DJYD-KABUM-23-A-020

From Dudjom Wiki
Revision as of 05:20, 1 June 2024 by Jeremi (talk | contribs)

DJYD-KABUM-23-A-020
Wylie title DJYD-KABUM-23-A-020.pdf
Location bdud 'joms rin po che bka' 'bum
Volume 23, Text 20, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)(ཚངས་པའི་དམག་དཔོན་ནོར་གྱི་བདག་པོ་ལ་ཕྱག་འཚལ་ལོ། །འདིར་གནོད་སྦྱིན་ཆེན་པོ་ནང་ལྟར་གཏེར་གྱི་བདག་པོའི་བླ་རྡོ་སྲོག་འཁོར་བྲི་བར་འདོད་པས། དར་དམར་རམ་ཤོག་བུ་ལ་རྒྱ་མཚལ་ལྕོག་ལའི་ཁུ་བས་འཁོར་ལོ་མུ་ཁྱུད་རིམ་པ་བདུན་བསྐོར་བའི་ལྟེ་བ་ཆེར་བྱས་པའི་དབུས་སུ། པད་ཉིའི་གདན་ལ་ནོར་བདག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ཕྱག་མཚན་དང་རྒྱན་ཆས་སོགས་མངོན་རྟོགས་ལྟར་བྲི། དེའི་ཕྱི་རིམ་མུ་ཁྱུད་ལ།) ཨ་ཏྲི་ནྲྀ་ཛ་སིངྔྷི་ཕ་ལ་རཏྣ་སིངྔྷི་ཧཱུྃ༔ ཨ་ཀརྴ་ཡ་ཛ༔ ཨ་ཀརྴ་ཡ་ཧྲཱིཿ པཱ་ཤཾ་ཀུ་རུ་སིངྔྷི་སྡུས་སྡུས༔ མི་ནོར་ཟས་གསུམ་སྣང་བ་དབང་དུ་བསྡུས་ཤིག༔ (ཅེས་བྲི། དེའི་ཕྱི་རིམ་མུ་ཁྱུད་ལ།) ཨེ་ཧེ་མ་རུ་ཙེ་རཏྣ་སིངྔྷི་ཛཿ གུ་ཎ་ཧྲི་ཏྲི་རཏྣ་སིངྔྷི་ཧཱུྃ་ཛཿ གྲཾ་བྷྱོ་ཤཾ་རཏྣ་སིངྔྷི་ཧཱུྃཛཿ པཱུ་རུ་སིངྔྷི་ཛཿ གྲིག་སིངྔྷི་ཧཱུྃ༔ གྲནྟ་རཏྣ་སིངྔྷི་ཧཱུྃ་ཛཿ གྱི་ནྟ་ཨ་ཏྲི་ནྲྀ་ཛཿཧཱུྃ༔ ཨ་ས་ལཾ་པཱ་ཤཾ་ཀུ་རུ་སིངྔྷི་ཧཱུྃ་ཛཿ (ཞེས་བྲི།) དེའི་ཕྱི་རིམ་མུ་ཁྱུད་ལ། ཨེ་ཧེ་བྷྱོ་མ་རུ་ཙེ་ཨ་ཏྲི་ནྲྀ་ཛཿ སིངྔྷི་ཕ་ལ་རཏྣ་ཁ་ངྷེ་ཧཱུྃ་ཛཿ འགུལ་འགུལ༔ མ་མ་ཧྲིང་ཧྲིང་༔ མ་མ་ཁ་ཤི་བཾ༔ ཨ་ཀརྴ་ཡ་ཛཿ ཨ་ཀརྴ་ཡ་ཧྲིང་༔ མི་འགྲམ་ཆོག༔ མི་སྙིང་སྒུལ༔ ནྲྀ་སྲོག་རྩ་བྲེང་བྲེང་༔ ཐུལ་ཐུལ༔ ཡེཾ་ཡེཾ༔ ཡིད་ཀྱི་དབང་པོ་ཁུག་ཛཿ དམིགས་བྱ་ཡིད་ལ་བརྣག་པ་སོགས་ཡུལ་འདིའི་རྒྱལ་བློན་ཁྱིམ་བདག་འབྱོར་ལྡན་(1བ)རྣམས་ཀྱིས་གཙོས་ཁམས་གསུམ་གྱི་འགྲོ་བ་མི་ནོར་ཟས་གསུམ་ཐམས་ཅད་བདག་གི་དབང་དུ་བསྡུས་ཤིག༔ (ཅེས་བྲི། དེའི་ཕྱི་རིམ་མུ་ཁྱུད་ལ་དབྱངས་གསལ་དང་རྟེན་སྙིང་བྲི། དེའི་ཕྱིར་མུ་ཁྱུད་ལ་རྡོ་ར། དེའི་ཕྱིར་མེ་རིས་བྲི་ལ་དྲི་སྨན་གྱིས་བྱུག །འཁོར་ལོ་ལྷར་བསྐྱེད་དེ་རྩ་སྔགས་ཀྱིས་ཡང་ཡང་འགུགས་ཤིང་བསྟིམ། རབ་གནས་བྱས་ཏེ་ཕ་ཝང་ལོང་བུ་སྐྱོན་མེད་ཀྱི་ལོགས་དྲུག་ལ་མཚལ་གྱི་ཏྲི་རེ་བྲིས་པ་ཙཀྲའི་ལྟེ་བར་གཞུག ། ལྟེ་བ་མ་ཉམས་པར་ལྟེ་བ་ལ་དར་དམར་གྱིས་དྲིལ་ཏེ་རི་བོང་གི་སྙིང་ནང་གཞུག་གོ། དེའང་དར་ཟབ་ཀྱིས་འདྲིལ་ཞིང་ཚོན་སྐུད་ཀྱིས་བཅིངས་ལ་ཐོད་པ་བཟང་པོའམ། ཡང་ན་ཟངས་ཀྱི་གབ་རྩེར་གཞུག ། མཎྜལ་གྱི་དབུས་སུ་ཟངས་གཞོང་འབྲུས་བཀང་བའི་ནང་དུ་བཞག་གོ། དེ་ལ་ཟངས་ཁབ་ལ་ཟ་འོག་སྐུད་པ་བཏགས་པས་གཟིར་བ་ཡོད་ན་དགའ། རང་ཉིད་ཡི་དམ་ལྷའི་ང་རྒྱལ་བྱ། གཞན་ཡང་མཆོད་གཏོར་ལ་སོགས་རྫས་སྒྲུབ་ཐབས་ལྟར་འཛོམ་པར་བྱ། རྟེན་གྱི་ཕོ་བྲང་ཡོད་ན་རབ་བོ། །མདུན་གྱི་བླ་རྡོ་ཙཀྲ་དེ་ཏྲིའམ་ཀྵཿལས་བྲིས་པ་ལྟར་གསལ་བར་བསྐྱེད་ལ། ཨེ་ཧེ་མ་རུ་ཙེ་གུ་ཎ་ཧྲཱི་ཏྲི་ཧཱུྃ་ཛཿ ཞེས་བརྒྱ་རྩ་བརྒྱད་བཟླས་ལ། བདག་ཉིད་གཏུམ་པོའི་ཐུགས་ཀའི་ཧཱུྃ་ལ་ས་འོད་འཕྲོས་པས་ཧེ་ཆེན་ངྷ་ན་ལ་སོགས་ཁོ་གང་ན་ཡོད་པའི་སྙིང་གའི་ཏྲི་ལ་ཕོག །ཁོའི་ཐུགས་དམ་གྱི་རྒྱུད་བསྐུལ་ནས་རང་དབང་མེད་པར་མདུན་གྱི་སྐུ་ལ་བསྟིམ། དམ་ཚིག་པ་དང་རང་རྒྱུད་གཉིས་སུ་མེད་པར་བསམ། ཁོའི་ས་བོན་ཏྲི་ལས་ཛ༔ དང་ལྕགས་ཀྱུ་ལྟ་བུའི་འོད་ཟེར་དུ་མ་འཕྲོས་པས། (2)འཇིག་རྟེན་གྱི་ཁམས་ཀྱི་མི་ནོར་ཟས་གསུམ་སྣང་བ་ཐམས་ཅད་དབང་དུ་བསྡུས་ཏེ། བདག་ལ་ལོངས་སྤྱོད་གང་འདོད་ཆར་ལྟར་བབ་ཅིང་སྣང་སྲིད་ཁམས་གསུམ་ལྷ་འདྲེ་མི་གསུམ་ཐམས་ཅད་རང་དབང་མེད་པར་འདུ་ཞིང་། འཛམ་གླིང་ཡུལ་ཁམས་ཐམས་ཅད་འཕར་འཁྲབ་གཡོ་འགུལ་བྱེད་པར་བསམ་ལ། མུ་ཁྱུད་གཉིས་པའི་སྔགས་སྨྲ་བ་བཅད་དེ་མི་དང་མི་འཕྲད་པར་ཞག་དྲུག་བཟླས་པས་རྟགས་ལ། མི་དམར་ཨ་ཙ་ར། བུད་མེད། མི་མང་ཚོགས་ཀྱིས་བདག་ལ་ཟས་ནོར་སྟེར་བ། ཁྲོམ་འདུ་བ་ལ་སོགས་མང་དུ་འབྱུང་ངོ་། །དེ་ནས་ཞག་གསུམ་དུ་སྔགས་འདི་བཟླའོ། །ཨེ་ཧེ་བྷྱོ་མ་རུ་ཙེ་ཨ་ཏྲི་ནྲྀ་ཛཿ ཞེས་སོགས་མུ་ཁྱུད་གསུམ་པའི་སྔགས་དེ་བཟླས་པས་རྟགས་སུ། སྟོན་བཟང་སྡུད་པ། མི་མང་གིས་ནོར་མང་པོ་འབུལ་བ། ཁྱིམ་དོས་ཀྱིས་གང་བ། འབྲུ་དང་རིན་པོ་ཆེ་ལ་ལོངས་སྤྱོད་བྱེད་པ། གཏེར་རྙེད། རྔ་བརྡུང་། དུང་འབུད། དར་འཕྱར། རི་རྩེ་ལ་འཛེག་པ། རྒྱལ་པོའི་ཚུལ་བཟུང་ཞིང་ཁྲི་ཆེན་ལ་འདུག་པ་སོགས་འབྱུང་བ་ན་བསྟོད་པ་དང་བསྐང་གསོ་རྒྱས་པར་བྱ། བླ་རྡོ་མཚན་དུ་བཅང་བའམ་རྟེན་དུ་འཇོག་པ་སོགས་གང་བདེ་བྱའོ། །ཞེས་པའང་ཉེ་བར་མཁོ་བའི་ཆ་ལག་ཏུ་རིགས་མཐུན་གྱི་གཞུང་ལས་ཁ་སྐོང་ཁོལ་ཕྱུང་དུ་བསྡེབས་པ་སྟེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།)