DJYD-KABUM-23-A-004

From Dudjom Wiki
Revision as of 05:20, 1 June 2024 by Jeremi (talk | contribs)

DJYD-KABUM-23-A-004
Wylie title DJYD-KABUM-23-A-004.pdf
Location bdud 'joms rin po che bka' 'bum
Volume 23, Text 4, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)(སྨན་མཆོད་ཅུང་ཟད་སྤྲོ་ན།) གདོད་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར། །རང་རྩལ་རིགས་ལྔ་ལོངས་སྤྱོད་རྫོགས་པའི་སྤྲིན། །མི་འགྱུར་རྒྱལ་བ་དགོངས་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། རིགས་གསུམ་སེམས་དཔའ་རིགས་ཅན་དྲྭ་མ་ལྔ། །རྒྱལ་པོ་ཛཿདང་དགའ་རབ་ཤྲཱི་སིཾ་སོགས། །མ་འགགས་རིག་འཛིན་བརྡ་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ༴ །སརྦ་པཉྩ་ཨ་མྲྀ༴ རྣམ་སྣང་ལོ་ཙཱ་རྨ་གཉགས་གནུབས་ཆེན་སོགས། །བཀའ་བབ་རིག་འཛིན་གྲུབ་པའི་འཁོར་ལོས་སྒྱུར། །ཐུགས་རྗེ་གང་ཟག་སྙན་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ༴ །སརྦ་པཉྩ༴ བཀའ་བབ་ལུང་ཐོབ་སྨོན་ལམ་དབང་བསྐུར་བརྙེས། །མཁའ་འགྲོས་གཏད་རྒྱ་མ་འཕྱུགས་དུས་སུ་སོན། །ཟབ་གཏེར་སྙིང་པོ་དོན་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ༴ དཀྱིལ་འཁོར་དབང་ཕྱུག་ཁྱབ་བདག་ཐོད་ཕྲེང་རྩལ། །ཚོམ་བུ་དགུ་སོགས་ཡི་དམ་ཞི་ཁྲོའི་ཚོགས། །མཁའ་འགྲོ་དམ་ཅན་གཏེར་སྲུང་རྒྱ་མཚོ་ལ། །སྨན་མཆོད་(1བ)འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །སརྦ་པཉྩ༴ སྣང་སྲིད་རྣམ་དག་གདོད་ནས་འཕོ་འགྱུར་བྲལ། །རྟེན་འབྲེལ་སྣང་ཆ་མ་འགགས་རྩ་བ་གསུམ། །གང་འདུལ་ཅིར་ཡང་འཆར་བའི་འཁོར་ལོ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །(ཞེས་ཕུལ་ལ།) ཨོཾ་ཨཱཿཧཱུྃ་(གིས་དངོས་གྲུབ་བླང་ངོ་། །ཞེས་པའང་རྩ་གསུམ་དགོངས་འདུས་བླ་སྒྲུབ་ཀྱི་ཆོ་གའི་ཡན་ལག་ཏུ་ཛྙཱ་ནས་སོ།། །།)