DJYD-KABUM-20-WA-008

From Dudjom Wiki
Revision as of 05:20, 1 June 2024 by Jeremi (talk | contribs)

DJYD-KABUM-20-WA-008
Wylie title DJYD-KABUM-20-WA-008.pdf
Location bdud 'joms rin po che bka' 'bum
Volume 20, Text 8, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(99ན)ཨོཾ་སྭསྟི། པད་འབྱུང་ཉང་བན་ཟུང་དུ་འཇུག་པའི་རྣམ་རོལ་རིག་འཛིན་འཇའ་ཚོན་སྙིང་པོ་ཞེས་མཚན་གྱི་གྲགས་སྙན་འཛིན་མའི་ཁྱོན་ན་ཡོངས་སུ་ཁྱབ་པ་གང་གི་ཟབ་ཆོས་སྐོར་རྣམས་རང་སྐལ་དུ་ཇི་ལྟར་ནོས་པའི་ཚུལ་ལ། ཐོག་མར་རྔོད་ཧོམ་འཕྲང་ལྕགས་ཀྱི་སྒོ་མོ་ནས་སྤྱན་དྲངས་པ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་སྐོར་ལ་དབང་། ཁྲིད། ལུང་གསུམ་ལས། དང་པོ་ནི། རྩེ་ལ་སྣ་ཚོགས་རང་གྲོལ་གྱི་ཆོག་ཁྲིགས་ལྟར་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ཕྱི་ནང་གི་འཇུག་པ་སྔོན་དུ་འགྲོ་བས། དངོས་གཞི་དབང་བཞི་ཡོངས་རྫོགས། པུསྟི་ལུང་དབང་། གཏེར་སྲུང་བཀའ་གཏད་བཅས། ཚེ་སྒྲུབ་ལྕགས་ཀྱི་རི་བོའི་ཚེ་དབང་དང་། དྲག་སེང་གཉིས་ཀྱི་སྨིན་ལམ་བཅས་ཆགས་མེད་ཡིག་ཆ་བཞིན་ནོས། །གཉིས་པ་ནི། ཐུན་མོང་སྔོན་འགྲོ་ནས་བརྩམས་ཏེ་ཐུན་མིན་ཨ་ཏི་སངས་རྒྱས་ལག་བཅང་གི་ངོ་སྤྲོད་མཐར་ཐུག་པའི་བར་དུ་རིག་འཛིན་རྡོ་རྗེ་ཐོགས་མེད་ཀྱི་ཡིག་ཆ་ལྟར་ལེགས་པར་ནོས། གསུམ་པ་ནི། (ཀ) ཡང་ཟབ་དཀོན་མཆོག་མཆོག་སྤྱི་འདུས་ཡང་ཟབ་ལེའུ་བརྒྱད་པ། (97ན) (ཁ)དཀའ་འགྲེལ་རི་རྒྱལ་ལྷུན་པོ། (ག)བླ་མའི་རྣམ་ཐར། (ང་)གུ་རུ་ཞི་བའི་ལས་བྱང་། (ཅ) དབང་གི་རིམ་པ་ཚེ་སྒྲུབ་ལྕགས་ཀྱི་རི་བོ། (ཆ)ཕྲིན་ལས་བཞིའི་སྦྱིན་སྲེག །(ཇ)ཕྲིན་ལས་བཞི་སྒྲུབ། (ཉ)གུ་རུ་དྲག་པོའི་ལས་བྱང་ཟོར་ཟློག །སེང་གདོང་མའི་ལས་བྱང་བཅས། (ཏ)དབང་དྲག་འབར་བའི་ལས་མཐའ། (ཐ)གཏེར་སྲུང་སེང་གདོང་གི་ལས་མཐའ། (ད)ཡོ་ག་གསུམ་གྱི་སྒྲུབ་ཐབས་མ་ཧཱ་ཡོ་གའི་བསྐྱེད་རིམ། (ན)ཨ་ནུ་ཡོ་གའི་རྫོགས་རིམ། (པ)པདྨའི་སྲོག་ཕུར། (ཕ)ལྟ་སྒོམ་སྤྱོད་གསུམ། (བ)གཏུམ་མོ་བདེ་དྲོད་འོད་འབར། (མ)འཕོ་བ་སྐར་ཁུང་མདའ་འཕང་། (ཙ)མྱང་བན་ཏིང་འཛིན་བཟང་པོའི་ཞུས་ལན། (ཚ)ཡང་ཟབ་ནོར་བུའི་ལྡེའུ་མིག །(ཛ)པདྨའི་ཞལ་ལུང་འོད་འཕྲོ། (ཝ)ལུང་བསྟན་འོད་ཀྱི་མེ་ལོང་། (ཞ)འཇོམ་ཡིག་ནམ་མཁའི་འོད་ཀློང་། (ཟ)ཡང་འགྲེལ་སྙིང་པ་གསལ་བྱེད་ཅེས་རྒྱ་ནག་སྤྲུལ་སྐུས་དྲིས་ལན། (འ)གཏེར་སྟོན་གྱི་ལོ་རྒྱུས་རྣམ་ཐར་ཉུང་བསྡུས། (ཡ)སྦས་ཡུལ་ལམ་ཡིག་པདྨ་དཀར་པོ། (ཨ)ལམ་ཡིག་ཆུང་བ་དང་། དེའི་ཆ་རྐྱེན་གུ་རུ་ཞི་དྲག་གི་སྒྲུབ་ཐབས་དབང་། སྐུ་ཚབ་པདྨ་བཤེས་གཉེན་གྱི་དཀར་ཆག །སྐྱེ་བདུན་དཀར་ཆག་བཅས་(འདིའི་གྲོ་ལོད་ཀྱི་སྨིན་བྱེད་རྩེ་(100ན)ལེའི་ཡིག་ཆ་བཞིན་ཐོབ། ) ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མྱང་བན་ཏིང་འཛིན་བཟང་པོ། གཏེར་སྟོན་འཇའ་ཚོན་སྙིང་པོ། ཆོས་བདག་སྒམ་པོ་པ་ནོར་བུ་རྒྱན་པ། དེའི་ཡང་སྲིད་བཟང་པོ་རྡོ་རྗེ། (འདིས་ཀྱང་གཏེར་ཆེན་ཞབས་ལ་ཟིན་པ་ཡིན་ནོ། །)འཛམ་གླིང་བདེ་བའི་རྡོ་རྗེ། ལྷུན་གྲུབ་ངེས་དོན་དབང་པོ། ཀུན་བཟང་ངེས་དོན་དབང་པོ། དཀོན་མཆོག་གར་དབང་རྒྱ་མཚོ། ཨོ་རྒྱན་འགྲོ་འདུལ་གླིང་། རིག་འཛིན་གསང་སྔགས་ཆོས་རྒྱལ། རྗེ་ཨོ་རྒྱན་ལྷུན་གྲུབ། རྒྱལ་ཚབ་ནམ་མཁའ་ཚེ་དབང་། ཁྱབ་བདག་བླ་མ་པདྨ་དབང་རྒྱལ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་དགྱེས་པ་ཆེན་པོས་སྩལ་བའོ། །ཡང་ན་འཇའ་ཚོན་ནས། ལྷ་བཙུན་ཀུན་བཟང་རྣམ་རྒྱལ། བསྟན་འཛིན་འདུས་ཆེན་རབ་རྒྱས། རྗེ་བརྟུལ་ཞུགས་རྣལ་འབྱོར། གར་དབང་རིན་ཆེན་བཟང་པོ། དབང་ཕྱུག་རྣམ་པར་རྒྱལ་བ། པདྨ་རིག་འཛིན་བཞད་པའི་རྡོ་རྗེ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། རིན་ཆེན་རྣམ་རྒྱལ། གསང་(100བ)སྔགས་ཆོས་རྒྱལ་ནས་གོང་བཞིན་ནོ། །ཡང་ན་འཇའ་ཚོན་ནས། གསང་བདག་ཕྲིན་ལས་ལྷུན་གྲུབ། རིག་འཛིན་གཏེར་བདག་གླིང་པ། འགྱུར་མེད་ཡིད་བཞིན་ལེགས་གྲུབ། རྗེ་རཏྣ་བི་ཛ། ཁྲི་པདྨ་བསྟན་འཛིན། ཕྲིན་ལས་རྣམ་རྒྱལ། དཔལ་རི་པདྨ་དབང་རྒྱལ་རྡོ་རྗེ། དྷརྨ་ཀིརྟི། རྗེ་ཨ་ཀར་མ་ཏི། ལྷ་བཙུན་ནམ་མཁའི་ཚེ་དབང་། དྲིན་ཅན་པདྨ་དབང་རྒྱལ། དེས་བདག་ལའོ། །
  ༈    །   འཛེང་སྒོ་གཙུག་འཕྲང་ནས་བཞེས་པའི་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་སྐོར་ཐོབ་པ་ལ་གཉིས་ལས།   དང་པོ་དབང་ནི།   རྩེ་ལེའི་ཡིག་ཆ་ལྟར་ཚོམ་བུའི་དཀྱིལ་འཁོར་དུ་ཕྱི་ནང་གི་འཇུག་པ་སྔོན་འགྲོས།   དངོས་གཞི་དབང་བཞི་ཡོངས་རྫོགས།   མཐའ་རྟེན་བཅས་ལེགས་པར་ནོས།   གཉིས་པ་ལུང་ལ།   བཅོམ་ལྡན་འདས་ཚེ་དཔག་མེད་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ལས།   ལོ་རྒྱུས་དཔེ་ཐོ་འཛོམ་ཡིག་ཤེལ་གྱི་ཕྲེང་བ།   ཕྱི་མདོ་དང་བསྟུན་པའི་ལོ་རྒྱུས།   ནང་གསང་སྔགས་དང་བསྟུན་པའི་ལོ་རྒྱུས།   གསང་བ་མན་ངག་དང་བསྟུན་པའི་ལོ་རྒྱུས།   ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་རྩ་རྒྱུད་ལེའུ་(101ན) ལྔ་པ།   ལོ་རྒྱུས་རྣམ་གསུམ་གྱི་ལོ་རྒྱུས་གསུམ་པ།   ལས་བྱང་ཕྲིན་ལས་ཀྱི་གཞུང་།   ཚེ་འགུགས་མྱུར་མགྱོགས་ལྕགས་ཀྱུ།   དབང་ཆོག་འོད་ཟེར་ཕྲེང་བ།   བི་མ་ལའི་ཆོས་སྤྱོད་དཔག་བསམ་རབ་རྒྱས།   བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་དངོས་གྲུབ་སྙིང་པོ།   བཀའ་བརྒྱད་ཀྱི་མགྱོགས་དབང།   ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ཕྱི་སྒྲུབ་ལྷ་གཅིག་དཀར་པོ།   ནང་སྒྲུབ་རྒྱལ་བ་འདུས་པ།   གསང་སྒྲུབ་བདེ་ཆེན་རང་འབར།   ཚེ་སྒྲུབ་རྒྱུན་ཁྱེར་རྒྱས་བསྡུས་གཉིས།   ལས་མཐའི་རིམ་པ།   སྐུ་གསུང་ཐུགས་ཀྱི་སྒོ་ནས་ཚེ་བསྲིང་ཐབས།   ཕྲིན་ལས་བཞིའི་སྦྱིན་སྲེག་མྱུར་མགྱོགས་འོད་འབར།   སྦྱིན་སྲེག་མྱུར་མགྱོགས་འོད་འབར་གྱི་དངོས་གཞི་ཕྲིན་ལས།   འཆི་ལྟས་བརྟགས་པ་མཐོང་བ་རབ་གསལ།   འཆི་བསླུ་གཤིན་རྗེའི་གཏོར་ཆེན་འཆི་བདག་དཔུང་བཅོམ།   གླུད་རབས་ལྷའི་གནྡྷེ།   ཟབ་གཏེར་ཆོས་ཀྱི་དུས་རྟགས་ལུང་བསྟན།   འོག་སྒོ་བདེ་བ་ཆེན་པོའི་གདམས་པ་གསང་སྔགས་སྙིང་པོའི་དོན་ཐོག   །དེའི་ཆ་ལག་སྲིད་སྲུང་ལྕགས་ཀྱི་སྒོ་མོ།   གཏེར་སྲུང་དམ་ཅན་སྐྱེས་བུ་(101བ)ཆེན་པོ་བཛྲ་ཐིག་ལེ་རྩལ་གྱི་རྒྱུན་གསོལ་བཅས་སོ།   །དེ་ལྟར་ཐོབ་པའི་བརྒྱུད་པ་ནི།   ཆོས་སྐུ་སྣང་བ་མཐའ་ཡས་ནས།   གཏེར་སྟོན་འཇའ་ཚོན་སྙིང་པོའི་བར་སྤྱི་འདུས་བརྒྱུད་པ་ལྟར་ལ།   དེ་ནས་དབང་བརྒྱུད་ལ།   མི་ཕམ་བསྟན་པ་རབ་རྒྱས།   ཤེས་རབ་ཀློང་ཡངས།   པདྨ་ནོར་བུ།   ཀརྨ་དྲི་མེད།   མཚུར་ཕུ་རྒྱལ་ཚབ་ཆོས་དཔལ་བཟང་པོ།   སྔགས་འཆང་བློ་གྲོས་མཆོག་ལྡན།   གར་དབང་བསྟན་པའི་ཉི་མ་ཆོས་དབྱིངས་རང་གྲོལ།   ཨོ་རྒྱན་འགྲོ་འདུལ་ཕྲིན་ལས།   རྒྱལ་ཚབ་ནམ་མཁའ་ཚེ་དབང་།   དྲིན་ཅན་པདྨ་དབང་རྒྱལ།   དེས་བདག་ལའོ།   །ལུང་བརྒྱུད་ནི་འཇའ་ཚོན་ནས།   ལྷ་བཙུན་ཀུན་བཟང་རྣམ་རྒྱལ།   ཁམས་གསུམ་རང་གྲོལ།   ཕྲིན་ལས་དབང་ཕྱུག   །འཇིགས་མེད་དཔའ་བོ།   གསང་བདག་རྡོ་རྗེ།   ཀོང་སྨྱོན་པདྨ་ངེས་དོན་བསྟན་འཛིན།   པདྨ་བསྟན་སྐྱོང་འགྱུར་མེད།   དཔལ་རི་པདྨ་དབང་རྒྱལ་རྡོ་རྗེ།   དྷརྨ་ཀིརྟི།   དགེ་སློང་ཨོ་རྒྱན་རྒྱལ་མཚན།   ལྷ་བཙུན་ནམ་མཁའ་ཚེ་དབང་ནས།   བདག་གི་བླ་མ་ལའོ།   །བཀའ་བརྒྱད་དངོས་གྲུབ་སྙིང་པོའི་སྨིན་བྱེད་རྩེ་ལེའི་(102ན)ཡིག་ཆ་ལྟར་ཐོབ་པའི་བརྒྱུད་པ་ནི།   གཏེར་སྟོན་ཡན་སྤྱི་ལྟར་ལ།   དེ་ནས་ཀུན་བཟང་རྣམ་རྒྱལ།   ཁམས་གསུམ་རང་གྲོལ།   ཕྲིན་ལས་དབང་ཕྱུག   །འཇིགས་མེད་དཔའ་བོ་མན་གོང་ལྟར་རོ།   །

༈ །ལྷ་རི་སྣང་མཐའ་ནས་སྤྱན་དྲངས་པའི་རྟ་ཕག་ཡིད་བཞིན་ནོར་བུའི་སྐོར་ཐོབ་པ་ལ། དབང་ནི། རྩེ་ལེའི་ཡིག་ཆ་ལྟར་ཚོམ་བུའི་དཀྱིལ་འཁོར་དུ་ཕྱི་ནང་གི་འཇུག་པ་སྔོན་འགྲོས། དངོས་གཞི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དབང་། ཡོངས་རྫོགས་གཏོར་དབང་། རིག་པའི་རྩལ་དབང་བཅས་ཀྱིས་སྨིན་པར་བྱས་ནས། ལུང་ལ། རྟ་ཕག་ཡིད་བཞིན་ནོར་བུ་ལས་དཔེ་ཐོ་འཛོམ་ཡིག །དབང་ཆེན་རྟའི་རྒྱུད་ཀྱི་ཡང་སྙིང་། རྒྱུ་མཚན་རྣམ་པ་བཅུ་གསུམ། སྔོན་འབྱུང་གི་ལོ་རྒྱུས་ཆོས་ཀྱི་སྔོན་འགྲོ། དབང་ཆོག་དང་དབང་གི་རྒྱབ་ཆོས་ཤེལ་གྱི་རི་བོ། ལས་བྱང་ཚིག་དོན་དབྱེར་མེད། སྒྲུབ་ཐབས་ཕྱི་ནང་གསང་གསུམ། ཁ་སྐོང་ལས་བཞིའི་སྦྱིན་སྲེག །སྒོས་སྒྲུབ་ཟབ་མོ། ལས་མཐའ་མན་ངག་ཁྱད་པར་ཅན། དབང་སྡུད་ཀྱི་ལས་མཐའ། གནོད་སྦྱིན་མོ་ཕག་གདོང་ཅན་གྱི་རྒྱུད། བཀའ་སྲུང་(102བ)གཟའ་བདུད་ཀྱི་སྒྲུབ་ཐབས། རྫོགས་ཆེན་ཨ་ཏིའི་ཁྲིད། མུན་ཁྲིད་འོད་གསལ་ཁོར་ཡུག །ཆོས་ཀྱི་དུས་རྟགས་ལུང་བསྟན་བཅས་ཐོབ་པའི་བརྒྱུད་ཚུལ་ལ། ཀུན་བཟང་། སྣང་མཐའ། ཁ་སརྤ་ཎི། རྟ་ཕག་ཡབ་ཡུམ། སློབ་དཔོན་པད་འབྱུང་། གཏེར་སྟོན་ཆེན་པོ། དེ་ནས་དབང་བརྒྱུད་ལ། སྤྲུལ་སྐུ་ལྷུན་གྲུབ་རྒྱ་མཚོ། ཉི་ཟླ་རྒྱལ་མཚན། རྡོ་རྗེ་ཀུན་བཟང་། པདྨ་བློ་གྲོས། ཀུན་དགའ་སྨིན་གྲོལ། དཔལ་རི་ཀུན་བཟང་འོད་ཟེར། སྔགས་འཆང་རིག་འཛིན་ཕྲིན་ལས། ཨོ་རྒྱན་འགྲོ་འདུལ་གླིང་པ། གསང་སྔགས་ཆོས་རྒྱལ། ལྷུན་གྲུབ་མཚན་ཅན། རིག་འཛིན་ནམ་མཁའ་ཚེ་དབང་། དྲིན་ཅན་པདྨ་དབང་རྒྱལ། དེས་བདག་ལའོ། །ལུང་བརྒྱུད་ནི། འཇའ་ཚོན་ནས། ལྷ་བཙུན་ཀུན་བཟང་རྣམ་རྒྱལ། ཁམས་གསུམ་རང་གྲོལ། སྐལ་བཟང་ཨོ་རྒྱན་བསྟན་འཛིན། རིག་འཛིན་ཚེ་དབང་ནོར་བུ། ཆོས་དབྱིངས་ཡོངས་གྲོལ་དབང་པོ། ཁྲི་པདྨ་བསྟན་འཛིན། ཀརྨ་བི་ཛ། དཔལ་རི་པདྨ་དབང་རྒྱལ་རྡོ་རྗེ། དྷརྨ་ཀིརྟི། རྗེ་ལྷུན་པོའི་མཚན་ཅན། རིག་འཛིན་ནམ་མཁའ་ཚེ་དབང་གོང་བཞིན་ནོ། །

          ༈  །   གུ་རུ་ཞི་བ་དང་ལྷན་ཅིག་སྤྱན་(103ན)དྲངས་པའི་ཞི་ཁྲོ་ངེས་དོན་སྙིང་པོའི་སྐོར་ཐོབ་པ་ལ།   དབང་ནི་སྒྲུབ་ཁོག་ཁྱུང་ཆེན་ལྡིང་བ་ལྟར་སྟ་གོན་སྔོན་དུ་འགྲོ་བས།   རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས།   ཐེག་དགུའི་དབང་ཕྲེང་།   རིགས་བརྒྱའི་ལྷ་དབང་ཆེན་མོ་དབང་བཞི་ཡོངས་རྫོགས།   གཏོར་དབང་དངོས་གྲུབ་རྒྱ་མཚོ་བཅས་ཀྱིས་སྨིན་པར་མཛད་ནས།   ལུང་ལ།   ཞི་ཁྲོ་ངེས་དོན་སྙིང་པོ་ལས་ཐེམ་ཡིག་ཤེལ་གྱི་སྤར་ཁབ།   བརྒྱུད་པ་གསུམ་གྱི་ལོ་རྒྱུས།   དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་རྒྱུད།   སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པུ་གསང་བ་གཅོད་པ་ས་བོན་གྱི་རྒྱུད།   སྒྲུབ་པ་ཐམས་ཅད་ཀྱི་ཁོག་ཕུབ་ཁྱུང་ཆེན་ལྡིང་བ།   ཐེག་པ་ཆེན་པོ་དབང་ཐམས་ཅད་ཀྱི་ཕྲེང་བ་རིན་པོ་ཆེ།   དམ་པ་རིགས་བརྒྱའི་ལྷ་དབང་ཆེན་མོ།   གཏོར་དབང་དངོས་གྲུབ་རྒྱ་མཚོ།   ལས་བྱང་ཡིད་བཞིན་ནོར་བུ།   བཤགས་སྐོར་རྣམ་སྨིན་དག་བྱེད་སྦྱིན་སྲེག་བཅས།   ལུང་བསྟན་གསེར་གྱི་ལྡེའུ་མིག་བཅས་ཐོབ་པའི་བརྒྱུད་པ་ནི།   ཀུན་བཟང་།   རིགས་ལྔ།   དགའ་རབ།   ཤྲཱི་སེང་།   ཨོ་རྒྱན་ཡབ་ཡུམ།   ཉང་བན།   འཇའ་ཚོན་སྙིང་པོ།   དབྱིངས་རིག་དཔལ་འབར།   མཁྱེན་རབ་(103བ)བདེ་ཆེན་དར་རྒྱས།   ཀརྨ་བློ་བཟང་།   ཟིལ་གནོན་རྡོ་རྗེ།   ཆོས་བཟང་དབང་པོ།   ཆོས་རྗེ་གླིང་པ།   ཕྲིན་ལས་ཀུན་ཁྱབ།   པདྨ་བསྟན་སྐྱོང་།   དཔལ་རི་པདྨ་དབང་རྒྱལ།   དྷརྨ་ཀིརྟི།   ཨོ་རྒྱན་རྒྱལ་མཚན།   ནམ་མཁའ་ཚེ་དབང་།   རྗེ་པདྨ་དབང་རྒྱལ།   དེས་བདག་ལའོ།   །

༈ །ཀོང་པོ་བུ་ཆུ་ལྷ་ཁང་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་སྐོར་ཐོབ་པ་ལ། དབང་ནི། རྩེ་ལེའི་ཡིག་ཆ་བཞིན་ཚོམ་བུའི་དཀྱིལ་འཁོར་ལ་བརྟེན་ནས་འཇུག་པ་སྔོན་འགྲོས་དབང་བཞི་ཡོངས་རྫོགས་ཕྱི་ནང་གསང་བའི་ལྷ་དབང་རྒྱས་པ་མཐའ་རྟེན་བཅས་པ་དང་། གཏེར་སྲུང་དེ་མོའི་རྗེས་གནང་བཀའ་གཏད་དང་བཅས་པ་ལེགས་པར་ནོས། ལུང་ལ། ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་སྟོང་ཐུན་ལོ་རྒྱུས། ཁུང་ཐུབ་མདོ་རྒྱུད་ཉི་ཤུ་རྩ་གཅིག་གི་ལུང་། ལོ་རྒྱུས་བསྡུས་པ། སྤྲུལ་པའི་ཆོས་རྒྱལ་ཉིད་ཀྱི་རྣམ་ཐར་པདྨས་མཛད་པ། སྔོན་འགྲོ་བཞི་སྦྱོར། དངོས་བཞི་བསྐྱེད་རིམ་གྱི་སྐོར། ཞི་དྲག་གཉིས་ཀྱི་བྱིན་འབེབས་འོད་ཀྱི་ཕུང་པོ། དཀྱིལ་འཁོར་སྒྲུབ་ཐབས་དབང་གི་ལག་ལེན། བཟླས་ཐབས་དང་གྲུབ་རྟགས། ཐུགས་རྗེ་ཆེན་པོ་ཞལ་མཐོང་གི་སྒྲུབ་ཐབས་དུག་ལྔ་(104ན)ལམ་ཁྱེར། འོག་སྒོ་བདེ་བ་ཆེན་པོའི་མན་ངག །ཕྱི་ནང་གསང་བའི་གེགས་སེལ་བོགས་འདོན། འཕོ་བ་དང་བར་དོའི་གདམས་པ། སྐུ་གསུང་ཐུགས་རྟེན་གྱི་ཕན་ཡོན། བསྙེན་གནས་ཀྱི་སྡོམ་པ་འབོག་ཆོག །ཁྲུས་ཆབ་དང་རིལ་བུའི་སྒྲུབ་ཐབས་ཕན་ཡོན་དང་བཅས་པ། ཆ་གསུམ་གཏོར་མ། གཏོར་མ་བྱིན་བརླབ། གཤིན་པོ་རྗེས་འཛིན་ཐུགས་རྗེའི་ལྕགས་ཀྱུ། དུས་གསུམ་ལུང་བསྟན་དངུལ་དཀར་མེ་ལོང་། དངུལ་དཀར་མེ་ལོང་དང་ལམ་ཡིག་སོགས་ནས་བསྡུས་པའི་ལུང་བསྟན་གུད་དུ་སྦས་པ། གཏེར་སྲུང་དེ་མོའི་སྐོར་ལ། ལོ་རྒྱུས། གསོལ་ཁ། རྗེས་གནང་བཀའ་གཏད་དང་བཅས་པ། ཕྱི་ནང་གསང་གསུམ་གྱི་སྒྲུབ་སྐོར། སྲོག་འཁོར་བྲི་ཐབས་ཞལ་ཤེས་ཟབ་མོ། ཕྱི་སྒྲུབ་ཀྱི་རྟེན་བཅའ་ཐབས་རྡོ་རྗེ་ཐོག་གི་མདའ་ཆེན། ནང་སྒྲུབ་ཀྱི་རྟེན་བཅའ་བའི་ཡིག་ཆུང་དངོས་གྲུབ་མྱུར་ལམ། གསང་སྒྲུབ་ཀྱི་རྟེན་བཅའ་ཐབས་དཔག་བསམ་སྙེ་མ། གསོལ་མཆོད་བསམ་དོན་མྱུར་འགྲུབ། སྲོག་གཏད་བདུད་རྩིའི་ཆར་འབེབས་བཅས།

༈   །སྙན་བརྒྱུད་གཙུག་རྒྱན་ནོར་བུ་ལས་ཐེམ་བྱང་།   རྩ་ཚིག་རྡོ་རྗེའི་གསུང་བཅས་ཐོབ་པའི་བརྒྱུད་པ་ནི།   ཆོས་སྐུ་ཀུན་བཟང་(104བ)ལོངས་སྐུ་སྤྱན་གཟིགས།   སྤྲུལ་སྐུ་སྲོང་བཙན་སྒམ་པོ།   པདྨ་ཐོད་ཕྲེང།   ཡེ་ཤེས་མཚོ་རྒྱལ།   ཉང་བན་ཆེན་པོ།   ཨོ་རྒྱན་ལས་འཕྲོ་གླིང་པའམ་འཇའ་ཚོན་སྙིང་པོ།   ནམ་མཁའི་རྣལ་འབྱོར་དབྱིངས་རིག་དཔལ་འབར།   མཁྱེན་རབ་དར་རྒྱས།   ཀརྨ་བློ་བཟང་།   རྒྱལ་དབང་སེང་གེ    །   ཆོས་དཔལ་བཟང་པོ།   ཕྲིན་ལས་ཀུན་ཁྱབ།   པདྨ་བསྟན་སྐྱོང་འགྱུར་མེད།   རིག་འཛིན་སྐལ་བཟང་རྣམ་རྒྱལ།   གར་དབང་བསྟན་པའི་ཉི་མ་ཆོས་དབྱིངས་རང་གྲོལ།   ཨོ་རྒྱན་འགྲོ་འདུལ་ཕྲིན་ལས།   རྒྱལ་ཚབ་ནམ་མཁའི་ཚེ་དབང་།   དྲིན་ཅན་པདྨ་དབང་རྒྱལ།   དེས་བདག་ལའོ།   །ཡང་ན།   འཇའ་ཚོན་ནས།   རྒོད་ཚང་པ་སྣ་ཚོགས་རང་གྲོལ།   འགྱུར་མེད་རྡོ་རྗེ་རྒྱལ་མཚན།   ཕྲིན་ལས་ལྷུན་གྲུབ།   པདྨ་བསྟན་སྐྱོང་འགྱུར་མེད།   དཔལ་རི་པདྨ་དབང་རྒྱལ་རྡོ་རྗེ།   བླ་མ་ཆོས་གྲགས་པ།   རྗེ་ལྷུན་པོའི་མཚན་ཅན།   འདྲེན་མཆོག་ནམ་མཁའ་ཚེ་དབང་ནས་གོང་བཞིན་ནོ།   །

༈ །དབུ་རུ་ཞྭའི་ལྷ་ཁང་གི་འདབ་ཞོལ་ཕ་ཝཾ་བྱ་རོག་ནག་པོའི་ལྟོ་བ་ནས་སྤྱན་དྲངས་པའི་དཔལ་མགོན་ནག་པོའི་སྐོར་ཐོབ་པ་ལ། སྲོག་གི་དབང་བསྐུར་ཐུན་མོང་མ་ཡིན་པ་ལེགས་པར་ནོས་ནས། ལུང་ལ། དཔལ་ཡེ་ཤེས་ཀྱི་(105ན)མགོན་པོ་མ་ནིང་ནག་པོའི་ཐེམ་བྱང་ལྡེའུ་མིག་མ་རིག་མུན་སེལ། མ་ནིང་ནག་པོའི་ལས་རྒྱུད་ལེའུ་བཅུ་གཅིག་པ། སྲོག་དབང་བུམ་པའི་རྒྱ་ཅན། ལས་བྱང་རྒྱས་པ་དགྲ་བགེགས་རྡུལ་རློག་སྲོག་གི་སྤུ་གྲི། སྨད་ལས་དགྲ་བགེགས་སྒྲོལ་བའི་རིམ་པ། སྒྲུབ་ཐབས་ཕྱི་ནང་གསང་གསུམ་དེ་བཞིན་ཉིད་དང་བཅས་པ། ཡང་གསང་སྒོས་སྒྲུབ་ཟབ་མོ། མ་ནིང་མཆེད་གསུམ་གྱི་སྲོག་སྒྲུབ་ཟབ་གནད་ཁྱད་པར་ཅན། མ་ནིང་ནག་པོའི་སྒོས་སྒྲུབ་ཟབ་མོ། སྨར་ཁྲིད་ཡིག་ཆུང་། སྔོན་འགྲོ་ཐར་ལམ་དཀར་པོ། གཏོར་དབང་བསྡུས་པ། རྫོགས་རིམ་བདུད་བཞིའི་དཔུང་འཇོམས། ཞི་བའི་ལས་མཐའ་གྲིབ་སེལ། སུན་ཟློག །སྦྱིན་སྲེག་དང་ཞི་བའི་ལས་ཚོགས་སྔགས་འབུམ་བཅས། རྒྱས་པའི་ལས་ཚོགས་ཐོད་སྒྲུབ་དགོས་འདོད་རེ་སྐོང་དང་ནོར་སྒྲུབ། སྐྱེ་བོ་དམ་པའི་ཆོས་སྒོར་བཅུག་པའི་མན་ངག་བཅས། རབ་གནས་ཆོ་ག་དང་ཨརྒྷའི་ཆོ་ག་དང་བསྙེན་པའི་དགྲ་གྲོགས་བརྩི་བ་བཅས། བདུད་རྩི་སྨན་གྱི་སྒྲུབ་གཞུང་། ཆར་པ་འབེབས་སྲུང་སོགས་ལས་ཕྲན་འགའ་ཞིག །དབང་གི་ལས་(105བ)ཚོགས་ཕན་གནོད་སྐོར། དྲག་པོའི་ལས་མཐའ་བསད་མནན་དབྱེ་བཤིགས་གཏད་སེལ་སོགས་ཀྱི་སྐོར། ཡང་ཟབ་འཁོར་ལོ་བཞི་ཁྲིད། ལས་ཚོགས་ཀྱི་སྙིང་པོ་རྡོ་རྗེ་ཕ་ལམ། ཀུན་ཐུབ་ཀྱི་འཁོར་ལོ། མ་ནིང་མདོས་ཆོག །གཏོར་ཟློག་ཧོར་སོག་མྱུར་འཇོམས། ལུང་བསྟན་ཉི་ཟླ་ཁ་སྦྱོར། ཆོས་ཀྱི་མཇུག་དོན་བཅས་ནོས་སོ། །སྲོག་དབང་ནི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་། དཔལ་ཆེན་ཧེ་རུ་ཀ ། མཁའ་འགྲོ་ལས་ཀྱི་དབང་མོ། རྒྱ་གར་རིག་འཛིན་བརྒྱད། སློབ་དཔོན་པད་འབྱུང་། མཁའ་འགྲོ་མཚོ་རྒྱལ། ཉང་བན། གཏེར་སྟོན་འཇའ་ཛོན། ལྷ་བཙུན་ནམ་མཁའ་འཇིགས་མེད། གསང་བདག་ཕྲིན་ལས་ལྷུན་གྲུབ། ཆོས་རྒྱལ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། ཀརྨ་བི་ཛ། དཔལ་རི་པདྨ་དབང་རྒྱལ་རྡོ་རྗེ། དྷརྨ་ཀིརྟི། ནམ་མཁའ་ཚེ་དབང་། དྲིན་ཅན་པདྨ་དབང་རྒྱལ་དཔལ་བཟང་པོ། དེས་བདག་ལོ། །ལུང་བརྒྱུད་ནི། གཏེར་སྟོན་ནས། སྣ་ཚོགས་རང་གྲོལ། བཟང་པོ་རྡོ་རྗེ། ཕྲིན་ལས་རབ་བརྟན། ཆོས་རྗེ་གླིང་པ། ལྷུན་གྲུབ་ངེས་དོན་དབང་པོ། (106ན)ཕྲིན་ལས་ཀུན་ཁྱབ། པདྨ་བསྟན་སྐྱོང་འགྱུར་མེད། དཔལ་རི་པདྨ་དབང་རྒྱལ་ནས་གོང་བཞིན་ནོ། །

༈ །ཡང་ཞི་ཁྲོ་ངེས་དོན་དང་བཀའ་བརྒྱད་མ་གཏོགས་པའི་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་བརྒྱུད་གཅིག་ལ། གཏེར་སྟོན་ནས། བདུད་འདུལ་རྡོ་རྗེ། ཀློང་གསལ་སྙིང་པོ། པདྨ་བདེ་ཆེན་གླིང་པ། རྡོ་རྗེ་ཚེ་དབང་ནོར་བུ། བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། ཐུགས་ཀྱི་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། འཇམ་མགོན་བློ་གྲོས་མཐའ་ཡས། རབ་འབྱམས་ཀུན་བཟང་བསྟན་པའི་རྒྱལ་མཚན། ཁྱབ་བདག་འགྱུར་མེད་ངེས་དོན་དབང་པོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །དེ་མོའི་སྲོག་གཏད་བདུད་རྩི་ཆར་འབེབས་སོགས་ཀྱི་བརྒྱུད་པ་གཅིག་ནི། སྣང་མཐའ། རྟ་མགྲིན། པད་འབྱུང་། མྱང་བན། གཏེར་སྟོན་འཇའ་ཚོན། ལྷ་བཙུན་ཀུན་བཟང་རྣམ་རྒྱལ། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། བློ་གསལ་རྒྱ་མཚོ། བཞད་པའི་རྡོ་རྗེ། གཡུང་མགོན་རྡོ་རྗེ། རིག་འཛིན་པདྨ་བཤེས་གཉེན། རྒོད་ཚང་ལྔ་པ་ཀུན་བཟང་བདེ་ཆེན་རྒྱ་མཚོ། པདྨ་བསྟན་སྐྱོང་འགྱུར་མེད། པདྨ་དབང་རྒྱལ་རྡོ་རྗེ། ཀུན་བཟང་(106བ)ངེས་དོན་ཀློང་ཡངས། རྒོད་ཚང་པ་ཀུན་བཟང་བསྟན་པའི་རྒྱལ་མཚན། རྗེ་ཨོ་རྒྱན་གསང་སྔགས་བསྟན་འཛིན་ནས། བདག་ཛྙཱ་ན་ལའོ། །ཡང་འཇའ་ཚོན་བླ་སྒྲུབ་ཧཱུྃ་ནག་སྙིང་ཐིག་སངས་རྒྱས་ལག་བཅང་། དེའི་དོན་ཁྲིད་ཨ་ཏི་རང་བཞིན་ཆེན་པོའི་མན་ངག །བླ་མའི་ལས་བྱང་རང་རིག་ལྷུན་གྲུབ་འོད་ཕུང་རང་གྲོལ་བཅས་རྩ་གཞུང་ལེའུ་ཚན་གསུམ་དང་། བླ་སྒྲུབ་ཧཱུྃ་ནག་སྙིང་ཐིག་གི་ངག་འདོན་དམིགས་གནད་གསལ་བ་ཐར་འདོད་གཅེས་ནོར་དོགས་སྤྲུལ་ཀུན་བཟང་ངེས་དོན་ཀློང་ཡངས་ཀྱིས་མཛད་པ། ཡང་དེའི་མན་ངག་ཞལ་ཤེས་གབ་དཀྲུག་རྣམས་ཟིན་བྲིས་རབ་ཏུ་གསལ་བ་དངོས་གྲུབ་རོལ་མཚོ་ཀུན་བཟང་པདྨ་རང་གྲོལ་གྱིས་མཛད་པ་རྣམས་ཀྱིས་ཉམས་ཁྲིད་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། སྣང་མཐའ། ཐུགས་ཆེན། པད་འབྱུང་། འཇའ་ཚོན་ཧཱུྃ་ནག་མེ་འབར། བདུད་འདུལ་ནུས་ལྡན་རྡོ་རྗེ། གཏེར་ཆེན་ཀློང་གསལ་སྙིང་པོ། པདྨ་བདེ་ཆེན་གླིང་པ། རིག་འཛིན་ཚེ་དབང་ནོར་བུ། སྔགས་ཆེན་པདྨ་མཆོག་གྲུབ། བང་རི་བླ་མ་བསྟན་འཛིན་རྡོ་རྗེ། བང་རི་རྡོར་འཛིན་ཚེ་དབང་ནོར་བུ། རྗེ་བཙུན་ཕྲིན་ལས་ཀུན་ཁྱབ། པདྨ་(107ན)བསྟན་སྐྱོང་འགྱུར་མེད། པད་སྤྲུལ་པདྨ་དབང་རྒྱལ་རྡོ་རྗེ། ཀུན་བཟང་ངེས་དོན་ཀློང་ཡངས། ཀུན་བཟང་པདྨ་རང་གྲོལ། ལོང་པོ་རྡོར་འཛིན་ཨོ་རྒྱན་གསང་སྔགས་བསྟན་འཛིན། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ།། །།