན། རྫོགས་ཆེན་ཀློང་སྡེ་རྡོ་རྗེ་ཟམ་པའི་མན་ངག་གི་གཞུང་ཞལ་གདམས་དང་བཅས་པ་བཻ་རོ་ཙ་ནའི་གསུང་། ཟམ་ཆུང་བསྡུས་པ་ཐུན་གཅིག་མ། བཀའ་བརྒྱུད་རིན་པོ་ཆེའི་ཉམས་ཀྱི་ཕྲེང་བ། བྱང་ཆུབ་སེམས་ཀྱི་ཕན་ཡོན་དཔེ་དྲུག་གིས་མཚོན་ནས་མགུར་ [94a] དུ་བཞེངས་པ་ཞལ་གདམས་རིན་པོ་ཆེའི་ཕྲེང་བ། ཀློང་སྡེ་རྡོ་རྗེ་ཟམ་པ་ལས་སྒོམ་ཚུལ་བླ་མའི་བྱིན་རླབས་རྒྱས་པ་ཡེ་ཤེས་ཆུ་རྒྱུན། ཀློང་སྡེ་རྡོ་རྗེ་ཟམ་པའི་སྒོམ་ཁྲིད་ལག་ལོན་འོ་ལ་ཇོ་སྲས་ཀྱི་བཅུད་རྒྱ་སྒོམ་གྱི་སྣོད་དུ་བླུགས་པ། སྤྱན་སྔ་ཆོས་གྲགས་ཀྱིས་མཛད་པའི་ཁྲིད་ཡིག་སྐལ་བཟང་མིག་འབྱེད། རྡོ་རྗེ་ཟམ་པའི་བླ་བརྒྱུད་གསོལ་འདེབས་འགྱུར་མེད་རྡོ་རྗེའི་གསུང་ལ་ཁ་སྐོང་ཅན། ཀློང་སྡེ་རྡོ་རྗེ་ཟམ་པའི་ཉམས་ལེན་བཞིའི་རྣལ་འབྱོར། ཧེ་རུ་ཀ་མངོན་རྫོགས་རྒྱལ་པོའི་ཕྲིན་ལས་གསལ་བར་བཀོད་པ་ཡེ་ཤེས་རྒྱ་མཚོ་ཞེས་པ་འཇམ་མགོན་གསུང་རྣམས་སོ། །གསུམ་པ་གས་བ་མན་ངག་སྡེའི་སྐོར་ལ། འོད་གསལ་རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་སངས་རྒྱས་ཀྱི་འདས་རྗེས་དང་པོ་དགའ་ལྡན། འདས་རྗེས་གསལ་སྣང་བའི་རྒྱན། རིག་འཛིན་བཞིའི་ཞལ་ཆེམས་ལ་དགའ་རབ་རྡོ་རྗེའི་ཚིག་གསུམ་གནད་བརྡེག། འཇམ་དཔལ་བཤེས་ [94b] གཉེན་གྱི་སྒོམ་ཉམས་དྲུག་པ། ཤྲཱི་སེངྷའི་གཟེར་བུ་བདུན་པ། ཡེ་ཤེས་མདོའི་བཞག་ཐབས་བཞི་པ་བཅས། བླ་མ་ཡང་ཏིག་གི་སྤྲོས་བཅས་དབང་ཆོག་ཚངས་པའི་དྲྭ་བ། དེའི་སྤྲོས་བཅས་མིང་གི་རིམ་པ། མཎྜལ་འབུལ་བའི་ཆོ་ག་ཚོགས་གཉིས་སྤྲིན་ཚོགས། སྤྲོས་མེད་ཀྱི་དབང་ཆོག་རིན་པོ་ཆེའི་དྲྭ་བ། བྱིན་རླབས་སྤྲིན་ཕུང་ཡེ་ཤེས་འབེབས་པ། གནད་ཡིག་འབུམ་པའི་བརྡ་དོན་ལ། ཤིན་ཏུ་སྤྲོས་མེད་ཀྱི་དབང་ཆོག་པདྨའི་དྲྭ་བ། གླིང་བཞི་རྒྱན་གྱུར་གྱི་མཎྜལ། རབ་ཏུ་སྤྲོས་མེད་ཀྱི་དབང་ཆོག་འོད་ཀྱི་དྲྭ་བ། ལྔ་ཚན་ལྔའི་མཎྜལ། ཚོགས་མཆོད་ཀྱི་རིམ་པ་ཡེ་ཤེས་རྒྱ་མཚོ་བཅས་ཀློང་ཆེན་གསུང་། རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་མ་བུའི་བཀའ་སྲོལ་ཆུ་བོ་གཉིས་འདུས་ཀྱི་ཁྲིད་ཡིག་དྲི་མེད་ཞལ་ལུང་འཇམ་མགོན་གསུང་། གསང་སྐོར་དབང་གི་ལག་ལེན་གསལ་བའི་སྒྲོན་མེ། མཆོག་གསང་ལམ་ཁྲིད་ཆེན་མོ་ཞེས་པ་གོང་གི་ཁྲིད་གཞུང་དབང་ཆོག་བཅས། པད་ལུགས་མཁའ་འགྲོ་ཡང་ཏིག་གི་ཁྲིད་ཡིག་རིན་ཆེན་གསེར་ཕྲེང་། རྫོགས་ཆེན་སེམས་ཉིད་ངལ་གསོའི་གནས་ [95a] གསུམ་དགེ་བ་གསུམ་གྱི་དོན་ཁྲིད་བྱང་ཆུབ་ལམ་བཟང་། སེམས་ཉིད་རང་གྲོལ་གྱི་གསོལ་འདེབས་མཛད་བྱང་མི་གསལ་བ། སེམས་ཉིད་རང་གྲོལ། ཆོས་ཉིད་རང་གྲོལ། མཉམ་ཉིད་རང་གྲོལ་ཏེ་རང་གྲོལ་སྐོར་གསུམ་དུ་གྲགས་པ་བཅས་ཀུན་མཁྱེན་གསུང་། སྙིང་ཐིག་བརྒྱུད་པའི་བླ་མ་མཆོད་ཆོག་ཀུན་བཟང་རྣམ་པར་རོལ་པའི་རྒྱན་ཞེས་པ་འཇམ་མགོན་གསུང་། བཀའ་སྲུང་ཨེ་ཀ་ཛ་ཊཱི་སྡེ་བདུན་གྱི་རྗེས་གནང་གི་ཡི་གེ་འདོད་འབུ་ལས་ཁོལ་དུ་ཕྱུངས་པ་རྣམས་སོ། ། ༼ཁ༽ གཉིས་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བཀའ་སྲོལ་ལས་བྱུང་བའི་བཀའ་གདམས་རིན་པོ་ཆེའི་སྐོར་ལ་གསུམ། གཞུང་། གདམས་པ། མན་ངག་གོ། །དང་པོ་གཞུང་ལ། རྩ་བ་བྱང་ཆུབ་ལམ་གྱི་སྒྲོན་མ་ཇོ་བོ་རྗེས་མཛད་པ། ཐེག་པ་ཆེན་པོའི་བློ་སྦྱོང་དོན་བདུན་མའི་རྩ་བ་མཆན་ཅན་བྱ་འཆད་དཀའ་བ་ཡེ་ཤེས་རྡོ་རྗེས་མཛད་པ། ཐེག་པ་ཆེན་པོའི་མན་ངག་གི་རྩ་ཚིག་བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བ་ཇོ་བོའི་གསུང་། ལམ་སྒྲོན་འགྲེལ་པ་སྙིང་པོ་བསྡུས་པ་བྱང་ཆུབ་ལམ་གྱི་སྣང་བ་རབ་ཏུ་ [95b] གསལ་བ་འཇམ་མགོན་གསུང་། སྒམ་པོ་ལུགས་ཀྱི་ལམ་རིམ་རྟོགས་ལྡན་མཁའ་སྤྱོད་དབང་པོས་མཛད་པ། སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ། བརྒྱུད་འདེབས་ཐུགས་རྗེའི་དབང་ཕྱུག་མ་བཅས་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་། བརྒྱུད་འདེབས་ཁ་སྐོང་མདོ་རྒྱུད་བསྟན་པའི་མངའ་བདག་མ་འཇམ་མགོན་གསུང་། ལམ་རིམ་བསྡུས་དོན་ཚིགས་བཅད་མ་རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་གྱིས་མཛད་པ། བྱང་ཆུབ་ལམ་རིམ་ལ་ཐོག་མར་བློ་སྦྱོང་བ་ཆོས་ཀྱི་སྒོ་འབྱེད་བློ་གྲོས་རྒྱལ་མཚན་གྱིས་མཛད་པ། བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་གསེར་གྱི་ཡང་ཞུན་རྒྱལ་བ་བསོད་ནམས་རྒྱ་མཚོས་མཛད་པ། ལམ་རིམ་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་པཎ་ཆེན་བློ་བཟང་ཆོས་རྒྱན་གསུང་། བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་ཆ་ཤས་སྙིང་པོར་དྲིལ་བ་འཇམ་དབྱངས་མཁྱེན་བརྩེའི་གསུང་། དེའི་ཆ་ལག་ཟབ་མོ་ལྟ་བརྒྱུད་ལུགས་ཀྱི་སེམས་བསྐྱེད་ཆོ་ག་བྱང་ཆུབ་ཆེན་པོའི་གཞུང་ལམ་འཇམ་མགོན་གསུང་། བྱང་སྡོམ་འདི་ཐོག་ནས་ནོད། [96a] ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་ཆོ་ག་བྱང་ཆུབ་ལམ་བཟང་མཁྱེན་བརྩེའི་གསུང་བཅས་སོ། །སྡོམ་རྒྱུན་འདི་ཐོག་ནས་ནོད། གཉིས་པ་གདམས་པའི་སྐོར་ལ། གོང་གི་ལམ་སྒྲོན་མཇུག་ཏུ་ཡོད་པ་བྱ་འཆད་དཀའ་བ་ཡེ་ཤེས་རྡོ་རྗེས་མཛད་པའི་བློ་སྦྱོང་དོན་བདུན་མའི་རྩ་བ། མཆན་བུ་ཅན། བློ་སྦྱོང་བརྒྱ་རྩའི་དཀར་ཆག། དཀར་ཆག་ནང་གསལ་སྐོར་ལ། ཇོ་བོ་རྒྱལ་སྲིད་སྤངས་ནས་ཐར་པ་བསྒྲུབ་པའི་རྣམ་ཐར་འབྲོམ་སྟོན་གྱིས་མཛད་པ། ཇོ་བོ་རྗེ་མཉམ་མེད་གསེར་གླིང་པ་དང་མཇལ་བའི་རྣམ་ཐར། ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་མའི་རྩ་ཚིག་མཆན་ཡོད་པ། བློ་སྦྱོང་རྩ་ཚིག་མཆན་མེད་པ། བློ་སྦྱོང་དོན་བདུན་མའི་འགྲེལ་པ་མཛད་བྱང་མེད་པ། བློ་སྦྱོང་མཚོན་ཆ་འཁོར་ལོ་བླ་མ་དྷརྨ་རཀྵི་ཏས་མཛད་པ། བློ་སྦྱོང་རྨ་བྱ་དུག་འཇོམས། གྱེར་སྒོམ་རྡོ་རྗེའི་གླུ། བྱམས་པའི་རྣལ་འབྱོར་པའི་བློ་སྦྱོང་། བློ་སྦྱོང་སེམས་དཔའི་རིམ་པ་ལས་བཟློག་ཕྱོགས་གཉེན་པོའི་ཆོས་ལ། རང་རྒྱུད་ངན་པ་དམའ་འབེབས་པའི་ཆོས། ཟག་བཅས་ [96b] དགེ་བའི་སྟོབས་བསྐྱེད་པའི་ཆོས་ལ། བླ་མ་གསེར་གླིང་པས་ཇོ་བོ་ལ་མཐའ་འཁོབ་འདུལ་བའི་ཆེད་དུ་གནང་བའི་བློ་སྦྱོང་། ཉོན་མོངས་ལམ་དུ་སློང་བའི་མན་ངག། བླ་མའི་རྣལ་འབྱོར། སྡིག་སྦྱོང་མན་ངག། ཐེག་ཆེན་འཁོན་སྦྱོང་། ཇོ་བོ་ལ་རྣལ་འབྱོར་མ་གཉིས་ཀྱིས་སེམས་སྦྱོང་ཞིག་ཅེས་གནང་བའི་བློ་སྦྱོང་། ཀུ་སཱ་ལིའི་ཚོགས་གསོག། སྐྱིད་སྡུག་ལམ་ཁྱེར། སུམ་པ་ལོ་ཙཱ་བ་ལ་མཁའ་འགྲོ་མས་གནང་བའི་བློ་སྦྱོང་། ཀུན་ཏུ་བཟང་པོའི་བློ་སྦྱོང་། བློ་སྦྱོང་ཐུན་བརྒྱད་མ། ཟས་ལ་བརྟེན་པའི་བློ་སྦྱོང་། དབུགས་ལ་བརྟེན་པའི་བློ་སྦྱོང་། ལུས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སྤྲུལ་ནས་རིགས་དྲུག་གི་སྡུག་བསྔལ་དང་ལེན་གྱི་བློ་སྦྱོང་། ཤ་ཁྲག་ལ་བརྟེན་པའི་བློ་སྦྱོང་། གཏོར་མ་ལ་བརྟེན་པའི་བློ་སྦྱོང་། འབྱུང་བ་ལ་བརྟེན་པའི་བློ་སྦྱོང་། ལུས་ཡིད་བཞིན་ནོར་བུར་བསྒྱུར་བའི་བློ་སྦྱོང་། འཆི་ཁ་མའི་བློ་སྦྱོང་། གེགས་སེལ་བློ་སྦྱོང་། མ་འོངས་པའི་འགལ་རྐྱེན་སྤོང་བའི་བློ་སྦྱོང་། ཇོ་བོའི་བློ་སྦྱོང་དོན་བདུན་མ། མཆིམས་ཀྱི་བློ་སྦྱོང་། རྣམ་དག་གཙུག་གི་ནོར་བུ་ལ་ཇོ་བོས་ [97a] གནང་བའི་བློ་སྦྱོང་། དཔལ་ལྡན་བིར་ཝ་པའི་བློ་སྦྱོང་། བློ་སྦྱོང་ཚིག་རྐང་བརྒྱད་མ་ལོ་རྒྱུས་འགྲེལ་པ་དང་བཅས་པ། ཨ་ཏི་ཤ་ལ་མཐའ་འཁོབ་འདུལ་བའི་ཆེད་དུ་གནང་བའི་བློ་སྦྱོང་། ཐེག་པ་ཆེན་པོའི་བློ་སྦྱོང་ཞེས་པ་མཛད་བྱང་མེད་པ། ཞང་རཏྣ་གུ་རུའི་ཚོགས་ཆོས་ཆེན་མོ། ཡང་དགོན་པའི་བློ་སྦྱོང་། རྟེན་འབྲེལ་སྙིང་པོའི་ཁྲིད་ཡིག། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག ། བློ་སྦྱོང་དོན་བདུན་མའི་ཉམས་ལེན་སྙིང་པོར་དྲིལ་བ་ཕན་བདེའི་ས་བོན་མཁྱེན་བརྩེའི་གསུང་། བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག་ཉམས་སུ་ལེན་བདེར་བཀོད་པ་བློ་དམན་འཇུག་བདེ་འཇམ་མགོན་གསུང་། དེའི་བརྒྱུད་འདེབས་དད་པའི་གདུང་སེལ་གོང་གསུང་། སྨོན་ལམ་བྱང་སེམས་རྒྱ་མཚོའི་འཇུག་ངོགས་གོང་གསུང་བཅས་སོ། །གསུམ་པ་མན་ངག་སྐོར་ལ། གསང་འདི་གོང་གི་ལམ་སྒྲོན་མཇུག་ཏུ་ཡོད། ཆོས་གླེགས་བམ་རིན་པོ་ཆེའི་རྩ་བ་བྱང་སེམས་ནོར་བུའི་ཕྲེང་བ། ཐིག་ལེ་བཅུ་དྲུག་གི་དབང་ཆོག་ཐུགས་རྗེ་ [97b] རྣམ་པར་རོལ་པའི་རྒྱན་འཇམ་མགོན་གསུང་། ཐིག་ལེ་བཅུ་དྲུག་གི་སྒོམ་བཟླས་ཉམས་ལེན་སྙིང་པོར་དྲིལ་བ་དཀོན་མཆོག་བསྟན་པའི་སྒྲོན་མེས་མཛད་པ། དེའི་ཁྲིད་ཡིག་གྲུབ་གཉིས་མཆོག་སྦྱིན་མཁྱེན་བརྩེའི་གསུང་། ཞར་བྱུང་བཀའ་གདམས་ལྷ་བཞིའི་རྗེས་གནང་གི་ཡི་གེ་ཇོ་ནང་རིན་འབྱུང་ལས་ཁོལ་ཕྱུངས་བཀླག་ཆོག་མ། ལྷ་བཞིའི་ཁྲིད་ཡིག་མདོ་སྔགས་ལམ་གྱི་བཅུད་འདུས་འཇམ་མགོན་གསུང་། བཀའ་གདམས་གསར་མའི་མཚན་གཞི་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་རྩ་བ་རྗེ་བློ་བཟང་གྲགས་པས་མཛད་པ། དེའི་རྣམ་བཤད་གོ་སླ་ཉུང་བསྡུས་སྐལ་བཟང་ཐར་པའི་འཇུག་ངོགས་འཇམ་མགོན་གསུང་། དེ་དག་རྗེས་འབྲེལ་དུ། དགའ་ལྡན་ཕྱག་ཆེན་རྒྱལ་བའི་གཞུང་ལམ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་། ཕྱག་ཆེན་བརྒྱུད་འདེབས། དེའི་རྩ་བ་རྒྱས་པར་བཤད་པ་ཡང་གསལ་སྒྲོན་མེ་ཆོས་རྒྱན་ཁྲིད་ལུང་གཉིས་ཀ་མེད། གསུང་། དབུ་མའི་ལྟ་ཁྲིད་བདུད་རྩིའི་སྙིང་པོ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་གསུང་། གཞན་སྟོང་དབུ་མའི་ལྟ་ཁྲིད་རྡོ་རྗེ་ཟླ་བ་ [98a] དྲི་མ་མེད་པའི་འོད་འཇམ་མགོན་གསུང་། བྱིན་རླབས་ཉེ་བརྒྱུད་ཀྱི་གསོལ་འདེབས་དངོས་གྲུབ་སྙེ་མ་རྗེ་བློ་བཟང་གྲགས་པའི་གསུང་། བཀའ་གདམས་བླ་མཆོད་བཀྲ་ཤིས་གྲགས་པའི་རྒྱ་མཚོ་འཇམ་མགོན་གསུང་། བཀའ་གདམས་གསར་མའི་བླ་མཆོད་བདེ་སྟོང་དབྱེར་མེད་མ་པཎ་ཆེན་བློ་བཟང་ཆོས་རྒྱན་གསུང་། འདིའི་དཔེ་གདམས་མཛོད་པར་དུ་མེད། བཀའ་སྲུང་མགོན་པོ་གྲི་གུག་མའི་རྗེས་གནང་གི་ཡི་གེ་གདུག་པ་ཀུན་འཇོམས་འཇམ་མགོན་གསུང་། གྲི་གུག་དཔའ་གཅིག་གི་སྒྲུབ་ཐབས་དང་བཟླས་ལུང་འཇོག་ཚུལ་རིན་འབྱུང་ནས་ཕྱུངས་པ། ཛམ་དཀར་ལྷ་ལྔའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་རིན་འབྱུང་ནས་ཁོལ་ཕྱུངས་བཅས་སོ། ། ༼ག༽ གསུམ་པ་དཔལ་ལྡན་ས་སྐྱ་བའི་གདམས་ངག་གི་གཙོ་བོ་ལམ་འབྲས་ལམ་སྐོར་དང་བཅས་པ་ལ་གསུམ་ལས། དང་པོ་གཞུང་རྩ་བའི་སྐོར་བ། ལམ་འབྲས་བུ་བཅས་པའི་གཞུང་རྩ་བ་རྡོ་རྗེའི་ཚིག་རྐང་། དེའི་བསྡུས་དོན་མཆན་ཅན། གསུང་ངག་རིན་པོ་ཆེའི་ [98b] རྣམ་འགྲེལ་དོན་བསྡུས་ཚིགས་བཅད་མ་མཆན་ཅན། འཁོར་འདས་དབྱེར་མེད་ཀྱི་གཞུང་རྗེ་བཙུན་གྲགས་པའི་གསུང་། གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་ཇོ་ལྕགས་མ། ལམ་འབྲས་ཀྱི་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་ཚིགས་བཅད་མ། གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་ཚིགས་བཅད་མ་ངོར་ཆེན་ཀུན་དགའ་བཟང་པོའི་གསུང་། གཞུང་རྡོ་རྗེའི་ཚིག་རྐང་གི་འགྲེལ་པ་གཉགས་ཀྱི་མཆན་ཅན་བཅས། གཉིས་པ་སྨིན་བྱེད་དབང་ལ། ཀྱཻ་རྡོར་མངོན་རྟོགས་འབྲིང་དུ་བྱ་བ་ཡན་ལག་དྲུག་པའི་མཛེས་རྒྱན་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་། དཔལ་ཀྱཻ་རྡོ་རྗེའི་དབང་གི་ཆུ་བོ་ཆེན་མོའི་མཛེས་རྒྱན་གོང་གསུང་། ཀྱཻ་རྡོར་གཏོར་ཆོག་མཛེས་རྒྱན་གོང་གསུང་། ཀྱཻ་རྡོར་དབང་ཆོག་མན་ངག་ལུགས་ཀྱི་སྙིང་པོ་བསྡུས་པ་བློ་གཏེར་དབང་པོས་མཛད་པ་བཅས། གསུམ་པ་གྲོལ་བྱེད་ཁྲིད་ལ། ལམ་འབྲས་བརྒྱུད་འདེབས་མཁྱེན་བརྩེའི་གསུང་། རིང་བརྒྱུད་ལམ་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་སྦས་དོན་ཀུན་གསལ་བསོད་ནམས་རྒྱལ་མཚན་གྱིས་མཛད་པ། ཉེ་ [99a] བརྒྱུད་ལམ་སྦས་བཤད་བདག་ཆེན་བློ་གྲོས་རྒྱལ་མཚན་གྱིས་མཛད་པ། ཤིན་ཏུ་ཉེ་བརྒྱུད་བརྡ་དོན་གསལ་བའི་ཁྲིད་ཡིག་གོང་གསུང་། ཕྱི་མ་འདི་ཀྱཻ་རྡོར་ལུགས་ཀྱི་སྦྱོར་དྲུག་ཏུའང་གྲགས། ལམ་འབྲས་ཕག་གྲུ་ལུགས་ཀྱི་ཁྲིད་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་གྱིས་ཟིན་བྲིས་མཛད་པ། བཤད་རྒྱུད་རྡོ་རྗེ་གུར་གྱི་དགོངས་པ་དག་པ་གསུམ་གྱི་ཁྲིད་ཆོས་རྒྱལ་འཕགས་པས་མཛད་པ། འདི་ལ་ཀྱཻ་རྡོར་འགྲེལ་པ་ལུགས་སམ་རྩ་བ་མེད་པའི་ལམ་འབྲས་སུ་གྲགས། ལམ་སྐོར་ཕྱི་མ་བརྒྱད་ཀྱི་བརྒྱུད་འདེབས་ངོར་ཆེན་གསུང་ལ་མཁྱེན་བརྩེའི་ཁ་སྐོང་ཅན། ཌོམྦྷི་ཧེ་རུ་ཀས་མཛད་པའི་ལྷན་ཅིག་སྐྱེས་གྲུབ་མཆན་ཅན། བསྐྱེད་རིམ་ཟབ་མོའི་ཚུལ་དགུ་དང་། རྫོགས་རིམ་མར་མེའི་རྩེ་མོ་ལྟ་བུའི་གདམས་ངག་རྗེ་བཙུན་གྲགས་པས་མཛད་པ། སློབ་དཔོན་པདྨ་བཛྲ་གྱིས་མཛད་པའི་ཀྱཻ་རྡོར་མར་མེའི་རྩེ་མོ་ལྟ་བུའི་གདམས་ངག་རྒྱ་གཞུང་། ནག་པོ་སྤྱོད་པའི་རྡོ་རྗེས་མཛད་པའི་གཏུམ་མོ་ལམ་རྫོགས་ཀྱི་གདམས་ངག་རྗེ་བཙུན་གྲགས་པས་མཛད་པ། སློབ་ [99b] དཔོན་ཨུ་ཙི་ཏ་འཆི་བ་མེད་པས་མཛད་པའི་རྩ་རླུང་ཐིག་ལེ་ཡོན་པོ་སྲོང་བའི་མན་ངག་ལོ་རྒྱུས་གདམས་ངག་དང་བཅས་རྗེ་བཙུན་གྲགས་པས་མཛད་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་མཆོད་རྟེན་དྲུང་ཐོབ་བམ་སེམས་ཐག་བཅད་པའི་མན་ངག་གི་གསལ་བྱེད་ས་ཆེན་གྲགས་པའི་གསུང་། སློབ་དཔོན་ངག་དབང་གྲགས་པས་མཛད་པའི་ཕྱག་ཆེན་ཡི་གེ་མེད་པའི་མན་ངག་གྲགས་རྒྱལ་གྱི་གསུང་། སློབ་དཔོན་ཏོག་ཙེ་པས་མཛད་པའི་བསམ་གྱིས་མི་ཁྱབ་པའི་མན་ངག་གི་རིམ་པའི་རྒྱ་གཞུང་། དེའི་ལོ་རྒྱུས། དེའི་དོན་བསྡུས་མཆན་ཅན། གདམས་ངག་གི་གསལ་བྱེད་གྲགས་པས་མཛད་པ། ལོག་གནོན་རྣམ་པ་ལྔ་ཡི་གདམས་ངག། སློབ་དཔོན་ཨིནྡྲ་བྷུ་ཏིས་མཛད་པ་ཕྱག་རྒྱའི་ལམ་གྱི་གདམས་ངག་རྩ་བ་གསལ་བྱེད་ལོ་རྒྱུས་དང་བཅས་པ་ས་ཆེན་གྲགས་པས་མཛད་པ། ཌོམྦྷི་ཧེ་རུ་ཀས་མཛད་པའི་ལྷན་གཅིག་སྐྱེས་གྲུབ་ཀྱི་ཁྲིད་བཀྲ་ཤིས་གི་ཝཾ་སྨན་བཅུད། སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་ཟབ་པའི་ཚུལ་དགུའི་ཁྲིད་བཀྲ་ཤིས་ཡུངས་ཀར་གོང་བུ། ནག་པོ་པའི་གཏུམ་མོ་ལམ་རྫོགས་ཀྱི་ཁྲིད་བཀྲ་ [100a] ཤིས་ལི་ཁྲིའི་ཐིག་ལེ། ནག་པོ་ཨུ་ཙི་ཏ་འཆི་བ་མེད་པའི་ཡོན་པོ་སྲོང་བའི་ཁྲོད་བཀྲ་ཤིས་ཞོའི་སྙིང་པོ། འཕགས་པ་ཀླུ་སྒྲུབ་ཀྱི་མཆོད་རྟེན་དྲུང་ཐོབ་ཀྱི་ཁྲིད་བཀྲ་ཤིས་བིལ་བའི་ལྗོན་བཟང་། ངག་དབང་གྲགས་པའི་ཕྱག་ཆེན་ཡི་གེ་མེད་པའི་ཁྲིད་བཀྲ་ཤིས་དུརྦའི་མྱུ་གུ ། ཏོག་ཙེ་པའི་བསམ་གྱིས་མི་ཁྱབ་པའི་ཁྲིད་བཀྲ་ཤིས་དྭངས་ཤེལ་མེ་ལོང་། ཨིནྡྲི་བྷུ་ཏིའི་ཕྱག་རྒྱའི་ལམ་གྱི་ཁྲིད་བཀྲ་ཤིས་དུང་དཀར་གཡས་འཁྱིལ་བཅས་འཇམ་མགོན་གསུང་། འབྲོག་མིས་མཁས་པ་སྒོ་དྲུག་ལས་གསན་པའི་སྒོ་དྲུག་ཆོས་འབྲེལ་གྱི་ཁྲིད་ལམ་འབྲས་པོད་དམར་ནས་ཕྱུང་བ། ཤེས་རབ་འབྱུང་གནས་སྦས་པའི་ཕྱི་རོལ་གདོན་གྱི་བར་ཆད་སེལ་བ། ཛྙཱ་ན་ཤྲཱིའི་མན་ངག་འབྱུང་བ་ལུས་འཁྲུགས་ཀྱི་བར་ཆད་སེལ་བ། བླ་མ་རིན་ཆེན་རྡོ་རྗེའི་ཏིང་ངེ་འཛིན་སེམས་ཀྱི་བར་ཆད་སྲུང་བའི་མན་ངག། ངག་དབང་གྲགས་པའི་གཉུག་མ་དྲན་གསལ། དབང་བཞིའི་ལམ་སྟན་ཐོག་གཅིག་ཏུ་སྒོམ་ཚུལ་གཉུག་མ་དྲན་གསལ། ནཱ་རོ་པའི་ཕྱག་ཆེན་སྡུག་བསྔལ་གསུམ་སེལ། དེ་རྣམས་ [100b] ཀྱི་ཞར་བྱུང་དུ་བཞག་པ་ཞེན་པ་བཞི་བྲལ་གྱི་བརྒྱུད་འདེབས་ངོར་ཆེན་གྱིས་མཛད་པར་མཁྱེན་བརྩེའི་ཁ་སྐོང་ཅན། བློ་སྦྱོང་ཞེན་པ་བཞི་བྲལ་གྱི་སྐོར་ལས་ལོ་རྒྱུས་རྩ་ཚིག། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཞེན་པ་བཞི་བྲལ། ས་པཎ་གྱིས་མཛད་པའི་ཞེན་པ་བཞི་བྲལ་གྱི་གདམས་ངག་ཚིག་ལྷུག། ནུབ་པ་རིག་འཛིན་གྲགས་ཀྱི་ཟིན་བྲིས། དེའི་ཁྲིད་ཨ་ནནྟ་བྷ་དྲའི་གསུང་སྒྲོས་ཞེན་པ་བཞི་བྲལ་གྱི་ཁྲིད་ཀུན་དགའ་ལེགས་རིན་གྱིས་མཛད་པ། དེའི་འཆད་ཐབས་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ངག་དབང་ལེགས་གྲུབ་ཀྱིས་མཛད་པ། ལམ་འབྲས་བླ་མཆོད་ཚོགས་གཉིས་རབ་རྒྱས་རྗེ་ཀུན་དགའ་ཆོས་འཕེལ་གྱིས་མཛད་པ། བདེ་མཆོག་སྡོམ་འབྱུང་ནས་བཤད་པའི་ཆང་གི་ཆོ་ག་རིག་འཛིན་ཀུན་དགའ་བློ་གྲོས་ཀྱི་གསུང་། བསྟན་སྲུང་གུར་མགོན་ལྷ་བརྒྱད་ཀྱི་སྒྲུབ་རྗེས་གཟི་བརྗིད་སྟོབས་འབར་རིན་འབྱུང་ལས་ཁོལ་ཕྱུང་དུ་འཇམ་མགོན་གྱིས་བསྡེབས་པ་རྣམས་སོ། ། ༼ང་༽ བཞི་པ་སྒྲུབ་བརྒྱུད་བསྟན་པའི་སྤྱི་མེས་དགྱེས་མཛད་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་མངའ་ [101a] བདག་མར་པའི་བཀའ་བརྒྱུད་ཀྱི་གདམས་ངག་ལ་གཉིས། གཞུང་རྩ་འགྲེལ་གྱི་སྐོར། གདམས་ངག་ཁྲིད་ཀྱི་རིམ་པའོ། །དང་པོ་ལའང་གཉིས་ལས། དང་པོ་ཐུན་མོང་ཕྱག་ཆེན་གྱི་སྐོར་ལ། ཟབ་ལམ་ཕྱག་རྒྱ་ཆེན་པོ་དང་ནཱ་རོ་ཆོས་དྲུག་གི་གཞུང་གཅེས་བཏུས་ངེས་དོན་རིན་པོ་ཆེའི་མཛོད་ཅེས་པའི་ནང་གསེས་སུ་དཔལ་རྙོགས་པ་མེད་པའི་རྒྱུད། དམངས་དོ་ཧ་ས་ར་ཧའི་གསུང་། དེའི་བསྡུས་དོན་སྤར་ཕུ་པས་མཛད་པ། འདི་ལ་ལུང་མེད། དོ་ཧ་མཛོད་ཅེས་བྱ་བ་ཕྱག་ཆེན་མན་ངག་ཤ་བ་རིས་མཛད་པ། ཏེ་ལོ་པའི་ཕྱག་ཆེན་གངྒ་མ། དེའི་ས་བཅད་ཀུན་མཁྱེན་རང་བྱུང་རོལ་པའི་རྡོ་རྗེས་མཛད་པ། དེའི་འགྲེལ་པ་རང་བྱུང་རྡོ་རྗེའི་གསུང་། ནཱ་རོའི་ཕྱག་ཆེན་ཚིགས་བསྡུས། དེའི་འགྲེལ་ཆུང་རྟོགས་པར་སླ་བ་མཁྱེན་བརྩེའི་གསུང་། མཻ་ཏྲི་པའི་དེ་ཁོ་ན་ཉིད་བཅུ་པ། མར་པས་ས་ར་ཧ་ལས་གསན་པའི་ཕྱག་ཆེན་ཡིད་ལ་མི་བྱེད་པ་སྙིང་པོ་དོན་གྱི་གདམས་ངག་ཡི་གེ་བཞི་པའི་དོན་རྡོ་རྗེའི་མགུར་དུ་བཞེངས་པ། རྗེ་བཙུན་མི་ལའི་ཡེ་ཤེས་གསལ་བྱེད་ཀྱི་རྩ་བ། སྒམ་པོ་པའི་ཕྱག་ཆེན་ལམ་ [101b] གཅིག་ཆོད་བཅས་སོ། །གཉིས་པ་ཐུན་མིན་ཆོས་དྲུག་གི་སྐོར་ལ། བཀའ་ཡང་དག་པའི་ཚད་མ་ཞེས་བྱ་བ་མཁའ་འགྲོ་མའི་མན་ངག། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་རྒྱལ་བ་རྡོ་རྗེ་འཆང་གི་བཀའ། དེའི་འགྲེལ་ཆུང་རྡོ་རྗེའི་ཚིག་འབྱེད། ནཱ་རོའི་གདམས་ངག་ཆོས་དྲུག་སྐོར་གྱི་ཀ་དཔེ་ཚིགས་བཅད་ལྷུག་གཉིས། ཀ་དཔེ་ཆུང་བའམ་ཏཻ་ལོའི་ཆོས་དྲུག་གི་གཞུང་ཆུང་ཡིད་བཞིན་ནོར་བུ། ནཱ་རོ་པའི་ཆོས་དྲུག་རྡོ་རྗེའི་མགུར། རྗེ་བཙུན་མི་ལའི་སྙན་བརྒྱུད་གསལ་བ་སྐོར་གསུམ་བཅས་སོ། །གཉིས་པ་གདམས་ཁྲིད་ཀྱི་རིམ་པ་ལ། སྨིན་བྱེད་དབང་དང་། གྲོལ་བྱེད་ཁྲིད་གཞུང་དངོས་གཉིས་ལས། དང་པོ་ནི། བཀའ་སྲོལ་འདིར་རྩ་བའི་སྨིན་བྱེད་བདེ་མཆོག་ཡབ་ཡུམ་གང་རུང་ལ་བརྟེན་ཅིང་དེའང་ནཱ་རོ་ལུགས་གཙོ་བོར་མཛད་པར་མཐུན་ཡང་ལུགས་སྲོལ་དེ་ལ་སྙན་བརྒྱུད་ཐུན་མོང་མ་ཡིན་པ་དང་། ཐུན་མོང་བཀའ་བརྒྱུད་སོ་སོའི་བཀའ་སྲོལ་ལས་བྱོན་པའི་རྣམ་གྲངས་མང་དུ་བཞུགས་པ་ལས། འདིར་སྤྱི་ཙམ་དུ་བཀའ་བརྒྱུད་རྩ་བ་དྭགས་པོ་ལུགས་ཀྱི་བདེ་མཆོག་ [102a] དབང་གི་སྒྲུབ་དཀྱིལ་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པ་བཞུགས། དྭགས་པོ་སྙན་བརྒྱུད་ལུགས་ཀྱི་བདེ་མཆོག་སྒྲུབ་ཐབས་བདེ་ཆེན་དྲྭ་བ་འཇམ་མགོན་གསུང་། དེའི་དཀྱིལ་ཆོག་གོང་གསུང་། སྙན་བརྒྱུད་ལྷན་ཅིག་སྐྱེས་མའི་ཡུམ་བཀའ་རྒྱས་པའི་མངོན་དཀྱིལ་དང་དབང་ཆོག་བདུད་རྩིའི་བུམ་པ་བྱ་བྲལ་ཀུན་དགའ་གསུང་། ཅ་རྟགས་ཡོད་པའི་ཆོས་ཚན་དྲུག་པོ་འདི་དཀར་ཆག་ཏུ་མི་གསལ་ཞིང་དཔེའི་ཀ་རྟགས་ཅ་པར་འཁོད་རུང་ས་བཅད་དབང་གིས་འདིར་བཞུགས་པ་ཡིན་པས་འདི་བཞིན་མཁྱེན་ལྡན་ཀུན་གྱིས་དཔྱད་པར་འཚལ་ལོ། ། བདེ་མཆོག་རས་ཆུང་ལུགས་ཀྱི་སྒྲུབ་ཐབས་བདེ་ཆེན་ཡེ་ཤེས་ཐིག་ལེ་འཇམ་མགོན་གསུང་། དེའི་དཀྱིལ་ཆོག་བདེ་ཆེན་ལང་ཚོ་གོང་གསུང་། བདེ་མཆོག་སྙན་བརྒྱུད་རས་ཆུང་ལུགས་ཀྱི་ཡུམ་བཀའ་དབང་བསྡུས་པ་ལྷན་ཅིག་སྐྱེས་མའི་སྒྲུབ་དཀྱིལ་དབང་ཆོག་བཅས་པད་རག་བུམ་བཟང་གོང་གསུང་། བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་བསྡུས་པ་ངམ་རྫོང་ལུགས་ཀྱི་སྒྲུབ་དཀྱིལ་དབང་ཆོག་བཅས་ཧེ་རུ་ཀ་དགྱེས་པའི་ཐིག་ལེ་གོང་གསུང་། རྗེ་བཙུན་རྡོ་རྗེ་ [102b] རྣལ་འབྱོར་མའི་སྙན་བརྒྱུད་ལྷན་ཅིག་སྐྱེས་མའི་བརྡ་དབང་ཟབ་མོའི་སྒྲུབ་ཐབས་དབང་བསྐུར་བཅས་ཟབ་གསང་བདེ་ཆེན་ཤིང་རྟ་ཀརྨ་བཀྲ་ཤིས་འོད་ཟེར་གྱི་གསུང་། མཻ་ཏྲི་ལུགས་ཀྱི་སྡོམ་པ་བཅུ་གསུམ་མའི་སྒོ་ནས་ཐོད་དབང་མེའི་འཁོར་ལོའི་བྱིན་རླབས་བྱ་བའི་ལག་ལེན་བདེ་དྲོད་དཔུང་བསྐྱེད་འཇམ་མགོན་གསུང་བཅས་སོ། །གཉིས་པ་ཁྲིད་གཞུང་དངོས་ལ་གཉིས། རྩ་བ་སྙན་བརྒྱུད་ཀྱི་ཆོས་སྐོར་དང་། བཀའ་བརྒྱུད་སོ་སོ་ལས་གྱེས་པའི་ཡིག་ཆ་རྣམས་སོ། །དང་པོ་ནི། རས་ཆུང་སྙན་བརྒྱུད་ལུགས་འཁོར་ལོ་སྡོམ་པའི་གཞུང་ཆུང་ཏིལླི་པས་མཛད་པ། སྙན་བརྒྱུད་ཡིད་བཞིན་ནོར་བུའི་གཞུང་གི་བསྡུས་དོན་རྣམ་བཤད། བདེ་མཆོག་སྙན་བརྒྱུད་ལས་བུམ་དབང་དང་འབྲེལ་བའི་ཉམས་ལེན་ཐུན་མོང་ཡིད་བཞིན་ནོར་བུའི་ཁྲིད་མི་ལའི་གསུང་། བདེ་མཆོག་སྙན་བརྒྱུད་ཀྱི་རྫོགས་རིམ་སྟེང་སྒོ་རྣམ་གྲོལ་ཆོས་དྲུག་གི་ཁྲིད་གོང་གསུང་། དེའི་གཏུམ་མོ་དང་ཐབས་ལམ་གྱི་འཁྲུལ་འཁོར། གཏུམ་མོའི་འཁྲུལ་འཁོར་བཅོ་བརྒྱད་པ། བདེ་མཆོག་སྙན་བརྒྱུད་ཀྱི་འོག་སྒོ་བདེ་བ་ཆེན་པོའི་གདམས་ [103a] པ་ཡེ་ཤེས་གསལ་སྒྲོན། བདེ་མཆོག་སྙན་བརྒྱུད་ཀྱི་འོད་རིག་བདེ་ཆེན་གྱི་གདམས་པ། ཕྱག་ཆེན་ཡི་གེ་བཞི་པའི་གདམས་པ། དེའི་འགྲེལ་པ་གསལ་བྱེད་ཉི་མའི་མགོན་པོ་རྒོད་ཚང་སྣ་ཚོགས་རང་གྲོལ་གྱི་གསུང་། བདེ་མཆོག་སྙན་བརྒྱུད་ཀྱི་ཕྱག་ཆེན་ཡེ་ཤེས་གསལ་བྱེད་མི་ལའི་གསུང་། རས་ཆུང་པ་ནས་བརྒྱུད་པའི་ཕྱག་ཆེན་ཡན་ལག་བདུན་ལྡན་གྱི་ཁྲིད་མཁའ་སྤྱོད་པའི་གསུང་། བདེ་མཆོག་སྙན་བརྒྱུད་ཀྱི་ལམ་བློ་ནས་གཅོད་པ་བར་དོ་ངོ་སྤྲོད་མི་ལའི་གསུང་། སྙན་བརྒྱུད་བརྒྱུད་འདེབས་བྱིན་རླབས་དཔལ་སྟེར་མཁྱེན་བརྩེའི་གསུང་། སྙན་བརྒྱུད་ལམ་རིམ་ནོར་བུའི་སྙིང་པོ་མཁྱེན་བརྩེའི་གསུང་། འབྲིང་པོ་ངམ་རྫོང་སྙན་བརྒྱུད་ཚེ་རིང་སྐོར་གསུམ་གྱི་གཞུང་། ཕྱག་ཆེན་ཡེ་ཤེས་གསལ་བྱེད་གསང་བ་ངོ་སྤྲོད་པའི་གདམས་ངག་ངམ་རྫོང་ལུགས་ཟུར་མང་སྙན་བརྒྱུད་ལས་བྱུང་བ། བསྡུས་པ་དྭགས་པོ་སྙན་བརྒྱུད་ཀྱི་མན་ངག་བརྗེད་བྱང་མ། ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ཏིལླི་པའི་གདམས་པ། རྗེ་རས་ཆུང་པའི་གདམས་པ་ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུའི་རྩ་བ་ཟུར་ [103b] མང་སྙན་བརྒྱུད་ལས་བྱུང་བ་ནང་གསེས་སུ་། དཔལ་ལུས་མེད་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རྡོ་རྗེའི་ཚིག་རྐང་གསང་བ་གནད་ཀྱི་མན་ངག། གསང་བ་རྡོ་རྗེའི་སྦས་བཤད་ཏེ་ལོ་པས་མཛད་པ། ལུས་མེད་མཁའ་འགྲོའི་སྒྲུབ་ཐབས་རས་ཆུང་པས་མཛད་པ། དེའི་ཁྲིད་རས་ཆུང་པའི་སྙན་བརྒྱུད། དེའི་ཞལ་ཤེས། མར་པའི་ཁྱད་པར་གྱི་གདམས་པ་སྙན་གྱི་ཤོག་དྲིལ་བཞི་ལོ་རྒྱུས་གཞུང་ལྷན་ཐབས་བཅས་པའི་ནང་གསེས་སྙན་གྱི་ཤོག་དྲིལ་བཞིའི་ལོ་རྒྱུས། གཞུང་རྩ་བ་དྲྭ་མིག་འཁོར་ལོ། ཕྱག་ཆེན་ཆིག་བསྡུས། གོང་དུ་འཕོ་བའི་མན་ངག་ལྷན་ཐབས། བློས་ཆོད་ཀྱི་མན་ངག་མཻ་ཏྲིའི་གསུངས་ཞལ་གདམས་བཅས་སོ། །གཉིས་པ་བཀའ་སྲོལ་སོ་སོ་ལས་བྱུང་བའི་ཁྲིད་ཀྱི་སྐོར་ལ། དྭགས་པོ་བཀའ་བརྒྱུད་ལས། སྒམ་པོ་ལུགས་ཀྱི་ཕྱག་ཆེན་དང་ཆོས་དྲུག་ཟུང་འབྲེལ་གྱི་བརྒྱུད་འདེབས་བྱིན་རླབས་འཕོ་བའི་གསེང་ལམ། སྔོན་འགྲོའི་ཁྲིད་ཐུན་བཞིའི་རྣལ་འབྱོར་བཀྲ་ཤིས་མཚན་གྱི་གསུང་། རྩ་བ་དྭགས་པོའི་གདན་ས་ལུགས་ཀྱི་ཟབ་ལམ་ཆོས་དྲུག་གི་ཁྲིད་ཡིག་ཆེན་མོ་གསང་ཆེན་དེ་ཉིད་གསལ་བ་མངྒ་ལའི་གསུང་། [104a] ཕྱག་ཆེན་ཁྲིད་གཉུག་མའི་དེ་ཉིད་གསལ་བ་གོང་གསུང་། ཆོས་བཞི་མདོར་བསྡུས་དྭགས་པོའི་གསུང་། བཀྲ་རྣམ་པའི་སྒྲུབ་པའི་ཞལ་བསྐོས། ལུང་མེད། སེམས་ཁྲིད་ཡིད་བཞིན་ནོར་བུའི་ལོ་རྒྱུས། དེའི་གཞུང་། འཕོ་བ་དོན་གྱི་གྲོང་འཇུག་བཅས་ཟུར་མང་སྙན་བརྒྱུད་ལས་བྱུང་བ། འགྲོ་མགོན་ཚལ་པ་བཀའ་བརྒྱུད་ལས། སྐྱེ་མེད་ཞང་རིན་པོ་ཆེས་མཛད་པའི་ཕྱག་ཆེན་ལམ་མཆོག་མཐར་ཐུག། ཕྱག་ཆེན་སྒོམ་མ་མོ་ཆེན་མོའི་སྔོན་འགྲོ་དངོས་གཞིའི་མན་ངག་གོང་གསུང་། བཀའ་རྒྱ་མའི་དོན་བསྡུས་ཞྭ་དམར་ལྔ་པའི་གསུང་བཅས་སོ། ། ༼ཅ༽ ། སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཁྲིད་སྐོར་ལས། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་རང་བྱུང་རྡོ་རྗེའི་གསུང་། ནཱ་རོ་ཆོས་དྲུག་གི་གསལ་བྱེད་སྤྱི་ཆིངས་ཁྲིད་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་ཆོས་དྲུག་གསེར་ཞུན་མར་གྲགས་པ། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཀྱི་སྤྱི་སྡོམ་རྩ་ཚིག་དགུ་པ་དབང་ཕྱུག་རྡོ་རྗེའི་གསུང་། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཆོས་སྐུ་མཛུབ་ཚུགས་བཛྲ་ཤྭ་རའི་གསུང་། ཕྱག་ཆེན་ལྷན་སྐྱེས་སྔོན་འགྲོ་ [104b] སོགས་ཀྱི་ངག་འདོན་དབང་ཕྱུག་རྡོ་རྗེའི་གསུང་། བླ་མ་རྒྱང་འབོད་ཞྭ་དམར་ལྔ་པའི་གསུང་། ནཱ་རོའི་གསུང་ཕྱག་ཆེན་ཆིག་བསྡུས་མན་ངག་རྒྱུད་ཀྱི་ལུང་དང་སྦྱར་བ་གཙོ་བོར་བཏོན་པའི་འགྲེལ་ཆུང་རྟོགས་པར་སླ་བ་མཁྱེན་བརྩེའི་གསུང་། རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་ལྟ་ཁྲིད་སྙིང་པོ་བསྡུས་པ་དཔའ་བོ་གཙུག་ལག་ཕྲེང་བའི་གསུང་། ཕྱི་སྒྲུབ་ཟིན་བྲིས་གཙུག་ལག་རྒྱ་མཚོས་མཛད་པ། རླུང་སེམས་གཉིས་མེད་རྩ་བ་རང་བྱུང་ཞབས་ཀྱིས་མཛད་པ། དེའི་ཁྲིད་ཟིན་ལོ་ཆེན་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པ། ཆོས་དྲུག་བདུད་རྩིའི་ཉིང་ཁུའི་སྔོན་འགྲོ་དངོས་གྲུབ་མྱུར་སྩོལ་སི་ཏུ་པདྨ་ཉིན་བྱེད་ཀྱི་གསུང་། ཆོས་དྲུག་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ་ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་གི་གསུང་། སྐུ་གསུམ་ངོ་སྤྲོད་རྗེ་རང་བྱུང་རྡོ་རྗེས་མཛད་པ། ཡང་སྐུ་གསུམ་ངོ་སྤྲོད་ཀྱི་གདམས་པ་རྗེ་བཅུ་བཞི་པ་ཐེག་ཆེན་མཆོག་རྡོ་རྗེས་མཛད་པ། ནཱ་རོའི་གེགས་སེལ་ཉེར་ལྔའི་མན་ངག། རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེ་ལ་བརྟེན་པའི་ཐུན་བཞིའི་བླ་མའི་རྣལ་འབྱོར་དམིགས་ཁྲིད་དང་བཅས་པ་ཨ་རཱ་གའི་གསུང་། དེའི་དམིགས་རིམ་རྡོ་རྗེ་འཆང་ཆུང་མ་ [105a] གོང་གསུང་། ཟུར་མང་བཀའ་བརྒྱུད་ལས། དྲུང་རྨ་སེ་བློ་གྲོས་རིན་ཆེན་གྱིས་མཛད་པའི་ཕྱག་ཆེན་ཁྲིད་ཡིག། རི་ཆོས་བཻཌཱུ་རྱའི་ཕྲེང་བ་དྲུང་ཀུན་དགའ་རྣམ་རྒྱལ་གྱིས་མཛད་པ། གནས་མདོ་བཀའ་བརྒྱུད་ལས། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་ཚེ་དཔོན་བུ་ལུ་ལ་གདམས་པའི་ཐུགས་ཆེན་ཕྱག་རྫོགས་ཟུང་འཇུག་གི་ཉམས་ལེན་སྙིང་པོར་བསྡུས་པ། ཕག་གྲུ་བཀའ་བརྒྱུད་ཀྱི་རྩ་བའི་ཆོས་སྐོར་ལས། ཕག་གྲུ་རྡོ་རྗེ་རྒྱལ་པོས་མཛད་པའི་ཕྱག་ཆེན་གདམས་པ། ཟུང་བཞི་ཡ་བརྒྱད་ཀྱི་ཆོས་སྐོར་ལས། དཔལ་འབྲི་གུང་པའི་དམ་ཆོས་དགོངས་པ་གཅིག་པའི་རྩ་བ་སྤྱན་སྔ་ཤེས་འབྱུང་གསུང་། རྡོ་རྗེའི་གསུང་བརྒྱ་ལྔ་བཅུ་པའི་ངག་འདོན་ཚིགས་བཅད་མ་དཀོན་མཆོག་རིན་ཆེན་གསུང་། རྡོ་རྗེའི་གསུང་བརྒྱ་ལྔ་བཅུ་པའི་ལྷན་ཐབས་བཞི་བཅུ་རྩ་བདུན་པ། དེའི་ལྷན་ཐབས་ཚིགས་བཅད་མ་དྷརྨ་སུརྱའི་གསུང་། དམ་ཆོས་དགོངས་པ་གཅིག་པའི་ཆིངས་རྣམ་བཞི། དགོངས་གཅིག་ཁོག་ཕུབ་སྙིང་པོར་དྲིལ་བ། ལྔ་ལྡན་གཏོར་དབང་ཡིད་བཞིན་ནོར་བུ་འབྲི་གུང་ཆོས་གྲགས་གསུང་། [105b] ཕྱག་ཆེན་ལྔ་ལྡན་གྱི་ཁྲིད་ཚིགས་བཅད་མ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱི་གསུང་། ལྔ་ལྡན་ཁྲིད་རྒྱ་མཚོ་ལྟ་བུ་ཞྭ་དམར་ལྔ་པ་དཀོན་མཆོག་འབངས་ཀྱིས་མཛད་པ། བླ་མེད་ལྷན་སྐྱེས་རྣམ་བཞིའི་རྫོགས་རིམ་སྙིང་པོ་དོན་གྱི་ཕྲེང་བ་འབྲི་གུང་ཆོས་གྲགས་གསུང་། ནཱ་རོའི་ཆོས་དྲུག་གི་རྟོགས་པ་དོན་གྱི་བརྒྱུད་པ་ལ་གསོལ་བ་འདེབས་པ་གོང་གསུང་། དཔལ་འབྲི་གུང་ལུགས་ཀྱི་ཆོས་དྲུག་དྲིལ་བའི་གདམས་པ་གོང་གསུང་། ཕྱག་ཆེན་ལྷན་སྐྱེས་ཁྲིད་གཞུང་ཆུང་སྟག་ལུང་ཐང་པའི་གསུང་། ནཱ་རོ་ཆོས་དྲུག་ཁྲིད་ཡིད་བཞིན་ནོར་བུ་གོང་གསུང་། ཁྲོ་ཕུ་བཀའ་བརྒྱུད་ལས་བྱུང་བའི་ཕྱག་ཆེན་ལྔ་ལྡན་གྱི་ཁྲིད། ཡི་གེ་བཞི་པའི་ཁྲིད། གླིང་རས་བཀའ་བརྒྱུད་དཔལ་ལྡན་འབྲུག་པའི་ཟབ་ཆོས་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་སྔོན་འགྲོའི་ཟིན་བྲིས་འབྲུག་པད་དཀར་གསུང་། འབྲུག་ལུགས་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་ཁྲིད་གོང་གསུང་། ཆོས་དྲུག་བསྡུས་པའི་ཟིན་བྲིས་གོང་གསུང་། སྤྱོད་པ་ཆོས་ཀྱི་གླུ་རོ་མཉམ་རྩ་བ་རྒྱ་གཞུང་ཆོས་ཀྱི་རྗེས་མཁར་ཆུ་བྲག་ནས་སྤྱན་དྲངས་པ། རོ་སྙོམས་སྐོར་དྲུག་གི་ཁྲིད་ཡིག་ [106a] དཔལ་མཁའ་སྤྱོད་དབང་པོས་མཛད་པ། དེའི་ཉམས་ལེན་དགོངས་དྲིལ་འབྲུག་པད་དཀར་གསུང་། རྟེན་འབྲེལ་གྱི་སྒོམ་རིམ་དམ་པའི་ཆོས་ཀྱི་ཟ་མ་ཏོག་གོང་གསུང་། བླ་མ་ཕྱི་ནང་གསང་བར་སྒྲུབ་པའི་གཞུང་མགོན་པོ་ཀླུ་སྒྲུབ་གསུང་། ལམ་ཟབ་ཐུན་མོང་གི་ཁྲིད་པད་དཀར་གསུང་། ཟབ་ལམ་ཐུན་མིན་ཁྲིད་གོང་གསུང་། ཁྲིད་ཆེན་བརྒྱད་ཀྱི་མཛེས་རྒྱན་གོང་གསུང་། ཁྲིད་ཆུང་བརྒྱད་ཀྱི་གདམས་པ་ཀུན་ལ་མེད་པའི་ཁྱད་ཆོས། དགེ་སྦྱོར་བདུན་པའི་ཉམས་ལེན་སྒང་དྲིལ་གོང་གསུང་། ལོ་རས་ལས་བརྒྱུད་པའི་སྨད་འབྲུག་བཀའ་བརྒྱུད་ཀྱི་ཁྱད་ཆོས་ཐུབ་པ་ལྔ་ལྡན་གྱི་ཁྲིད་ཆོས་སྐུ་རང་ཤར། རྒྱལ་བ་ཡང་དགོན་པའི་རི་ཆོས་སྙིང་པོ་མ་དྲུག་གི་གདམས་པ་ལས་དྲག་རླུང་གནད་ལྔ་མ། འཕོ་བ་ཧཱུྃ་དམར་མའི་ལོ་རྒྱུས་དང་ཞལ་གདམས། སྟོང་ཉིད་རྡོ་རྗེའི་ཚིག་དྲུག་མའི་ཞལ་གདམས་ཆེ་ལོང་ཙམ་བཀོད་པ། གསང་ཆོས་རྨངས་ལམ་མའི་ཞལ་གདམས། ནད་འདོན་ཧཱུྃ་ཆོས་མའི་ཞལ་གདམས། འཛག་སྲུང་བཀའ་རྒྱ་མའི་ཞལ་གདམས། འབའ་ [106b] ར་བ་རྒྱལ་མཚན་དཔལ་བཟང་གི་ཟབ་ཆོས་ཕྱག་ཆེན་ལྷན་སྐྱེས་ཀྱི་ཏིང་ངེ་འཛིན་གྱི་དབང་། དེའི་སྔོན་འགྲོ། དེའི་རྩ་ཡིག། དེའི་གཞུང་ཆུང་། དེའི་གནད་ཡིག། དེའི་ངོ་སྤྲོད་བཅས་གོང་གསུང་། ཆོས་དྲུག་རྡོ་རྗེའི་གཞུང་གོང་གསུང་། རྗེ་བློ་གྲོས་ཆོས་འཕེལ་གྱི་ཟབ་གཏེར་བླ་སྒྲུབ་ཕྱག་ཆེན་ཆོས་དྲུག་མདོར་བསྡུས་སྙིང་པོར་དྲིལ་བ། དེའི་བརྒྱུད་འདེབས། ཆོས་དྲུག་བསྡུས་པའི་འཕོ་བའི་གསོལ་འདེབས། གནས་ལུགས་ཕྱག་ཆེན་ཁྲིད་སངས་རྒྱས་ཡེལ་བ་ཡེ་ཤེས་བརྩེགས་ཀྱིས་མཛད་པ། བཀའ་བརྒྱུད་སྤྱིའི་བླ་མཆོད་བཀྲ་ཤིས་གྲགས་པའི་སྒྲ་དབྱངས། མགོན་པོ་ཕྱག་བཞི་པ་རྒྭ་ལོ་ནས་བརྒྱུད་པ་ཐིལ་ལུགས་དང་ཚལ་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ལྷ་མོ་དུད་སོལ་མའི་སྒྲུབ་རྗེས་རིན་འབྱུང་ནས་ཁོལ་ཕྱུང་། བདེ་མགོན་སྦྲགས་སྒྲུབ་རྒྭ་ལོའི་སྙན་བརྒྱུད་ཨ་རཱ་གའི་གསུང་། མགོན་པོ་ཕྱག་བཞི་སྐུ་རེགས་མའི་རྒྱ་གཞུང་དང་འཁོར་ལོ་གཉིས་མའི་སྒྲུབ་ཐབས་ཀྱི་ཁྲིད་ཡིག། དཔལ་མགོན་ཕྱག་བཞི་ཚལ་ལུགས་ཀྱི་སྒྲུབ་རྗེས་ཏིང་འཛིན་དབང་བསྐུར་བཅས་དངོས་གྲུབ་ཡང་སྙིང་རིན་འབྱུང་ [107a] ནས་ཕྱུང་པ། དཔལ་མགོན་ཕྱག་བཞི་ཐིལ་ལུགས་ལྷ་བཅུ་བདུན་པའི་སྒྲུབ་རྗེས་བྱིན་རླབས་ཡང་སྙིང་རིན་འབྱུང་ནས་ཕྱུང་བ། འདོད་ཁམས་དབང་ཕྱུག་མའི་བཀའ་བརྒྱུད་བསྟན་པའི་བ་དན་རིན་འབྱུང་ནས་ཁོལ་ཕྱུང་རྣམས་སོ། ། ༼ཆ༽ ། ལྔ་པ་ས་བཅུའི་དབང་ཕྱུག་ཡེ་ཤེས་ཌཱ་ཀི་ནི་རྣམ་གཉིས་ཀྱི་ཞལ་ལུང་གཙོ་བོར་གྱུར་པའི་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་གདམས་སྐོར་ལ་གསུམ། རྩ་བ་རྡོ་རྗེའི་ཚིག་རྐང་འགྲེལ་པ་དང་བཅས་པའི་སྐོར། སྨིན་བྱེད་དབང་དང་བྱིན་རླབས། གྲོལ་བྱེད་ཁྲིད་ཀྱི་སྐོར་རོ། །དང་པོ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་རྩ་བ་ཆོས་དྲུག་རྡོ་རྗེའི་ཚིག་རྐང་། རྩ་བ་ཆོས་དྲུག་གི་ཚིག་གསལ་ཁྱུང་པོ་རྣལ་འབྱོར་གསུང་། ཆོས་དྲུག་གི་ཚིག་གསལ་གོང་གསུང་། གཞི་ལམ་འབྲས་བུའི་རྣམ་བཞག་ཌཱ་ཀི་མས་སེང་ལྡེང་ནགས་ཀྱི་ནམ་མཁའ་ནས་གསུངས་པ། ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་ཁྱུང་པོ་རྣལ་འབྱོར་གསུང་། སྒྱུ་ལུས་དྲུག་ལྡན་གོང་གསུང་། སྡོང་པོ་ཕྱག་ཆེན་གའུ་མའི་རྡོ་རྗེའི་ཚིག་རྐང་རྒྱ་གཞུང་། [107b] ཡལ་ག་འཆུག་མེད་ལམ་ཁྱེར་རྣམ་གསུམ་གྱི་རྡོ་རྗེའི་ཚིག་རྐང་རྒྱ་གཞུང་། མེ་ཏོག་མཁའ་སྤྱོད་དཀར་མོའི་སྒྲུབ་ཐབས་པཎྜི་ཏ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ནའི་གསུང་། མཁའ་སྤྱོད་དམར་མོའི་སྒྲུབ་ཐབས་བླ་མ་ར་ཧུ་ལའི་གདམས་པ། འབྲས་བུ་ལུས་འཆི་མེད་ཀྱི་རྩ་བ་དཔལ་བིརྦ་པས་མཛད་པ། སེམས་འཆི་མེད་ཀྱི་རྩ་བ་ཡེ་ཤེས་ཀྱི་ཌཱ་ཀི་མས་སེང་ལྡེང་ནགས་གསེབ་ཏུ་གསུངས་པ་བཅས། གཉིས་པ་ནི། ནི་གུའི་ཆོས་དྲུག་གི་བཀའ་བཅུའི་ཕྱག་ལེན་བཀླག་ཆོག་བདེ་ཆེན་མྱུ་གུའི་ཕྲེང་བའི་ནང་གསེས་བྱིན་རླབས་སྒོ་འབྱེད་ཀྱི་བཀའ་གཉིས་བཅས། བྱིན་རླབས་ཁོག་ཕུབ་ཀྱི་བཀའ་གཉིས་ཀྱི་དང་པོ་སྒྱུ་ལུས་དབང་མོ་ཆེ་བྱ་ཚུལ་དང་། ཁོག་དབུབ་བཀའ་གཉིས་པ། བྱིན་རླབས་གཞུང་ཤིང་གི་བཀའ་དྲུག་ལས། དང་པོ་གཏུམ་མོའི་སྒོས་བཀའ། གཉིས་པ་སྒྱུ་ལུས་སྒོས་བཀའ། གསུམ་པ་རྨི་ལམ་སྒོས་བཀའ། བཞི་པ་འོད་གསལ་ལ་སྒོས་བཀའ། ལྔ་པ་འཕོ་ཐབས་སྒོས་བཀའ། དྲུག་པ་བར་དོའི་སྒོས་བཀའ་བཅས་བློ་གསལ་རི་ཁྲོད་པས་མཛད་པ། ཤངས་པའི་གཞུང་ [108a] བཀའ་ཕྱི་མ་རྣམས་ཕྱོགས་གཅིག་ཏུ་དྲིལ་བའི་ཕྱག་ལེན་བདེ་ཆེན་སྙེ་མའི་ཆུན་པོའི་ནང་གསེས་ཕྱག་ཆེན་གའུ་མའི་དབང་། ལུས་འཆི་མེད་ཀྱི་བཀའ། སེམས་འཆི་མེད་ཀྱི་བཀའ། དུག་ལྔ་ལམ་ཁྱེར་གྱི་བཀའ། ལམ་ཁྱེར་རྣམ་གསུམ་ལས་བླ་མ་ལམ་ཁྱེར་གྱི་བཀའ། ཡི་དམ་ལམ་ཁྱེར་གྱི་བཀའ། སྣང་སེམས་ལྷ་སྐུ་སྒྱུ་མའི་ལམ་ཁྱེར་གྱི་བཀའ་བཅས་གོང་གསུང་། མཁའ་སྤྱོད་བཀའ་ལྔ་ལས། དང་པོ་མཁའ་སྤྱོད་དཀར་མོའི་བྱིན་རླབས། གཉིས་པ་མཁའ་སྤྱོད་དམར་མོའི་བྱིན་རླབས། གསུམ་པ་མཁའ་སྤྱོད་སུམ་ཕྲུགས་ཀྱི་བྱིན་རླབས། བཞི་པ་རྗེས་སུ་ཡི་རང་བའི་བཀའ། ལྔ་པ་སྨོན་ལམ་བཀའ་རྒྱ་མ། འདི་ལ་དེང་སང་ལུང་ཙམ་ལས་བྱིན་རླབས་དངོས་ཀྱི་རྒྱུན་མི་སྣང་། བཅས། ཤངས་པའི་གསང་སྒྲུབ་སྐོར་གསུངས་ལ། བདེ་མཆོག་གསང་སྒྲུབ་ཀྱི་སྒོས་བཀའ། ཕྱག་རྡོར་གསང་སྒྲུབ་ཀྱི་བྱིན་རླབས། རྣམ་འཇོམས་གསང་སྒྲུབ་ཀྱི་བྱིན་རླབས། གསང་སྒྲུབ་བཀའ་རྒྱ་མའི་རྒྱུན་ཁྱེར་བཅས། མཁའ་འགྲོ་ [108b] སུ་ཁ་སིདྡྷིའི་བྱིན་རླབས་ཀྱི་བཀའ། ལྷ་བཞིའི་དྲིལ་སྒྲུབ་ཀྱི་བཀའ། མགོན་པོའི་བཀའ་ལྔ་ལས་གཙོ་བོ་བར་ཆད་ཀུན་སེལ་གྱི་བཀའ་བཅས་ཞ་ལུ་མཆོག་སྤྲུལ་བློ་གསལ་རི་ཁྲོད་པས་མཛད་པ། སྨོན་ལམ་བཀའ་རྒྱ་མའི་འདོན་ཆ། བདེ་མཆོག་སྐྱབས་འགྲོ། ནི་གུ་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་མངོན་རྟོགས་སྒྲུབ་ཐབས་ཏཱ་ར་ནཱ་ཐའི་གསུང་། དེའི་དཀྱིལ་ཆོག་གོང་གསུང་། དེའི་ཚོགས་མཆོད་ཕྲིན་ལས་ཡར་འཕེལ་ཀུན་དགའ་གྲོལ་མཆོག་གསུང་ལ་ངག་གི་དབང་པོ་དང་གུ་ཎས་ཅུང་ཟད་བཅོས་པ་མཎྜལ་བཀའ་རྒྱ་མ་བཅས། ཤངས་ལུགས་བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་རྣམ་བཤད་ཟབ་དོན་གསལ་བྱེད་ཏཱ་ར་ནཱ་ཐའི་གསུང་། རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་སྒྲུབ་ཐབས་བླ་མ་གོང་མའི་ཕྱག་ལེན་རྗེ་བཙུན་གསུང་། དེའི་དཀྱིལ་ཆོག་བདག་འཇུག་དང་བཅས་པ་སྨིན་གྲོལ་སྙིང་པོ་འཇམ་མགོན་གསུང་། དེའི་བསྙེན་ཡིག་ཟབ་དོན་སྙིང་པོ་གོང་གསུང་། གསུམ་པ་ནི། དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ངོ་མཚར་རིན་ཆེན་བརྒྱུད་པའི་རྣམ་ཐར་གསོལ་འདེབས་ཨུ་དུམྺ་རའི་ཕྲེང་བའི་ནང་གསེས་སུ། རྡོ་རྗེ་འཆང་ལ་གསོལ་ [109a] འདེབས་རྡོ་རྗེའི་སྒྲ་དབྱངས། ནི་གུའི་གསོལ་འདེབས་ཡེ་ཤེས་སྒྲ་དབྱངས། སུ་ཁ་སིདྡྷིའི་གསོལ་འདེབས་བདེ་ཆེན་སྒྲ་དབྱངས། མཻ་ཏྲིའི་གསོལ་འདེབས་བྱམས་པའི་སྒྲ་དབྱངས། རྡོ་རྗེ་གདན་པའི་གསོལ་འདེབས་རང་བྱུང་སྒྲ་དབྱངས། ཨ་བྷ་ཡ་ཀ་རའི་གསོལ་འདེབས་ཞི་བའི་སྒྲ་དབྱངས། གྲུབ་ཆེན་ར་ཧུ་ལའི་གསོལ་འདེབས་རིན་ཆེན་སྒྲ་དབྱངས། ཁྱུང་པོའི་གསོལ་འདེབས་མོས་གུས་སྒྲ་དབྱངས། རྨོག་ལྕོག་པའི་གསོལ་འདེབས་ངོ་མཚར་སྒྲ་དབྱངས། སྐྱེར་སྒང་པའི་གསོལ་འདེབས་དད་པའི་སྒྲ་དབྱངས། སངས་རྒྱས་གཉན་སྟོན་གསོལ་འདེབས་བྱིན་རླབས་སྒྲ་དབྱངས། འགྲོ་མགོན་ཆོས་རྗེ་སྟོན་པའི་གསོལ་འདེབས་སེང་གེའི་སྒྲ་དབྱངས། གཙང་མ་ཤངས་སྟོན་གསོལ་འདེབས་དཔལ་གྱི་སྒྲ་དབྱངས། གཞོན་ནུ་གྲུབ་ཀྱི་གསོལ་འདེབས་སྙན་པའི་སྒྲ་དབྱངས། འཇག་ཆེན་རྒྱལ་མཚན་འབུམ་གྱི་གསོལ་འདེབས་རྣམ་གྲོལ་སྒྲ་དབྱངས། ཁྱུང་པོ་ཚུལ་མགོན་གསོལ་འདེབས་པདྨའི་སྒྲ་དབྱངས། རི་ཁྲོད་རས་ཆེན་གསོལ་འདེབས་གསང་བའི་སྒྲ་དབྱངས། [109b] ཤངས་དཀར་བའི་གསོལ་འདེབས་རྣམ་དག་སྒྲ་དབྱངས། སངས་རྒྱས་དཔལ་བཟང་གསོལ་འདེབས་བདུད་རྩིའི་སྒྲ་དབྱངས། ནམ་མཁའ་རྒྱལ་མཚན་གསོལ་འདེབས་ཟག་མེད་སྒྲ་དབྱངས། མུས་ཆེན་རྒྱལ་མཚན་དཔལ་བཟང་གསོལ་འདེབས་འོད་གསལ་སྒྲ་དབྱངས། མཁས་གྲུབ་རྡོ་རྗེ་གཞོན་ནུའི་གསོལ་འདེབས་གཉུག་མའི་སྒྲ་དབྱངས། མུས་ཆེན་ནམ་མཁའི་རྣལ་འབྱོར་གསོལ་འདེབས་ཟུང་འཇུག་སྒྲ་དབྱངས། ཐང་སྟོང་གསོལ་འདེབས་གྲུབ་པའི་སྒྲ་དབྱངས། རྒྱ་སྒོམ་ལེགས་པའི་རྒྱལ་མཚན་གསོལ་འདེབས་ལྷན་སྐྱེས་སྒྲ་དབྱངས། ཀུན་དགའ་གྲོལ་མཆོག་གསོལ་འདེབས་སྨིན་གྲོལ་སྒྲ་དབྱངས། ཆོས་སྐུ་ལྷ་དབང་གྲགས་པའི་གསོལ་འདེབས་ཟབ་མོའི་སྒྲ་དབྱངས། ཀརྨ་གཞན་ཕན་འོད་ཟེར་གསོལ་འདེབས་དགེ་ལེགས་སྒྲ་དབྱངས། འཇམ་དབྱངས་མཁྱེན་བརྩེའི་གསོལ་འདེབས་བཀྲ་ཤིས་འཁྱིལ་པའི་སྒྲ་དབྱངས། འཇམ་མགོན་བླ་མ་ཡོན་ཏན་རྒྱ་མཚོའི་གསོལ་འདེབས་ཀུན་བཟང་སྒྲ་དབྱངས། སྨོན་ལམ་དོན་ཀུན་གྲུབ་པའི་སྒྲ་དབྱངས། བླ་མའི་རྣམ་ཐར་དད་པའི་ལྗོན་ཤིང་རྗེ་བཙུན་གསུང་། རྗེ་བཙུན་ [110a] རིན་པོ་ཆེའི་རྣམ་ཐར་གསོལ་འདེབས་ཁ་སྐོང་དད་པའི་མེ་ཏོག་འཇམ་མགོན་གསུང་། ཤངས་པ་བཀའ་བརྒྱུད་ཀྱི་དོ་ཧ་རྡོ་རྗེའི་ཚིག་རྐང་དང་མགུར་དབྱངས་ཕྱོགས་གཅིག་ཏུ་བསྒྲིགས་པ་ཐོས་པ་དོན་ལྡན་བྱིན་རླབས་རྒྱ་མཚོ། ནི་གུ་ཆོས་དྲུག་གི་ཁྲིད་ཀྱི་གནད་ཡིག་སྙིང་པོ་ཀུན་འདུས་ཐང་སྟོང་གསུང་། ནི་གུའི་ཕྱག་ཆེན་གའུ་མའི་ཁྲིད་གོང་གསུང་། ལམ་ཁྱེར་གསུམ་གྱི་ཁྲིད་གོང་གསུང་། ལུས་སེམས་འཆི་མེད་ཀྱི་ཁྲིད་གོང་གསུང་། ཕྱག་དྲུག་ཡེ་ཤེས་མགོན་པོ་བླ་མ་དང་དབྱེར་མེད་སྒྲུབ་པའི་ཁྲིད་གོང་གསུང་། ནི་གུའི་རིང་བརྒྱུད་གསོལ་འདེབས་མཛད་བྱང་མེད་པ། ནི་གུའི་ཆོས་དྲུག་བརྒྱུད་འདེབས་བྱིན་རླབས་སྤྲིན་ཕུང་གནས་སྦྱར་མ་འཇམ་མགོན་གསུང་། ནི་གུའི་ཆོས་དྲུག་ཁྲིད་ཟབ་ལམ་ཐང་བརྡལ་རྗེ་བཙུན་གསུང་། ནི་གུའི་ཆོས་དྲུག་གི་གཞུང་ཁྲིད་མ་མོའི་ལྷན་ཐབས་ཁ་སྐོང་ཏཱ་ར་ནཱ་ཐའི་གསུང་། ནི་གུའི་འཕྲུལ་འཁོར་རྩ་འགྲེལ་གོང་གསུང་། ཆོས་དྲུག་སྟན་ཐོག་གཅིག་མའི་ཉམས་ལེན་ཡེ་ཤེས་ཌཱ་ཀིའི་ཞལ་ལུང་འཇམ་མགོན་གསྲུང་། ཕྱག་ཆེན་གའུ་མའམ་རང་བབ་རྣམ་གསུམ་ [110b] གྱི་ཁྲིད་རྗེ་བཙུན་གསུང་། ཤངས་པའི་ཁྲིད་ཆེན་རྣམ་ལྔ་ལས་མེ་ཏོག་མཁའ་སྤྱོད་དཀར་དམར་གྱི་ཁྲིད་ཉམས་ལེན་དབུ་མའི་མདུད་འགྲོལ་ནང་གསེས་རྩ་བ་མཁའ་སྤྱོད་དཀར་མོའི་ཁྲིད། མཁའ་སྤྱོད་དམར་མོའི་ཉམས་ལེན། མཁའ་སྤྱོད་གཉིས་ཀའི་གཏོར་འབུལ། ཚེས་བཅུའི་མཆོད་པ་སོགས་ཀྱི་ལག་མཆོད། ཐུན་མིན་ཆང་མཆོད་དམ་ཕྱག་མཆོད་དམ་གྲིབ་ཀུན་སེལ། ཚེས་བཅུའི་མཆོད་པ་མདོར་བསྡུས་བཅས་འཇམ་མགོན་གསུང་། མཁའ་སྤྱོད་དཀར་མོའི་བསྟོད་པ་དཱི་པཾ་ཀ་རས་མཛད་པ། མཁའ་སྤྱོད་དཀར་མོའི་འཕོ་བ་ལོ་ཆེན་འགྱུར་མེད་བདེ་ཆེན་གསུང་། མཁའ་སྤྱོད་དམར་མོའི་འཕོ་བ་ར་ཧུ་ལའི་གདམས་པ། སུ་ཁ་སིདྡྷིའི་ཆོས་སྐོར་ལས། ལོ་རྒྱུས། རྒྱ་གཞུང་། གསང་སྒྲུབ་ལྟེ་བ་སྤྲུལ་འཁོར། དེའི་དབང་ཆོག། སུ་ཁ་ཆོས་དྲུག་གི་བརྒྱུད་འདེབས་བདེ་ཆེན་ཆར་འབེབས། སུ་ཁའི་བསྐྱེད་པའི་ལམ་ཟབ་དང་ཆོས་དྲུག་གི་ཁྲིད་ཟུང་འཇུག་མྱུར་ལམ་བཅས་འཇམ་མགོན་གསུང་། སུ་ཁ་སིདྡྷིའི་ཞལ་གདམས་དང་གཟེར་གསུམ་ལས་དབང་བཞིའི་ཞལ་གདམས། ངོ་སྤྲོད་ཀྱི་ཞལ་གདམས། སྒྲུབ་ [111a] པའི་ཞལ་གདམས། ལྟེ་བ་སྤྲུལ་འཁོར་ཞལ་གདམས། སུ་ཁ་སིདྡྷིས་གཉན་སྟོན་ལ་གདམས་པ་གཟེར་གསུམ་གྱི་གདམས་པ་བཅས། སུ་ཁ་སིདྡྷིའི་ཕྱག་ཆེན་ངོ་སྤྲོད། ལྷ་བཞིའི་དྲིལ་སྒྲུབ་ཀྱི་ཁྲིད་ཡེ་ཤེས་འོད་འཕྲོ་འཇམ་མགོན་གསུང་། དེའི་ཉམས་ལེན་ཡེ་ཤེས་རང་གསལ་གོང་གསུང་། གསེར་ཆོས་ལྔའི་སྔོན་རྗེས་ངག་འདོན་རྡོ་རྗེའི་ཚིག་རྐང་ཚིག་རྐང་བྱིན་རླབས་འོད་འབར་གོང་གསུང་། གསེར་ཆོས་ལྔའི་རྩ་ཚིག་འཁྲུལ་མེད་རྡོ་རྗེའི་རྒྱ་མདུད་གོང་གསུང་། ཤངས་ཆོས་བླ་མཆོད་ཡིད་བཞིན་ནོར་བུ་འཇམ་མགོན་གསུང་། ནི་གུ་ཆོས་དྲུག་གི་བརྒྱུད་འདེབས་བདེ་ཆེན་འབེབས་པ་བདེ་བའི་རྡོ་རྗེའི་གསུང་། ཤངས་ལུགས་མཁའ་འགྲོ་སྡེ་ལྔའི་སྒྲུབ་ཐབས་རྗེས་གནང་རིན་འབྱུང་ནས་ཕྱུང་བ། དེའི་གཏོར་འབུལ་རིན་འབྱུང་ནས་ཕྱུང་བ། མྱུར་མཛད་ཡེ་ཤེས་མགོན་པོའི་བྱིན་རླབས་བཀའ་ཆེན་བཅུ་གསུམ་གྱི་ཡིག་ཆ་གསར་སྤེལ་ཙིནྟཱ་མ་ཎིའི་ཕྲེང་བ་ལས། དང་པོ་མགོན་པོའི་རྩ་དབང་བར་ཆད་ཀུན་སེལ། ཐུན་མོང་དཀྱུས་མའི་གཏོར་དབང་བར་ཆད་ཀུན་སེལ། མགོན་བཀའ་ [111b] གཉིས་པ་མགོན་དཀར་ཡིད་བཞིན་ནོར་བུ། མགོན་བཀའ་གསུམ་པ་མགོན་སེར་བློ་འཕེལ་གྱི་སྒྲུབ་རྗེས། མགོན་བཀའ་བཞི་པ་མགོན་དམར་དབང་གི་རྒྱལ་པོའི་སྒྲུབ་རྗེས། མགོན་བཀའ་ལྔ་པ་མགོན་ལྗང་ཚེ་བདག་གི་སྒྲུབ་རྗེས། མགོན་བཀའ་དྲུག་པ་བླ་མགོན་དབྱེར་མེད་ཀྱི་སྒྲུབ་རྗེརས། མགོན་བཀའ་བདུན་པ་གྲིབ་སེལ་མགོན་པོའི་རྗེས་གནང་། མགོན་བཀའ་བརྒྱད་པ་གནད་དབབ་དང་མཁའ་འགྲོ་དབང་འདུས་ལྷན་ཅིག་པའི་རྗེས་གནང་། མགོན་བཀའ་དགུ་པ་གསང་སྒྲུབ་མཆིན་ཁའི་རྗེས་གནང་། མགོན་བཀའ་བཅུ་པ་ས་ར་ཧའི་ལུགས་ཀྱི་མགོན་པོ་ཞལ་གསུམ་ཕྱག་དྲུག་པའི་རྗེས་གནང་། བཀའ་བཅུ་གཅིག་པ་གསང་སྒྲུབ་རྒྱན་ཅན་དུ་གྲགས་པའི་རྗེས་གནང་། བཀའ་བཅུ་གཉིས་པ་ལྷ་བཞི་དྲིལ་སྒྲུབ་ཀྱི་རྗེས་གནང་། བཀའ་བཅུ་གསུམ་པ་མཐའ་རྟེན་བརྟུལ་ཞུགས་ཀྱི་རྗེས་གནང་བཅས་འཇམ་མགོན་གསུང་། མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་ཐུན་མིན་སྲོག་གི་རྒྱ་ཅན་འཇམ་མགོན་གསུང་། ཀྵི་ཏྲ་པཱ་ལ་ཡབ་ཡུམ་ཐུན་མིན་རྗེས་གནང་། བླ་མའི་རྣལ་འབྱོར་བཀའ་རྒྱ་མ་ལྕང་སྐྱ་རོལ་རྡོར་ [112a] གསུང་། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་གཏོར་ཆོག་རྒྱས་པའི་ཁ་སྐོང་དམིགས་རིམ་དང་བཅས་པ་ལས་བཞི་ལྷུན་གྲུབ་འཇམ་མགོན་གསུང་། ཕྱག་དྲུག་པའི་སྒྲུབ་ཐབས་གཏོར་ཆོག་བཅས་ཕྲིན་ལས་གཏེར་མཛོད་རྗེ་བཙུན་གསུང་། ཕྱག་དྲུག་པའི་གཏོར་ཆོག་ཉེར་བསྡུས་གོང་གསུང་། མྱུར་མཛད་ཡེ་ཤེས་མགོན་པོ་མཐིང་དཀར་གཉིས་ཀྱི་མངའ་གསོལ་དགེ་ལེགས་སྤྲིན་ཕུང་འཇམ་མགོན་གསུང་བཅས་སོ། ། ༼ཇ༽ ། དྲུག་པ་གྲུབ་པའི་དབང་ཕྱུག་དམ་པ་སངས་རྒྱས་ལ་བཀའ་བབས་པའི་དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་སྐོར་ལ་གཉིས། དངོས་དང་། ཡན་ལག་གོ། །དང་པོ་ལ་རྩ་བ་དང་། དབང་དང་། གདམས་ཁྲིད་གསུམ་ལས། དང་པོ་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་སྡེའི་དུམ་བུ་མཆན་འགྲེལ་དང་བཅས་པ། ལམ་དྲི་མེད་དངུལ་སྒོང་དག་པའི་སྐོར། ལམ་དྲི་མེད་གསེར་སྒོང་དག་པའི་སྐོར། ལམ་དྲི་མེད་ཤེལ་སྒོང་དག་པའི་སྐོར། དམ་པའི་གསུང་མགུར་ཞལ་གདམས་དིང་རི་བརྒྱད་ཅུ་མ། རྗེ་མི་ལ་རས་པ་ལ་དམ་པས་ [112b] གནང་བའི་རྡོ་རྗེའི་མགུར་ས་བཅད་དང་བཅས་པ། གཉིས་པ་ལ། ཞི་བྱེད་སྔ་ཕྱི་བར་གསུམ་གྱི་དབང་ཆོག་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་བཀླག་པས་གྲུབ་པ་ལས། བཀའ་བབ་དང་པོ་ཁ་ཆེ་ལུགས་སྒྲོལ་མ་རྣམ་གསུམ་དབང་། ལྷ་གསུམ་གྱི་རྗེས་གནང་བྱ་ཚུལ། བཀའ་བབ་བར་མ་ལ་གསུམ་ལས། དང་པོ་རྨ་ལུགས་ཕྱག་ཆེན་དབང་། གཉིས་པ་སོ་ལུགས་བླ་མའི་བྱིན་རླབས་གཏོར་མའི་དབང་། གསུམ་པ་ཀཾ་ལུགས་ཤེར་ཕྱིན་མའི་རྗེས་གནང་བཅས། བཀའ་བབ་ཕྱི་མ་ལ་དམ་པ་ཀུན་དགའི་ལུགས་ཀྱི་རྟེན་མ་སྨིན་པ་སྨིན་པར་བྱེད་པ་ལམ་ལྔའི་གླེགས་བམ་གྱི་དབང་རྒྱས་པ་ལས། དང་པོ་ཚོགས་ལམ་གྱི་དབང་། གཉིས་པ་སྦྱོར་ལམ་བགྲོད་པར་བྱེད་པའི་དཀའ་ཐུབ་ཀྱི་དབང་། གསུམ་པ་མཐོང་ལམ་མི་རྟོག་པའི་ཡེ་ཤེས་འཆར་བྱེད་རྗེས་བློ་བྲལ་གྱི་བྱིན་རླབས། བཞི་པ་སྒོམ་ལམ་ས་བཅུ་དུས་གཅིག་ལ་གནོན་པར་བྱེད་པ་རོ་མཉམ་གྱི་བྱིན་རླབས། ལྔ་པ་ཐར་ལམ་བྱ་བྲལ་གྱི་ཡེ་ཤེས་ཐོབ་པར་བྱེད་པ་སྒོམ་པ་བདག་བསྟོད་ཀྱི་བྱིན་རླབས། དབང་པོ་འབྲིང་གི་གང་ཟག་སྨིན་པར་ [113a] བྱེད་པ་ལམ་གསུམ་གཞུང་མའི་དབང་ལ་གསུམ་ལས། དང་པོ་བློ་སྦྱོང་ནི། སྔ་མ་དང་འདྲ་བ་ལས་ལམ་ལྔ་ཐོབ་པས་གོ་ཆོད་མོད་མ་ཐོབ་ཚེ་འདིར་བླངས་ནས་བསྐུར་རོ། །གཉིས་པ་དཀའ་ཐུབ་ཀྱི་དབང་། གསུམ་པ་ཐར་ལམ་བདག་གཏོད་ཡེ་ཤེས་གཞན་འཇུག་གི་དབང་། དབང་རྣོན་ལ་རྫོགས་པའི་དབང་གཅིག་མའམ་ཟབ་མོ་ཀུ་སུ་ལིའི། རྟེན་འབྲེལ་བདག་གཏོད་དམ་པའི་ཕྱི་ནང་གསང་གསུམ་བླ་སྒྲུབ་ཀྱི་དབང་། ཐུགས་དམ་བདེ་གཤེགས་བཅུ་གཉིས་ཀྱི་དབང་། བདེ་མཆོག་ཐུན་མོང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ། རྡོ་རྗེ་ཕག་མོ་ཕྱི་སྒྲུབ་ཞལ་གཉིས་མ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག། རྡོ་རྗེ་རྣལ་འབྱོར་མ་ནང་སྒྲུབ་ཞལ་གཅིག་མའི་དབང་། གསང་སྒྲུབ་ཁྲོས་ནག་གི་དབང་། རྡོ་རྗེ་གཏུམ་མོ་མཁའ་འགྲོ་མ་བདུད་རྩི་བུམ་པའི་དབང་། ཞི་བྱེད་བརྒྱུད་པ་ཕྱི་མའི་བཀའ་སྲུང་གི་སྐོར་ལ། གསང་བ་ལས་ཀྱང་ཆེས་གསང་བ་མགོན་པོ་བེར་ནག་གི་དབང་། མགོན་པོ་ཨ་གྷོ་རའི་རྗེས་གནང་། ཞིང་སྐྱེས་མཁའ་འགྲོ་ཀུན་ཏུ་རི་ཀའི་རྗེས་གནང་། [113b] གནོད་སྦྱིན་ནོར་བུ་བཟང་པོའི་རྗེས་གནང་། ཞི་བྱེད་བརྒྱུད་པ་ཕྱི་མའི་ལུགས་ཀྱི་སྐལ་ལྡན་གྱི་སློབ་མ་ཁྲིད་ཚུལ། བཀའ་བབ་ཀྱི་བརྒྱུད་པ་གཏོད་པའི་དབང་བཅས་ལོ་ཆེན་དྷརྨ་ཤྲཱིའི་གསུང་། གསུམ་པ་ལ། ཞི་བྱེད་སྔ་ཕྱི་བར་གསུམ་གྱི་གསོལ་འདེབས་གསེར་ཕྲེང་མ་ལས། བཀའ་བབ་དང་པོ་སྒྲོལ་མའི་ཁྲིད་ཀྱི་བརྒྱུད་འདེབས། བཀའ་བབ་བར་པ་ལས་རྨ་ལུགས་ཕྱག་ཆེན་བརྒྱུད་འདེབས། སོ་ལུགས་རིག་པ་གཅེར་མཐོང་གི་ཁྲིད་ཀྱི་བརྒྱུད་འདེབས། ཀཾ་ལུགས་བརྒྱུད་འདེབས། བཀའ་བབ་ཕྱི་མའི་བརྒྱུད་འདེབས། དམ་པའི་སྨོན་ལམ་སུམ་ཅུ་པ། ཀུན་དགའི་སྨོན་ལམ། ཞི་བྱེད་སྔ་ཕྱི་བར་གསུམ་གྱི་ཁྲིད་ཡིག་ཕྱོགས་བསྡེབས་བདུད་རྩིའི་ཉིང་ཁུ་ལས། བཀའ་བབ་དང་པོ་སྒྲོལ་མ་རྣམ་གསུམ་གྱི་ཁྲོད། བཀའ་བབ་བར་པ་རྨའི་ཕྱག་ཆེན་ཁྲིད། སོའི་རིག་པ་གཅེར་མཐོང་གི་ཁྲིད། ཀཾ་ལུགས་ཤེར་ཕྱིན་སྙིང་པོའི་དོན་ཁྲིད། བཀའ་བབ་ཕྱི་མ་ལམ་ལྔའི་ཁྲིད་ཡིག་འཕྲོས་དོནདང་བཅས་ལོ་ཆེན་གསུང་། ཞི་བྱེད་ལམ་ལྔའི་ཁྲིད་དྲི་མེད་སྣང་བ་གྲུབ་པ་མཆོག་གི་ཞལ་ལུང་ [114a] སྙེ་མདོ་བསོད་ནམས་དཔལ་གྱི་གསུང་ལ་གོང་གཤམ་གྱི་ཚིགས་བཅད་གསར་བསྣན་མཁྱེན་བརྩེས་མཛད་པ། ཐུགས་ཀྱི་ཞལ་ཆེམས་པདྨོ་བརྩེགས་པ། དམ་པས་བྱང་སེམས་ཀུན་དགའ་ལ་གསུངས་པའི་ཞལ་གདམས། ཞི་བྱེད་གཅོད་ཡུལ་གཉིས་ཀྱི་བླ་མ་རྣམས་ཆབ་གཅིག་ཏུ་མཆོད་པའི་ཆོ་ག་བཀྲ་ཤིས་གྲགས་པའི་སྙིང་པོ་བཅས། གཉིས་པ་ཡན་ལག་དམ་ཆོས་བདུད་ཀྱི་གཅོད་ཡུལ་གྱི་སྐོར་ལ་གསུམ། གཞུང་རྩ་བ། སྒོ་འབྱེད་དབང་། གདམས་ངག་ཁྲིད་ཀྱི་རིམ་པའོ། །དང་པོ་ལ། ཤེར་ཕྱིན་མན་ངག་གི་གཞུང་ཚིགས་བཅད་ཆེན་མོ་བྲམ་ཟེར་ཨཱརྱ་དེ་ཝས་མཛད་པ། གཅོད་ཀྱི་བཀའ་ཚོམས་ཆེན་མོ་མ་གཅིག་གི་གསུང་། ཤེར་ཕྱིན་གཞུང་དང་མན་ངག་མཐའ་དག་གི་ཡང་བཅུད་ཟབ་དོན་ཐུགས་ཀྱི་སྙིང་པོ། ཨཱརྱ་དེ་ཝས་གཅོད་གཞུང་ཚིགས་བཅད་མའི་འགྲེལ་པ་ཟག་མེད་སྦྲང་རྩི་དྲུང་པ་ཧུ་བས་མཛད་པ། གཅོད་ཀྱི་བཀའ་ཚོམས་ཆེན་མོའི་ས་བཅད་དང་བསྡུས་དོན། གཅོད་ཀྱི་ཊི་ཀ་རང་བྱུང་རྡོ་རྗེས་མཛད་པ། ཤེར་ཕྱིན་མན་ངག་ཡང་ཚོམས་ཞུས་ལན་ [114b] མ། ཤེར་ཕྱིན་སྙིང་ཚོམས་ཆེན་མོ། ཐུན་མོང་གི་ལེ་ལག་བརྒྱད་པ། ཐུན་མིན་ལེ་ལག་བརྒྱད་པ། ཁྱད་པར་གྱི་ལེ་ལག་བརྒྱད་བཅས་མ་གཅིག་གསུང་། ཤེར་ཕྱིན་ཤེས་རབ་སྐྲ་རྩེའི་ས་གཞུང་སྤེལ་བ་རིན་ཆེན་གཏེར་མཛོད་གོང་གསུང་བཅས། གཉིས་པ་ནི། ཟུར་མང་ལུགས་ཀྱི་ཕྱག་ཆེན་གཅོད་ཡུལ་གྱི་གདམས་པ་ནམ་མཁའ་སྒོ་འབྱེད་ཅེས་པའི་གཏོར་དབང་རཏྣ་སེང་ཧས་མཛད་པ། རྒྱལ་ཐང་ལུགས་ཀྱི་གཅོད་དབང་ནམ་མཁའ་སྒོ་འབྱེད་རྗེ་བཙུན་གསུང་། དེ་ལ་ཉེར་མཁོའི་འདོན་ཟིན་བཅས། གསུམ་པ་ལ། རང་བྱུང་རྡོ་རྗེའི་གསུང་གཅོད་ཡུལ་གྱི་ཁྲིད། གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་ལྡན་གྱི་དམིགས་རིམ་བླ་མའི་གསུང་རྒྱུན་གྱི་ཟིན་བྲིས་ཤེལ་དཀར་མེ་ལོང་། རི་འགྲིམ་མ་ཟིན་བྲིས་བཅས་རྟོགས་ལྡན་བསྟན་འཛིན་རྣམ་དག་གི་གསུང་། བཀའ་བབ་ཕྱི་མ་རྒྱལ་ཐང་ལུགས་ཀྱི་ཁྲིད་ཡིག་གནད་དོན་སྙིང་པོ་རྗེ་བཙུན་གསུང་། དཀོན་མཆོག་འབངས་ཀྱིས་མཛད་པའི་གཅོད་ཁྲིད་ཟབ་མོ་འདོད་རྒུའི་ཆར་འབེབས། ཆགས་མེད་གསུང་ལུས་སྦྱིན་དང་བསྟབ་པའི་ [115a] འདོན་འགྲིགས། རིང་བརྒྱུད་ཀྱི་གསོལ་འདེབས་མ་གཅིག་གསུང་ལ་བན་འགར་འཇམ་དཔལ་བཟང་པོས་ཁ་སྐོང་མཛད་པ། གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་གསུང་རྒྱུན་འཁྲུལ་མེད་ལྟར་བཀོད་པ་རྒྱལ་དབང་བཅུ་བཞི་པས་མཛད་པ། བཀའ་བརྒྱུད་ཚོགས་ལས་གནས་ཆོས་དབྱིངས་མ། གཅོད་ཀྱི་སྐོང་བའི་དབུ་ཕྱོགས་ཀྱི་ནང་གསེས་སུ་གཅོད་ཡུལ་བརྒྱུད་པའི་བསྐང་བ་ཨ་མ་གནས་འགྱུར་མཚལ་དཀར་ཆོས་གྲགས་ཀྱིས་མཛད་པ། གཅོད་སྐོར་ནོར་བུའི་བང་མཛོད་གུ་རུ་དྷརྨ་ཀིརྟིས་མཛད་པ། ཡང་དབུར་ཨོཾ་སྭ་བྷ་ཝ་སོགས་ཀྱི་བྱིན་རླབས་ནས་མཇུག་ཏུ་རྒྱ་ཆེན་པོ་མཛད་དུ་གསོལ་ཞེས་པའི་མཐའ་ཅན། གནས་ཆོས་དབྱིངས་རྣམ་དག་མ་གྲུབ་ཐོབ་དཔལ་ལྡན་རིན་ཆེན་གྱིས་མཛད་པ། ཌཱ་ཀི་མ་རྣམས་ཀྱི་གཏོར་འབུལ་གྱི་ནང་གསེས་དང་པོ་མཁའ་འགྲོ་འབུམ་བསྐུལ། དབྱིངས་ཀྱི་མཁའ་འགྲོའི་བསྐུལ། གནས་ཉེར་བཞིའི་བསྐུལ། འཇིག་རྟེན་མཁའ་འགྲོའི་བསྐུལ། དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོའི་བསྐུལ། [115b] དབང་ཕྱུག་ཉེར་བརྒྱད་བསྐུལ། བརྟན་མའི་བསྐུལ། གཅོད་ཡུལ་རྒྱ་མཚོའི་སྙིང་པོ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་ཟབ་མོའི་ཡང་ཞུན་འཇམ་མགོན་གསུང་། ལས་སྦྱིན་ངག་འདོན་མུ་ཏིག་ཕྲེང་བ། ལུས་མཆོད་སྦྱིན་ཟིན་བྲིས་མདོར་བསྡུས་ཀུན་དགའ་སྐྱེད་ཚལ་འཇམ་མགོན་གསུང་རྣམས་སོ། ། ༼ཉ༽ བདུན་པ་དཔལ་མཆོག་དང་པོའི་སངས་རྒྱས་སོགས་རྩ་རྒྱུད་རྒྱས་པ་རྣམས་ཀྱི་དགོངས་པ་དང་དབྱངས་གཅིག་གིས་བསྟན་པའི་ཟབ་ལམ་མཐར་ཐུག་རྡོ་རྗེ་རྣལ་འབྱོར་གྱི་སྐོར་ལ་གསུམ། གཞུང་རྩ་བ། སྨིན་བྱེད་དབང་། གྲོལ་བྱེད་གདམས་ཁྲིད་དོ། །དང་པོ་ནི། དུས་འཁོར་རྒྱུད་ཀྱི་སྙིང་པོ། སྦྱོར་དྲུག་མན་ངག་དུས་ཞབས་སྙན་བརྒྱུད། ཤ་བ་རི་པའི་གཞུང་ཆུང་། དེའི་འགྲེལ་པ་སྙིང་པོ་བསྡུས་པ་གྲུབ་ཆེན་ཡུ་མོ་བ་མི་བསྐྱོད་རྡོ་རྗེའི་གསུང་བཅས། གཉིས་པ་ལ། དུས་འཁོར་ལྷ་དགུའི་སྒྲུབ་ཐབས་རྒྱས་པ་རྗེ་བཙུན་གསུང་། དེའི་མཆོད་ཆོག་ཉེར་མཁོ་ཆ་ཚང་གོང་གསུང་། དཔལ་དུས་ཀྱི་འཁོར་ལོའི་དབང་གོང་མའི་ཆོ་ག་གོང་གསུང་། དུས་འཁོར་ལྷན་སྐྱེས་སྒོམ་ [116a] བཟླས་རྗེས་གནང་དང་བཅས་པའི་ཡི་གེ་སྙིང་པོ་གྲུབ་པ་འཇམ་མགོན་གསུང་བཅས། གསུམ་པ་ལ། སྦྱོར་དྲུག་གི་ཁྲིད་ཡིག་མཐོང་བ་དོན་ལྡན་རྗེ་བཙུན་གསུང་། སྦྱོར་དྲུག་རྟགས་ཚད་ཀྱི་ཡི་གེ་གོང་གསུང་། སྦྱོར་དྲུག་གེགས་སེལ་གྱི་ཡི་གེ་གོང་གསུང་། བླ་མེད་སྔགས་ཆོས་ཀྱི་སྙིང་པོའི་བཅུད་ལེན་ལམ་ཟབ་བདུད་རྩིའི་ཐིག་ལེ་རྣལ་འབྱོར་པ་ཚེ་དབང་ནོར་བུ་རྡོ་རྗེ་དཔལ་འབར་གྱིས་མཛད་པ། ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་བྱིན་རླབས་བཀའ་བརྒྱུད་བླ་མར་གསོལ་འདེབས་བརྒྱུད་འཛིན་མཆོག་རྒྱལ་ཚེ་དབང་ནོར་བུའི་གསུང་། སྦྱོར་དྲུག་སྔོན་འགྲོའི་ངག་འདོན་ཟུང་འཇུག་ཐེམ་སྐས་སི་ཏུ་པདྨ་ཉིན་བྱེད་གསུང་། དུས་འཁོར་རིམ་གཉིས་འགྲོ་ལུགས་ཀྱི་བརྒྱུད་འདེབས་རྡོ་རྗེ་འབེབས་པ་ཆེན་པོ་འཇམ་མགོན་གསུང་། དུས་འཁོར་ལྷན་སྐྱེས་རྒྱུན་ཁྱེར་གོང་གསུང་། སྦྱོར་དྲུག་སྟན་ཐོག་གཅིག་མའི་དམིགས་ཁྲིད་མདོར་བསྡུས་སྙིང་གི་ཐིག་ལེ་གོང་གསུང་། གྲུབ་ཆེན་དཔེ་མེད་འཚོའི་ལུགས་ཀྱི་སྦྱོར་དྲུག་རྣལ་འབྱོར་སྙིང་པོ་ངེས་པ་སྦྱོར་དྲུག་འབྲིང་པོར་ [116b] གྲགས་པ། འདི་ལུང་མེད། དེའི་ཁྲིད་རྡོ་རྗེའི་ཚིགས་འབྱེད་པད་དཀར་གསུང་། བསྡུས་པ་སྙིང་པོ་རྡོ་རྗེའི་ཚིག་ཅེས་བྱ་བ་ལྕེ་རྩེ་རྐན་སྦྱར་གྱི་གདམས་ངག་གི་རྩ་བ་རྒྱ་གཞུང་དེའི་ཁྲིད་རྡོ་རྗེ་འཛིན་པའི་ཉེ་ལམ་པད་དཀར་གསུང་། དེའི་འཁྲུལ་འཁོར་འགྲེལ་པ་མཛད་བྱང་མི་གསལ་བ། ཆོས་རྒྱལ་རིགས་ལྡན་གཙོ་བོར་གྱུར་པའི་རྡོ་རྗེ་རྣལ་འབྱོར་བརྒྱུད་པའི་བླ་མ་མཆོད་ཆོག་རྡོ་རྗེ་ཉི་མའི་སྣང་བ་ཆེན་པོ་འཇམ་མགོན་གསུང་། དུས་འཁོར་ཁྲོ་རྒྱལ་རྡོ་རྗེ་ཤུགས་ཀྱི་སྒྲུབ་རྗེས་བཀླག་ཆོག་མ་རིན་འབྱུང་ནས་བྱང་བ་རྣམས་སོ། ། ༈ ། བརྒྱད་པ་གྲུབ་ཆེན་ཨོ་རྒྱན་པ་ལ་དྷུ་མ་ཐ་ལའི་གྲོང་ཁྱེར་དུ་རྡོ་རྗེ་རྣལ་འབྱོར་མས་དངོས་སུ་བསྩལ་བའི་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ལ། གཞུང་རྩ་བ། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ཡན་ལག་རིགས་བཞིའི་མཁའ་འགྲོས་གནང་བའི་ཐབས་ལམ། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་དང་འབྲེལ་བའི་སྨོན་ལམ་གྱི་རྡོ་རྗེའི་གླུ་གྲུབ་ཆེན་ཨོ་རྒྱན་པས་གནང་བ། བསྙེན་སྒྲུབ་ཀྱི་འགྲེལ་བཤད་ཡིད་བཞིན་ནོར་བུ་ཟླ་བ་སེང་གེའི་གསུང་། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ལས་སྔོན་འགྲོའི་ཆོ་ག་གོང་གསུང་། [117a] བསྙེན་སྒྲུབ་ཀྱི་ཁྲིད་གོང་གསུང་། བསྙེན་སྒྲུབ་གདན་རྫོགས་སུ་སྒོམ་པའི་སྙིང་ཐིག་འབྲུག་པད་དཀར་གྱི་གསུང་། སྨོན་ལམ་རྒྱལ་བ་རྒྱ་མཚོ་མ་རྗེ་བཙུན་གསུང་རྣམས་སོ། ། ༼ཏ༽ དགུ་པ་བརྒྱུད་སྲོལ་སྣ་ཚོགས་ལས་བྱོན་པའི་གདམས་ངག་ཁྲིད་ཐོར་བུའི་སྐོར་ལ། གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་ལྷན་ཅིག་ཏུ་བྱ་བའི་ཚུལ་དངོས་གྲུབ་ཆུ་རྒྱུན། བཀའ་སྡོད་ཆོས་སྐྱོང་གི་བྱིན་རླབས་བཅས་འཇམ་མགོན་གསུང་། འཕགས་ཡུལ་གྱི་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ལ་མཆོད་ཅིང་གསོལ་བ་འདེབས་པའི་ཆོ་ག་དངོས་གྲུབ་ཀུན་འབྱུང་གོང་གསུང་། གྲུབ་མཆོག་སྤྱི་ལ་བརྟེན་པའི་བླ་མའི་རྣལ་འབྱོར་རྒྱ་གར་ལུགས་དངོས་གྲུབ་ཐིག་ལེ་འཁྱིལ་བ་གོང་གསུང་། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྫོགས་རིམ་རིན་ཆེན་ཕྲེང་བའི་གཞུང་ཆུང་། དེའི་བཤད་ཊིཀ་བླ་མ་ཨབྷ་ཡ་ཤྲཱིའི་གསུང་མི་ཉག་ལོ་ཙཱ་བས་བསྒྱུར་བ། གནོད་སྦྱིན་མོའི་རྟོགས་པ་རིན་ཆེན་ཕྲེང་བ་ཞལ་གདམས་བཅས། པཎ་ཆེན་ཤྲཱི་སུ་ཏྲ་ལ་བཀའ་བབ་པའི་ཟབ་ཆོས་གཡེར་པོ་ཆེ་གྲུབ་ཆེན་མི་ཏྲ་ཛྭོ་ཀིའི་མན་ངག་སྙན་བརྒྱུད་མི་ཏྲ་ [117b] ཁྲིད་དྲུག་ཏུ་གྲགས་པའི་སྐོར་ལ། དབང་དང་། གདམས་སྐོར་གཉིས་ལས། དང་པོ་ནི། ཐུགས་ཆེན་རྒྱལ་བ་རྒྱ་མཚོའི་ལམ་རིམ་མངོན་རྟོགས་དབང་བསྐུར་ཐུགས་རྗེའི་ཆུ་རྒྱུན་རྣལ་འབྱོར་འོད་དཔག་རྡོ་རྗེའི་གསུང་། དེའི་ལྷན་ཐབས་ཆོག་བསྒྲིགས་དཀྱིལ་འཁོར་བསྟོད་པ། ཚོགས་མཆོད། དེའི་རྗེས་གནང་། རྟ་མགྲིན་དམར་པོའི་རྗེས་གནང་། འཇམ་དབྱངས་རྗེས་གནང་གོང་གསུང་། དེའི་ཞལ་ཤེས། ཕྱག་རྡོར་རྗེས་གནང་། ཚེ་དཔག་མེད་ཀྱི་རྗེས་གནང་གོང་གསུང་། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབས་འཁོར་བའི་འཕྲང་སྒྲོལ་གྱི་རྗེས་གནང་། ཛམ་བྷ་ལའི་རྗེས་གནང་། ཆོས་སྐྱོང་བྲག་ལྷ་མགོན་པོའི་མངོན་རྟོགས་ཀིརྟི་རཏྣས་མཛད་པ། བྲག་ལྷ་མགོན་པོའི་རྗེས་གནང་བགེགས་དཔུང་འཇོམས་བྱེད་གོང་དུ་གསུང་བཅས། གཉིས་པ་ནི། བརྒྱུད་པའི་རྣམ་ཐར་མདོར་བསྡུས་སུ་བཀོད་པ། སྤྱན་རས་གཟིགས་ཀྱི་ལམ་གྱི་རིམ་པ་རྡོ་རྗེའི་ཚིག་རྐང་པཎྜི་ཏ་ཤྲཱི་པུ་ཏྲས་སྒྲ་རང་འགྱུར་དུ་བསྒྱུར་བ། སྤྱན་རས་གཟིགས་ཀྱི་བསྙེན་སྒྲུབ་བདུད་རྩིའི་ཆུ་རྒྱུན་མི་ཏྲ་ལུགས་འོད་དཔག་རྡོ་རྗེའི་གསུང་། དེའི་ལམ་གྱི་ [118a] རིམ་པའི་ཁྲིད་ཡོངས་སུ་བསྡུས་པ་བདུད་རྩིའི་དགའ་སྟོན་གོང་གསུང་། དེའི་ཆ་ལག་དམིགས་ཁྲིད་མན་ངག་གསེར་གྱི་ཐུར་མ། འཇམ་དབྱངས་སྐུ་ཁྲིད་ཤེས་རབ་འཕེལ་བྱེད་ཡེ་ཤེས་རྒྱན་གྱི་འཁོར་ལོ། ཕྱག་རྡོར་ཐུགས་ཀྱི་ཁྲིད་བདུད་དཔུང་འཇོམས་བྱེད་འོད་ཟེར་རྒྱས་པ། ཚེ་དཔག་མེད་ཡོན་ཏན་གྱི་ཁྲིད་འཆི་མེད་རྡོ་རྗེའི་སྐུ་སྒྲུབ་པ། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབས་ཕྲིན་ལས་ཀྱི་ཁྲིད་འཁོར་བའི་འཕྲང་སྒྲོལ། ཛམ་བྷ་ལ་སེར་པོའི་ཁྲིད་དངོས་གྲུབ་ཆར་འབེབས། སྤྱན་རས་གཟིགས་ཀྱི་ལམ་རིམ་བླ་བརྒྱུད་གསོལ་འདེབས། མི་ཏྲ་ཁྲིད་དྲུག་ལྷ་སོ་སོའི་སྔགས་བྱང་རྣམས་ཕྱོགས་གཅིག་ཏུ་བཀོད་པ། ཐུགས་ཆེན་སེམས་ཉིད་ངལ་གསོའི་རྗེས་གནང་གི་ཡི་གེ ། སྤྱན་རས་གཟིགས་ཀྱིས་གྲུབ་ཆེན་མི་ཏྲ་ཛོ་ཀི་ལ་གསུངས་པའི་སེམས་ཉིད་ངལ་གསོའི་མན་ངག་རྩ་བ། སྙིང་པོ་དོན་གྱི་ངོ་སྤྲོད། གཅེས་པའི་སྙིང་པོ་སྙིང་དང་འདྲ་བའི་མན་ངག། རྟོགས་པ་བརྗོད་པ་སུམ་ཅུ་པ། དེའི་འབྲུ་བཤད་དགེ་སློང་དཔལ་གྱི་མཚན་ཅན་གྱི་གསུང་། ཕྱག་རྒྱ་ཆེན་པོ་སེམས་ཉིད་ངལ་གསོའི་ [118b] གཞུང་འགྲེལ་སྙིང་པོར་བསྡུས་པ་མཁྱེན་བརྩེའི་གསུང་། ཕྱག་ཆེན་སེམས་ཉིད་ངལ་གསོའི་རྩ་བ་མདོའི་ལུང་དང་སྦྱར་བ། སེམས་ཉིད་ངལ་གསོའི་རྩ་བརྒྱུད་ཀྱི་ལུང་དང་སྦྱར་བ་བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་། སེམས་ཉིད་ངལ་གསོའི་ཁྲིད་ཟིན་མཁྱེན་བརྩེའི་གསུང་། ཁྲིད་ཀྱི་ཉམས་གླུ་དྲན་པས་སྙིང་གི་གདུང་སེལ་བློ་གསལ་བསྟན་སྐྱོང་གི་གསུང་། ཁྲིད་ཀྱི་འཆད་ཐབས་བདུད་རྩིའི་སྣང་བ་མཁྱེན་བརྩེའི་གསུང་། བླ་མའི་རྣལ་འབྱོར་སྐབས་ཀྱི་བླ་བརྒྱུད་ཁ་སྐོང་། སེམས་ཉིད་ངལ་གསོའི་བརྒྱུད་འདེབས་གནས་སྦྱར་མ་ཞ་ལུ་བ་བློ་གསལ་བསྟན་སྐྱོང་གི་གསུང་། གྲུབ་ཆེན་མི་ཏྲ་ཛོ་ཀིས་གསུང་ས་པའི་སྙིང་པོ་དོན་གསུམ་གྱི་མན་ངག་རྩ་བ་རྡོ་རྗེའི་ཚིག་རྐང་། སྙིང་པོ་དོན་གསུམ་གྱི་བརྒྱུད་འདེབས་བྱིན་རླབས་མཆོག་སྩོལ་མཁྱེན་བརྩེའི་གསུང་། སྙིང་པོ་དོན་གསུམ་གྱི་ཉམས་ལེན་སྙིང་པོར་བསྡུས་པ་གོང་གསུང་། རྒྱུན་གྱི་རྣལ་འབྱོར་ངག་འདོན་སྙིང་པོ་གོང་གསུང་། དམར་ཁྲིད་ཚེམ་བུ་ལུགས་ཀྱི་གསོལ་འདེབས་རྗེ་བླ་མས་མཛད་པ། ཁྲིད་ཡིག་མཁྱེན་རབ་ཆོས་རྗེས་མཛད་པ་མཆན་བུ་ཅན། དེའི་ས་བཅད་ [119a] རྒྱས་པ། བསྐྱེད་རྫོགས་ཉམས་ལེན་སྙིང་པོར་དྲིལ་བ། ཉམས་ལེན་ཤིན་ཏུ་བསྡུས་པ་རྗེ་བླ་མས་མཛད་པ། དམར་ཁྲིད་སྐྱེར་སྒང་ལུགས་ཀྱི་བརྒྱུད་འདེབས་མཁྱེན་བརྩེའི་གསུང་། དེའི་ངག་འདོན་སྙིང་པོར་དྲིལ་བ་ཟུང་འཇུག་གྲུབ་སྟེར་གོང་གསུང་། སྐྱེར་སྒང་ལུགས་ཐུགས་ཆེན་སྙིང་རྗེ་མཁའ་ཁྱབ་ཀྱི་ཁྲིད། སྤྱན་རས་གཟིགས་དཔལ་མོ་ལུགས་ཀྱི་བརྒྱུད་འདེབས་མཁྱེན་བརྩེའི་གསུང་། དེའི་ཉམས་ལེན་སྙིང་པོར་དྲིལ་བ་ཟུང་འཇུག་མྱུར་ལམ་གོང་གསུང་། དེའི་དམར་ཁྲིད་པདྨ་དཀར་པོའི་གསུང་། བྱང་སེམས་ཟླ་རྒྱལ་ལུགས་ཀྱི་དམར་ཁྲིད་བརྒྱུད་འདེབས། དེའི་ཉམས་ལེན་སྙིང་པོར་དྲིལ་བ་ཟུང་འཇུག་གསང་ལམ་བཅས་མཁྱེན་བརྩེའི་གསུང་། ཐུགས་ཆེན་རྒྱལ་པོ་ལུགས་ཀྱི་བརྒྱུད་འདེབས་ལོ་ཆེན་དྷརྨ་ཤྲཱིའི་གསུང་མཁྱེན་བརྩེའི་ཁ་སྐོང་ཅན། དེའི་ཉམས་ལེན་སྙིང་པོར་དྲིལ་བ་འཕགས་པ་དགྱེས་པའི་ལམ་སྲོལ་མཁྱེན་བརྩེའི་གསུང་། གྲུབ་དབང་ཐང་སྟོང་རྒྱལ་པོ་ལ་ཐུགས་རྗེ་ཆེན་པོས་དངོས་སུ་གནང་བའི་སྙིང་པོ་ཡི་གེ་དྲུག་པའི་ [119b] ཉམས་ལེན་གྱི་གཞུང་གཞུང་གསལ་བྱེད་དང་བཅས་པ། ཐང་རྒྱལ་ཉེ་བརྒྱུད་ཡིག་དྲུག་སྒོམ་ལུང་འབོགས་ཚུལ་གཞན་ཕན་མཁའ་ཁྱབ་འཇམ་མགོན་གསུང་། ཐང་རྒྱལ་ཉེ་བརྒྱུད་ཐུགས་ཆེན་སྒོམ་བཟླས་ངག་འདོན་མདོ་སྔགས་ཡང་བཅུད། བླ་བརྒྱུད་གསོལ་འདེབས་གངས་ཅན་འགྲོ་མགོན་མ་གོང་གསུང་། གྲུབ་ཐོབ་ཆེན་པོ་དགེ་སློང་པདྨ་དཀར་པོར་སྐྱེ་བ་བཞེས་དུས་འཕགས་པ་ལ་གསོལ་བ་བཏབ་པའི་རྡོ་རྗེའི་གསུང་སྔོན་གནས་རྗེས་དྲན་དུ་གསུངས་པ། ཐང་རྒྱལ་ཉེ་བརྒྱུད་བླ་མའི་རྣལ་འབྱོར་གྱི་གདམས་པ། དེའི་ཁྲིད་ཡིག། ཀུན་མཁྱེན་བོ་དོང་ལུགས་ཕྱག་ཆེན་ཁྲིད་གྲུབ་པའི་ཞལ་ལུང་བདུད་རྩིའི་སྙིང་པོ་མཁྱེན་བརྩེའི་གསུང་། སྔོན་འགྲོའི་ངག་འདོན་མ་རིག་མུན་སེལ། ཟབ་གསལ་རིང་བརྒྱུད་ཀྱི་གསོལ་འདེབས་ལྷན་ཅིག་སྐྱེས་སྦྱོར་གཙོ་བོར་སྟོན་པ། བུ་སྟོན་བཀའ་བབས་ཟབ་གསལ་ཉེ་བརྒྱུད་གསོལ་འདེབས་འཇམ་མགོན་གསུང་། མཇུག་གི་དབང་བཞི་ལེན་པ་སོགས། བོ་དོང་ལུགས་ཟབ་གསལ་རིང་བརྒྱུད་གསོལ་འདེབས་ཡེ་ཤེས་མཆོག་སྩོལ་ཁ་སྐོང་བཅས། བོ་དོང་རས་ཆེན་དཔལ་འབྱོར་བཟང་པོའི་གཏུམ་ [120a] མོ་ཞག་བདུན་མའི་ཁྲིད་བླ་མའི་ཞལ་ལུང་། གཏུམ་མོ་ཞག་བདུན་མའི་གསོལ་འདེབས་སྔོན་འགྲོའི་ངག་འདོན་སུམ་སྦྱོར། བོ་དོང་རིན་པོ་ཆེའི་ཐུབ་པ་མདོ་གཅོད་ཀྱི་ཁྲིད་ཟབ་དོན་ཡང་སྙིང་། དེའི་དམར་འགྱེད་ཞལ་ཤེས། དེའི་དམིགས་ཁྲིད། ཐུབ་པ་མདོ་གཅོད་ཀྱི་ངག་འདོན་བཀླག་པས་གྲུབ་པ། རས་ཆེན་དཔལ་འབྱོར་བཟང་པོ་ནས་བརྒྱུད་པའི་འཕོ་བའི་ལོ་རྒྱུས་གདམས་ངག་དང་བཅས་པ་ལས། དང་པོ་འཕོ་བ་མཁའ་སྤྱོད་མའི་ལོ་རྒྱུས། འཕོ་བའི་ཞལ་ཤེས་བཀའ་རྒྱ་མ་ཤིན་ཏུ་གསང་བ། རང་སྟོན་ཆེན་པོས་ཡུམ་ལ་གནང་བའི་ཟབ་ལམ་འཕོ་བའི་གདམས་སྐོར་ལས། འཕོ་བའི་ལོ་རྒྱུས། འཕོ་ཆོས་མཚམས་སྦྱོར་མཁྱེན་རབ་འབྱམས་པས་མཛད་པ། འཕོ་ཁྲིད་བརྒྱུད་པའི་གསོལ་འདེབས་རྨོག་ཆེན་ཀུན་དགའ་ལྷུན་གྲུབ་གསུང་། དེའི་ཁ་སྐོང་འགྱུར་མེད་མཆོག་གྲུབ་ཀྱིས་མཛད་པ། འཕོ་བའི་ངག་འདོན་བྱ་ཚུལ་ཟུར་བཀོལ་མཆོག་གི་ལོ་ཆེན་མཻ་ཏྲི་ཀརྨ་གུ་ཎས་མཛད་པ། འཕོ་བའི་དམིགས་ཁྲིད་སྐལ་བཟང་ཐར་པར་འདྲེན་པའི་ལྕགས་ཀྱུ་གོང་གསུང་བཅས་སོ། ། [120b] གྲུབ་ཆེན་ཞི་བ་སྦས་པའི་ཐུགས་བཅུད་བཀའ་བབས་བདུན་ལྡན་གྱི་གཞུང་རྡོ་རྗེའི་ལམ་བཟང་། བཀའ་བབས་དྲུག་ལྡན་ཁྲིད་འཕགས་ཡུལ་གྲུབ་པའི་ཞལ་ལུང་ཡེ་ཤེས་རྒྱ་མཚོའི་ཟིན་བྲིས། བཀའ་བབ་དྲུག་ལྡན་གྱི་ཟབ་ཁྲིད་བརྒྱུད་པའི་གསོལ་འདེབས་མུ་ཏིག་ཕྲེང་བ་ལས། ཐོག་མར་བསྐྱེད་རིམ་གྱི་བརྒྱུད་འདེབས། གཉིས་པ་ཕྱག་ཆེན་བརྒྱུད་འདེབས། གསུམ་པ་གཏུམ་མོའི་བརྒྱུད་འདེབས། བཞི་པ་འོད་གསོལ་གྱི་བརྒྱུད་འདེབས། ལྔ་པ་ལས་རྒྱའི་ཁྲིད་ཀྱི་བརྒྱུད་འདེབས། དྲུག་པ་མན་ངག་ཐོར་བུའི་བརྒྱུད་འདེབས་བཅས་འཇམ་མགོན་གསུང་། མེ་ཏོག་བཅུད་ལེན་གྱི་གདམས་པ་རིམ་པ་ལྔ་པ་བྱ་བྲལ་དགེ་འདུན་རྒྱ་མཚོའི་གསུང་། ཆུའི་བཅུད་ལེན་གྱི་གདམས་པ་འཆི་མེད་རིག་འཛིན་སྒྲུབ་པའི་ཆུ་རྒྱུན་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་གྱི་གསུང་། སྙན་བརྒྱུད་རྡེའུ་བཅུད་ལེན་དང་མེ་ཏོག་བཅུད་ལེན་གྱི་འདོན་ཁྲིད་སྦྲགས་མ་ཆོས་དབྱིངས་བདེ་ཆེན་མཚོ་མོའི་གསུམ། མི་ཏྲ་ལུགས་ཀྱི་ཚེ་དཔག་མེད་དཀར་པོའི་རྗེས་གནང་། ཏི་ཕུ་པས་ཉེ་བརྒྱུད་ཚེ་སྒྲུབ་ཞག་བདུན་མའི་ཉམས་ལེན་ [121a] རིམ་པ་འཆི་མེད་བདུད་རྩིའི་བཅུད་ལེན་བཙུན་པ་བློ་གསལ་གྱི་གསུང་། དེའི་བརྒྱུད་འདེབས་དངོས་གྲུབ་མཆོག་སྩོལ་གོང་གསུང་ལ་འཇམ་དབྱངས་མཁྱེན་བརྩེའི་ཁ་སྐོང་ཅན། གཙུག་ཏོར་རྣམ་རྒྱལ་མ་ལྷ་དགུའི་སྒྲུབ་ཐབས་རྗེས་གནང་བཅས་རིན་འབྱུང་ནས་ཕྱུང་བ། རྣམ་རྒྱལ་ལྷ་དགུའི་སྒྲུབ་ཐབས་བུམ་ཆོག་བཅས་སྟོང་མཆོད་ཆོ་ག་རྗེ་བཙུན་གསུང་། བ་རི་ལུགས་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་སྒྲུབ་ཅིང་མཆོད་པའི་ཆོ་ག་འཆི་མེད་བདུད་རྩིའི་རོལ་མཚོ་མཁྱེན་བརྩེའི་གསུང་། དེའི་རྗེས་གནང་གི་ཆོ་ག་འཆི་མེད་གྲུབ་པའི་བདུད་རྩི་གོང་གསུང་། དེའི་ཟབ་ཁྲིད་ཐུན་མིན་ཡི་གེ་བདེ་ལྡན་མགོན་པོའི་ཞལ་ལུང་རིང་འཚོའི་བསིལ་སྦྱིན་ངག་དབང་ལེགས་གྲུབ་གསུང་། སྒྲོལ་དཀར་ཚེ་ཁྲིད་འཆད་ཐབས་སྐལ་བཟང་རྣ་བའི་དགའ་སྟོན་གོང་གསུང་། སྒྲོལ་དཀར་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་གྱི་ཉམས་ལེན་སྙིང་པོར་བསྡུས་པ་ས་ཆེན་ཀུན་བློའི་གསུང་། ཚེ་ལྷ་རྣམ་གསུམ་གཅིག་བསྡུས་རྗེས་གནང་། ཚེ་ལྷ་རྣམ་གསུམ་དང་རྗེས་སུ་འབྲེལ་བའི་ཚོགས་གཉིས་སྤེལ་བའི་ཆོ་ག་འཆི་མེད་གྲུབ་པའི་དགའ་ [121b] སྟོན་མཁྱེན་བརྩེའི་གསུང་། སྒྲོལ་མ་ལ་རྩ་སྔགས་དང་སྦྱར་བའི་སྒོ་ནས་གསོལ་བ་འདེབས་པ་དོན་ཀུན་གྲུབ་པའི་དབྱངས་སྙན་མཁྱེན་བརྩེའི་གསུང་བཅས་སོ། ། ༈ ། བཅུ་པ་དེ་དག་ཐམས་ཅད་ཀྱི་རྒྱབ་བརྟེན་དུ་གྱུར་པ་ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེས་བསྒྲིགས་པའི་ཟབ་ཁྲིད་བརྒྱ་རྩ་བརྒྱད་ཀྱི་སྐོར་ལ། ཁྲིད་བརྒྱའི་བརྒྱུད་འདེབས་བརྗོད་བདེ་བརྒྱུད་པའི་མཚན་སྡོམ་ཅུང་ཟད་གསལ་བར་བཀོད་པ་རྗེ་བཙུན་གསུང་ལ་འཇམ་མགོན་ཁ་སྐོང་ཅན། ཁྲིད་བརྒྱའི་བརྒྱུད་འདེབས་ཁ་སྐོང་མཆན་ཅན་བློ་གསལ་བསྟན་སྐྱོང་གསུང་། ཟབ་ཁྲིད་བརྒྱ་དང་བརྒྱད་ཀྱི་ཁུངས་གླེང་བའི་ཞབས་བརྟན་ཚིགས་སུ་བཅད་པ་གོང་གསུང་། ཁྲིད་བརྒྱ་སོ་སོའི་བརྒྱུད་པའི་ལོ་རྒྱུས། དེའི་ཁ་སྐོང་རྗེ་བཙུན་གསུང་། ཁྲིད་བརྒྱའི་སྔོན་འགྲོ་ཐུན་མོང་བ་རྗེ་བཙུན་གསུང་། སྔོན་འགྲོ་ཐུན་མིན་གོང་གསུང་། ཟབ་ཁྲིད་བརྒྱ་རྩ་བརྒྱད་ལས། ཟབ་ཁྲིད་བརྒྱ་རྩ་བརྒྱད་པོ་དཀྱུས་གཅིག་ཏུ་གསལ་བ་དབུ་ནས་བརྩམ་མཐར་ཆགས་སུ་སུམ་ཁྲིད་རེ་མཛད་པའི་ཕྱག་སྲོལ་བཞིན་སླ་ཆོས་སུ་མ་སོང་བ་དགོས་ལགས། དང་པོ་ཞེན་པ་བཞི་བྲལ་གྱི་ཁྲིད། གཉིས་པ་བློ་སྦྱོང་དོན་བདུན་མའི་ཁྲིད། གསུམ་པ་རྟེན་འབྲེལ་སྙིང་པོའི་ཁྲིད། བཞི་པ་སྐྱིད་སྡུག་ལམ་ [122a] ཁྱེར་གྱི་ཁྲིད། ལྔ་པ་སུམ་པའི་བློ་སྦྱོང་གི་ཁྲིད། དྲུག་པ་མ་ཅིག་གི་གཅོད་ཁྲིད། བདུན་པ་སྙིང་པོ་དོན་གསུམ་གྱི་ཁྲིད། བརྒྱད་པ་སེམས་ཉིད་ངལ་གསོའི་ཁྲིད། དགུ་པ་སྐྱེས་བུ་གསུམ་གྱི་ཁྲིད། བཅུ་པ་བསྟན་རིམ་གྱི་ཁྲིད། བཅུ་གཅིག་པ་སྲིད་ཞི་མཉམ་ཉིད་ཀྱི་ཁྲིད། བཅུ་གཉིས་པ་དབུ་མ་ཆེན་མོའི་ཁྲིད། བཅུ་གསུམ་པ་བཀའ་གདམས་ལྐོག་ཁྲིད་ཀྱི་ཁྲིད། བཅུ་བཞི་པ་ཐུབ་པའི་ཁྲིད། བཅོ་ལྔ་མི་གཡོ་བའི་ཁྲིད། བཅུ་དྲུག་པ་སྤྱན་རས་གཟིགས་ཀྱི་ཁྲིད། བཅུ་བདུན་པ་སྒྲོལ་མའི་ཁྲིད། བཅོ་བརྒྱད་པ་པོ་ཏོ་བའི་དཔེ་ཆོས་ཀྱི་ཁྲིད། བཅུ་དགུ་པ་ཐིག་ལེ་བཅུ་དྲུག་གི་ཁྲིད། ཉི་ཤུ་པ་ཤར་ཕྱིན་བཀའ་བབས་ཀྱི་ཁྲིད། ཉེར་གཅིག་པ་ཞི་བྱེད་ལམ་ལྔའི་ཁྲིད། ཉེར་གཉིས་པ་སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་ཁྲིད། ཉེར་གསུམ་པ་བྱམས་ཆོས་སྡེ་ལྔའི་ཁྲིད། ཉེར་བཞི་པ་རང་སྟོང་གི་ལྟ་ཁྲིད། ཉེར་ལྔ་པ་གཞན་སྟོང་གི་ལྟ་ཁྲིད། ཉེར་དྲུག་པ་སྦས་དོན་གྱི་ [122b] ཁྲིད་ཡིག། ཉེར་བདུན་པ་ཚེ་ཁྲིད། ཉེར་བརྒྱད་པ་སྒྲོལ་དཀར་གྱི་ཁྲིད། ཉེར་དགུ་པ་ཚེ་དཔག་མེད་དཀར་པོའི་ཁྲིད། སུམ་ཅུ་པ་ཚེམ་བུ་ལུགས་ཀྱི་དམར་ཁྲིད། སོ་གཅིག་པ་དཔལ་མོ་ལུགས་ཀྱི་དམར་ཁྲིད། སོ་གཉིས་པ་ཟླ་རྒྱལ་ལུགས་ཀྱི་དམར་ཁྲིད། སོ་གསུམ་པ་སྐྱེར་སྒང་ལུགས་ཀྱི་དམར་ཁྲིད། སོ་བཞི་པ་བདེ་མཆོག་གི་དམར་ཁྲིད། སོ་ལྔ་པ་ཀྱཻ་རྡོ་རྗེའི་དམར་ཁྲིད། སོ་དྲུག་པ་ཕྱག་རྡོར་འཁོར་ཆེན་གྱི་ཁྲིད། སོ་བདུན་པ་གཏུམ་མོའི་ཁྲིད། སོ་བརྒྱད་པ་ཕག་མོ་ཀུརྨ་པཱ་དིའི་ཁྲིད། སོ་དགུ་པ་ཀུ་རུ་ཀུལླེའི་ཁྲིད། བཞི་བཅུ་པ་དུས་འཁོར་སྙན་བརྒྱུད་ཀྱི་ཁྲིད། ཞེ་གཅིག་པ་ཨོ་རྒྱན་བསྙེན་སྒྲུབ་ཀྱི་ཁྲིད། ཞེ་གཉིས་པ་ལམ་འབྲས་ཀྱི་ཁྲོད། ཞེ་གསུམ་པ་བསམ་མི་ཁྱབ་ཀྱི་ཁྲིད། ཞེ་བཞི་པ་ཟབ་པའི་ཚུལ་དགུའི་ཁྲིད། ཞེ་ལྔ་པ་ལྷན་ཅིག་སྐྱེས་སྦྱོར་གྲུབ་ཀྱི་ཁྲིད། ཞེ་དྲུག་པ་གཏུམ་མོ་ལམ་རྫོགས་ཀྱི་ཁྲིད། ཞེ་བདུན་པ་ཡོན་པོ་བསྲང་བའི་ཁྲིད། ཞེ་བརྒྱད་པ་ཕྱག་རྒྱའི་ལམ་གྱི་ཁྲིད། ཞེ་དགུ་པ་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་ཁྲིད། ལྔ་བཅུ་པ་མཆོད་རྟེན་དྲུང་ཐོབ་ཀྱི་ཁྲིད། ང་གཅིག་པ་མདོ་རྒྱུད་བསྲེ་ [123a] བའི་ཁྲིད། ང་གཉིས་པ་ཕྱི་རོལ་གདོན་གྱི་བར་ཆད་སེལབའི་ཁྲིད། ང་གསུམ་པ་འབྱུང་བ་ལུས་འཁྲུགས་ཀྱི་བར་ཆད་སེལ་བའི་ཁྲིད། ང་ཞི་པ་ཏིང་ངེ་འཛིན་སེམས་ཀྱི་བར་ཆད་སེལ་བའི་ཁྲིད། ང་ལྔ་པ་སྡུག་བསྔལ་གསུམ་སེལ་གྱི་ཁྲིད། ང་དྲུག་པ་གཉུག་མ་དྲན་གསལ་གྱི་ཁྲིད། ང་བདུན་པ་དག་པ་གསུམ་གྱི་ཁྲིད། ང་བརྒྱད་པ་རང་བྱིན་རླབས་ཀྱི་ཁྲིད། ང་དགུ་པ་ལམ་སྦས་བཤད་ཀྱི་ཁྲིད། དྲུག་ཅུ་པ་བརྡ་དོན་གསལ་བའི་ཁྲིད། རེ་གཅིག་པ་གསང་འདུས་རིམ་ལྔའི་ཁྲིད། རེ་གཉིས་པ་གྲོལ་བའི་ཐིག་ལེའི་ཁྲིད། རེ་གསུམ་པ་སྤྲོས་མེད་ཀྱི་ཁྲིད། རེ་བཞི་པ་རྣལ་འབྱོར་བཞི་རིམ་གྱི་ཁྲིད། རེ་ལྔ་པ་འཇིགས་བྱེད་ཀྱི་ཁྲིད། རེ་དྲུག་པ་ཡབ་ལ་བརྟེན་པའི་རྩ་དབུ་མའི་ཁྲིད། རེ་བདུན་པ་ཡུམ་གྱི་རྩ་དབུ་མའི་ཁྲིད། རེ་བརྒྱད་པ་དྲིལ་བུ་ལྷ་ལྔའི་ཁྲིད། རེ་དགུ་པ་ནག་པོ་རིམ་བཞི་རིམ་གྱི་ཁྲིད། བདུན་ཅུ་པ་བདེ་མཆོག་དཀར་པོའི་ཁྲིད། དོན་གཅིག་པ་གདན་བཞིའི་ཁྲིད། དོན་གཉིས་པ་མ་ཧཱ་མ་ཡའི་ཁྲིད། དོན་གསུམ་པ་བདེ་མཆོག་བོང་ཞལ་ཅན་གྱི་ཁྲིད། དོན་བཞི་པ་ཕག་མོའི་ [123b] སྒོམ་དྲུག་གི་ཁྲིད། དོན་ལྔ་པ་ནཱ་རོའི་ཆོས་དྲུག་གི་ཁྲིད། དོན་དྲུག་པ་ནི་གུའི་ཆོས་དྲུག་གི་ཁྲིད། དོན་བདུན་པ་ཕྱག་ཆེན་གའུ་མའི་ཁྲིད། དོན་བརྒྱད་པ་ལམ་ཁྱེར་གྱི་ཁྲིད། དོན་དགུ་པ་སེམས་འཆི་མེད་ཀྱི་ཁྲིད། བརྒྱད་ཅུ་པ་སུ་ཁ་ཆོས་དྲུག་གི་ཁྲིད། གྱ་གཅིག་པ་བདག་མེད་མའི་ནང་ཁྲིད། གྱ་གཉིས་པ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད། གྱ་གསུམ་པ་ཕྱག་ཆེན་ལྔ་ལྡན་གྱི་ཁྲིད། གྱ་བཞི་པ་ཕྱག་ཆེན་ཡི་གེ་བཞི་པའི་ཁྲིད། གྱ་ལྔ་པ་སྐུ་གསུམ་ངོ་སྤྲོད་ཀྱི་ཁྲིད། གྱ་དྲུག་པ་རླུང་སེམས་གཉིས་མེད་ཀྱི་ཁྲིད། གྱ་བདུན་པ་སྲས་མཁར་མའི་ཁྲིད། གྱ་བརྒྱད་པ་རྔོག་པའི་བསྲེ་འཕོའི་ཁྲིད། གྱ་དགུ་པ་སྙན་གྱི་ཤོག་དྲིལ་བཞིའི་ཁྲིད། དགུ་བཅུ་པ་སྦྱོར་དྲུག་གི་ཁྲིད། གོ་གཅིག་པ་སྙན་བརྒྱུད་ཀྱི་ཁྲིད། གོ་གཉིས་པ་ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུའི་ཁྲིད། གོ་གསུམ་པ་ཞང་གི་ཟབ་རྒྱའི་ཁྲིད། གོ་བཞི་པ་དཔལ་ཆེན་རྒྭ་ལོའི་སྦྱོར་དྲུག་གི་ཁྲིད། གོ་ལྔ་པ་ཕག་གྲུའི་ཐེམ་སྐོར་གྱི་སྐོར། གོ་དྲུག་པ་དགོངས་གཅིག་གི་ཁྲིད། གོ་བདུན་པ་སྟག་ལུང་པའི་ཆོས་དྲུག་གི་ཁྲིད། གོ་བརྒྱད་པ་བླ་སྒྲུབ་རྟེན་འབྲེལ་རོ་སྙོམས་ཀྱི་ཁྲིད། [124a] གོ་དགུ་པ་ལོ་རས་ཐུབ་པ་ལྔ་ལྡན་གྱི་ཁྲིད། བརྒྱ་ཐམ་པ་རི་ཆོས་ཀྱི་ཁྲིད། བརྒྱ་དང་གཅིག་པ་མགོན་པོ་སྐུ་རགས་མའི་ཁྲིད། བརྒྱ་དང་གཉིས་པ་དཔལ་གུར་གྱི་མགོན་པོའི་ཁྲིད། བརྒྱ་དང་གསུམ་པ་དོ་ཧ་སྐོར་གསུམ་གྱི་ཁྲིད། བརྒྱ་དང་བཞི་པ་གྲུབ་ཐོབ་ཆོས་དྲུག་གི་ཁྲིད། བརྒྱ་དང་ལྔ་པ་པདྨའི་ལམ་རིམ་གྱི་ཁྲིད། བརྒྱ་དང་དྲུག་པ་རྒྱལ་པོ་བཀའ་འབུམ་གྱི་ཁྲིད། བརྒྱ་དང་བདུན་པ་ནོར་བུ་མཐོང་གྲོལ་གྱི་ཁྲིད། བརྒྱ་དང་བརྒྱད་པ་སེམས་ཁྲིད་ཡིད་བཞིན་ནོར་བུ་བཅས་རྗེ་བཙུན་གསུང་། ཁྲིད་བརྒྱའི་ས་འགྲེལ་ཡ་མཚན་འཕྲུལ་གྱི་ལྡེའུ་མིག། ཁྲིད་བརྒྱའི་སྤྱི་ཆིངས་རྣམ་པར་སྤེལ་བ་ངོ་མཚར་ཆོས་ཀྱི་སྒོ་མང་གོང་གསུང་། ཁྲིད་བརྒྱའི་མཚན་ཐོ་དམིགས་བསལ། མགོན་བརྒྱའི་མཚན་ཐོ། དབང་བརྒྱའི་མཚན་ཐོ་བཅས་གོང་གསུང་། ཁྲིད་བརྒྱའི་བོད་དབང་བྱ་ཚུལ་བླ་མའི་ཞལ་ཤེས་ཡི་གེར་བཀོད་པ་བྱིན་རླབས་ཀྱི་ཟ་མ་ཏོག་བློ་གསལ་བསྟན་སྐྱོང་གི་གསུང་། འདུལ་བའི་ལས་ཆོག་མཐོང་བ་དོན་ལྡན་ལས། དང་པོ་ཡོངས་རྫོགས་དགེ་བསྙེན་དུ་སྒྲུབ་པའི་ཆོ་ག། དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པའི་ཆོ་ག། [124b] བསྙེན་པར་རྫོགས་པའི་ཆོ་ག་བཅས་དཔལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལྷས་སྦྱར་བ། སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་སྒྲུབ་པའི་ཆོ་ག། ཡོངས་རྫོགས་དགེ་བསྙེན་དུ་སྒྲུབ་པའི་ཆོ་ག་བཅས་ཀུན་མཁྱེན་བུ་སྟོན་གསུང་། ཕལ་ཆེར་སྤྱོད་པ་རྩ་བཞི་འཛིན་པའི་དགེ་བསྙེན་དུ་སྒྲུབ་པའི་ཆོ་ག། བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་ཆོག་ཀརྨ་ཕྲིན་ལས་ཀྱིས་མཛད་པ་བཅས། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀུན་འདུས་ཀྱི་བླ་མ་མཆོད་པའི་ཆོ་ག་བྱིན་རླབས་དངོས་གྲུབ་ཡོན་ཏན་ཀུན་གྱི་འབྱུང་གནས་འཇམ་མགོན་གསུང་། དེའི་སྤར་ན་མེད། ཟུར་འདེབས་ཚོགས་ཀྱི་ཆོ་ག་ཚོགས་གཉིས་རྒྱ་མཚོ་རི་ཆེའི་མཁན་པོ་ངག་དབང་ལེགས་གྲུབ་ཀྱི་གསུང་། ཡོངས་རྫོགས་བསྟན་པའི་མངའ་བདག་འཇམ་མགོན། བློ་གྲོས་མཐའ་ཡས་པའི་སྡེའི་རིང་ལུགས་དར་ཞིང་རྒྱས་པའི་ཆེད་དུ་སྨོན་པ་དྲང་སྲོང་བདེན་པར་སྨྲ་བའི་དབྱངས་སྙན་ཞེས་བྱ་བ་ཁྱབ་བདག་བླ་མ་རྗེ་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས་ཀྱི་གསུང་། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་སྨིན་གྲོལ་སྙིང་པོ་ཕྱོགས་གཅིག་ཏུ་བསྡུས་པ་གདམས་ [125a] ངག་རིན་པོ་ཆེའི་མཛོད་ཀྱི་དཀར་ཆག་བརྒྱུད་རིམ་དང་འབྲེལ་བ་བཀྲ་ཤིས་གྲགས་པའི་རྒྱ་མཚོ་འཇམ་མགོན་གསུང་། གདམས་ངག་རིན་པོ་ཆེའི་མཛོད་ཀྱི་སྤར་བྱང་ཀརྨ་བཀྲ་ཤིས་ཆོས་འཕེལ་གྱིས་མཛད་པ་བཅས་མདོར་ན་གླེགས་བམ་རིན་པོ་ཆེ་བཅུའི་ཁོངས་སུ་བཞུགས་པའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ཚང་ལ་མ་འཁྲུལ་བའི་བཀའ་དྲིན་དངོས་སུ་ཐོབ་བོ། །དེ་ལྟར་ཐོབ་པའི་བརྒྱུད་པའང་རྒྱ་ཆེན་བཀའི་བསྡུ་བ་པོ་འཇམ་མགོན་བློ་གྲོས་མཐའ་ཡས་ཡན་གཞུང་གི་དཀར་ཆག་བཀྲ་ཤིས་གྲགས་པའི་རྒྱ་མཚོ་ལས་གསལ་བ་ལྟར་ལ། དེ་ལས། རི་ཆེ་མཁན་ཆེན་ངག་དབང་ལེགས་གྲུབ། རྗེ་བླ་མ་བཀའ་དྲིན་མཚུངས་མེད་ཕྲིན་ལས་བྱམས་པའི་འབྱུང་གནས། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་བཀའ་དྲིན་དུ་བསྩལ་བའོ།། །།