DJYD-KABUM-20-WA-018

From Dudjom Wiki
Revision as of 05:20, 1 June 2024 by Jeremi (talk | contribs)

DJYD-KABUM-20-WA-018
Wylie title DJYD-KABUM-20-WA-017.pdf
Location bdud 'joms rin po che bka' 'bum
Volume 20, Text 17, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(174ན)ཨོཾ་སྭསྟི། སྒྲ་བསྒྱུར་གཡུ་སྒྲ་སྙིང་པོའི་རྣམ་རོལ་རིག་འཛིན་རྡོ་རྗེ་ཐོགས་མེད་རྩལ་གྱི་ཡང་སྲིད་དེ་མ་ཐག་པ་ཨོ་རྒྱན་རྡོ་རྗེ་དྲག་སྔགས་རྩལ་གྱི་ཟབ་གཏེར་ལས། ཞི་ཁྲོའི་སྐོར་ཐོབ་པ་ལ། དབང་ཆོག་རིན་ཆེན་བུམ་བཟང་ལྟར་ཚོམ་བུའི་དཀྱིལ་འཁོར་དུ་འཇུག་པ་སྔོན་འགྲོས། དངོས་གཞི་དབང་བཞི་ཡོངས་རྫོགས་མཐའ་རྟེན་བཅས་ཀྱིས་སྨིན་པར་མཛད་ནས། ལུང་ལ། མ་ཧཱ་གུ་རུ་ཡང་གསང་བླ་ན་མེད་པའི་དཀྱིལ་འཁོར་རྒྱལ་བ་ཞི་ཁྲོའི་སྒྲུབ་ཐབས་རང་རིག་ཡེ་ཤེས་གསལ་བའི་སྒྲོན་མེ། བཏགས་གྲོལ་བསྟན་པ་བུ་གཅིག་གི་རྒྱུད་ཡེ་ཤེས་དྲི་མ་མེད་པའི་སྙིང་པོ། བསྐང་བཤགས་ཉོན་མོངས་སྲེག་བྱེད། རྒྱུན་གྱི་མཆོད་བྱང་རྟེན་འབྲེལ་སྒོ་འབྱེད། ཁ་སྐོང་ལ་བརྒྱུད་འདེབས་བྱིན་རླབས་སྤྲིན་ཕུང་ཆོས་གླིང་སྨྱོན་ནག་པས་མཛད་པ། དབང་ཆོག་རིན་ཆེན་བུམ་བཟང་བདེ་གཤེགས་དབང་ཆེན་གྱིས་མཛད་པ་བཅས་ཐོབ་པའི་བརྒྱུད་པནི། ཀུན་བཟང་ཡབ་ཡུམ། རིགས་ལྔ་ཞི་ཁྲོ། དགའ་རབ་རྡོ་རྗེ། ཤྲཱི་སིངྷ། པདྨ་འབྱུང་གནས། ཡེ་ཤེས་མཚོ་རྒྱལ། བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ། གཏེར་སྟོན་(174བ)རྡོ་རྗེ་དྲག་སྔགས། པདྨ་ཟིལ་གནོན་མཆོག་རབ། སྐལ་བཟང་བདེ་གཤེགས་དབང་ཆེན་(འདིས་ཁ་སྐོང་བཅས། ) ཁྱབ་བདག་པདྨ་བསྟན་དར། དྲིན་ཅན་པདྨ་དབང་གི་རྒྱལ་པོ། དེས་བདག་ཛྙཱ་ན་ལའོ། །
      ༈   །ཕུར་པ་ཡང་གསང་ཐུགས་ཐིག་གི་སྐོར་ལ།   དབང་ཆོག་དཔལ་ཆེན་དགོངས་རྒྱན་ལྟར་ཚོམ་བུའི་དཀྱིལ་འཁོར་དུ་འཇུག་པ་སྔོན་འགྲོས།   སྟོད་ལས་དབང་བཞི་སྨད་ལས་བསྒྲལ་དབང་བཅས་ཀྱིས་སྨིན་པར་བྱས་ནས།   ལུང་ལ།   བརྒྱུད་པའི་གསོལ་འདེབས་ཡིད་བཞིན་མཆོག་སྩོལ།   སྒྲུབ་ཐབས་ཡེ་ཤེས་རྔམས་པ་གློག་གི་འཁོར་ལོ།   རྒྱུན་གྱི་རྣལ་འབྱོར་རྩ་གསུམ་འདུས་པའི་སྙིང་པོ་ཕྲིན་ལས་ཀུན་འགྲུབ།   ཆོག་ཁྲིགས་ལ།   སྨད་ལས་བསྟན་དགྲ་ཞིང་བཅུ་བསྒྲལ་བའི་མཚོན་རྣོན།   སྲི་མནན་ཆོ་ག་རི་རབ་ལྷུན་པོ།   དབང་ཆོག་དཔལ་ཆེན་དགོངས་རྒྱན་བཅས་བདེ་གཤེགས་དབང་ཆེན་གྱིས་བསྒྲིགས་པ་རྣམས་ཐོབ་པའི་བརྒྱུད་པ་ནི།   ཀུན་བཟང་།   རིགས་ལྔ།   རྡོར་སེམས།   རྡོ་རྗེ་ཆོས།   ལས་ཀྱི་དབང་མོ།   པྲ་བྷ་ཧ་སྟི།   པདྨ་ཐོད་ཕྲེང་།   ཡེ་ཤེས་མཚོ་རྒྱལ།   གཡུ་སྒྲ་སྙིང་པོ།   རྡོ་རྗེ་དྲག་སྔགས།   པདྨ་ཟིལ་(175ན)གནོན་མཆོག་རབ།   བདེ་གཤེགས་དབང་ཆེན།   འདིས་ཁ་སྐོང་བཅས།   པདྨ་བསྟན་དར།   དྲིན་ཅན་དམ་པ་པདྨ་དབང་རྒྱལ།   དེས་སོ།   །
༈ །སྒྲོལ་དཀར་སྐོར་ལ། ཚེ་དབང་བསྐུར་བའི་ཆོ་ག་འཆི་མེད་བདུད་རྩིའི་བུམ་བཟང་ལྟར་ནོས་ནས། ལུང་ལ། སྒྲོལ་མ་དཀར་མོའི་ཐུགས་རྗེ་བྱིན་རླབས་བསྐུལ་བའི་བརྒྱུད་འདེབས། ཚེ་སྒྲུབ་རྒྱུན་ཁྱེར་རྡོ་རྗེ་སྙིང་པོ། ནང་སྒྲུབ་བདུད་རྩིའི་བུམ་བཟང་། གསང་བ་ཐུགས་ཀྱི་སྒྲུབ་ཐབས་སྙིང་གི་ཐིག་པ། དབང་ཆོག་ཡེ་ཤེས་མཆོག་སྩོལ། ལོ་རྒྱུས་འོད་ཀྱི་དྲྭ་བ། ཆོས་ཀྱི་དུས་རྟགས་ལུང་བསྟན་བསྡུས་པ། སྣང་སྲིད་ལོ་ཀ་དབང་སྡུད་ཀྱི་ལས་ཚོགས་རྒྱལ་པོ་དབང་སྡུད། ཚེ་འགུགས་ལྡེབ་བྱང་། དབང་ཆོག་འཆི་མེད་བདུད་རྩིའི་བུམ་བཟང་བདེ་གཤེགས་དབང་ཆེན་གྱིས་མཛད་པ་བཅས་ཐོབ་པའི་བརྒྱུད་པ་ནི། སྣང་མཐའ། ཙཎྜ་ལི། ལས་ཀྱི་ལྷ་མོ། རྗེ་བཙུན་མ། ནཱ་གརྫུ་ན། པད་འབྱུང་། གཡུ་སྒྲ། གཏེར་སྟོན། ཟིལ་གནོན་མཆོག་རབ། བདེ་གཤེགས་དབང་ཆེན། པདྨ་བསྟན་དར། དྲིན་ཆེན་པདྨ་དབང་རྒྱལ། ངེས་སོ། །ཟབ་ལམ་ཆོས་འབྱུང་རིན་པོ་(175བ)ཆེའི་ཕྲེང་བ་ཐུགས་རྗེ་བྱིན་རླབས་ཀྱི་འོད་དཀར་འཕྲོ་བ། ཆོས་ཀྱི་སྔོན་འགྲོའི་ཆོས་རིན་ཆེན་ཐེམ་སྐས། རྫོགས་ཆེན་ཡེ་ཤེས་རང་གསལ་གྱི་སྔོན་འགྲོ་ཆོས་སྤྱོད་ཐེག་དགུ་ཡོང་རྫོགས། རྡོ་རྗེ་འཛིན་པའི་རྒྱན་དང་ཆས་ཀྱི་རྒྱུད། སྤྱོད་ཡུལ་སྣང་བར་རང་གྲོལ་གྱི་ཆ་ལག་མཁའ་འགྲོའི་གསུང་རྟེན་ཌཱ་མ་རུའི་གཟུངས་འབུལ་སྣང་སྲིད་དབང་སྡུད། སྤྱོད་པ་བརྟུལ་ཤུགས་ཀྱི་ཆས་བཤད། བརྟུལ་ཤུགས་སྤྱོད་པའི་ཆས་དབང་། ཐབས་ལམ་ཡེ་ཤེས་སྙིང་པོའི་ལོ་རྒྱུས་འོད་ལྔ་འབར་བ། གཏུམ་མོ་བདེ་ཆེན་འོད་འབར། གཏུམ་མོའི་གསོལ་འདེབས་མཁའ་སྤྱོད་མྱུར་ལམ་བཅས་ཐོབ་པའི་བརྒྱུད་པའང་སྔ་མ་དང་འདྲའོ། །༎