DJYD-KABUM-19-DZA-007

From Dudjom Wiki
Revision as of 05:35, 1 June 2024 by Jeremi (talk | contribs)

DJYD-KABUM-19-DZA-007
Wylie title DJYD-KABUM-19-DZA-007.pdf
Location bdud 'joms rin po che bka' 'bum
Volume 19, Text 7, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(142ན)ཨོཾ་སྭ་སྟི། བོད་ཀྱི་ལྷ་གཅིག་འཕགས་པ་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཟབ་དགུར་སྒྲིལ་བ་རྒྱལ་པོ་བཀའ་འབུམ་མམ་མ་ཎི་བཀའ་འབུམ་དུ་གྲགས་པའི་སྐོར་གཙོ་བོར་གྲུབ་ཐོབ་དངོས་གྲུབ་དང་། ཞལ་གདམས་དང་གབ་པ་མངོན་ཕྱུང་གི་སྐོར་སོགས་ཉང་དང་སྟོན་པ་ཤཱཀ་བཟང་གི་གཏེར་མ་སོགས་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཆོས་སྐོར་ཐོབ་པ་ལ། དབང་ཁྲིད་ལུང་གསུམ་ལས། དང་པོ་ནི། ཞལ་གདམས་སྐོར་ལས་བྱུང་བའི་དབང་ཆོག་དང་། དབང་གི་ངོ་སྤྲོད་ཀྱི་ཡི་གེ་ལ་བརྟེན་ནས་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་འགྲོ་བ་འདུལ་བའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་རྩ་བའི་དབང་བཞི་ཡོངས་སུ་རྫོགས་པ་དང་སྙིང་པོའི་དོན་དབང་། བཅུ་གཅིག་ཞལ་ནམ་མཁའི་རྒྱལ་པོའི་སྒོམ་ལུང་། དགེ་འབུམ་གྱི་གཏེར་མ་བཀའ་སྲུང་དཔལ་ལྷའི་རྗེས་གནང་དང་བཅས་པ་ལེགས་པར་ནོས། གཉིས་པ་ཁྲིད་ནི་སྐུ་གསུམ་སྙིང་པོའི་དོན་ཁྲིད་ཉིད་ཞིབ་རྒྱས་སུ་ནོས་ནས། གསུམ་པ་ལུང་ལ། ཐོག་མར་བརྒྱུད་པའི་གསོལ་འདེབས་རང་བཞིན་གདོད་དག་མ། དཀར་ཆག་ཁ་བྱང་རིག་འཛིན་ཆེན་པོའི་གཏེར་དུ་སྦས་པའོ། །དེས་བསྟན་པའི་(142བ)ཆོས་སྡེ་ལ། མདོ་སྐོར། སྒྲུབ་སྐོར། ཞལ་གདམས་ཀྱི་སྐོར་དང་གསུམ། དང་པོ་ལ། སྤྱི་མདོ་ཉི་ཤུ་གཅིག་དང་། ཁྱད་པར་མདོ་སྡེ་ཟ་མ་ཏོག་བཀོད་པར་ཐུགས་རྗེ་ཆེན་པོའི་གདམས་སྐོར་མང་དུ་བྱུང་བ་རྣམས་གཞན་དུ་ཤེས་པའི་དབང་དུ་བྱས་ནས། འདིར་བཞུགས་པའི་སྐོར་ཚོ་དང་པོ་ལ། ལོ་རྒྱུས་ཆེན་མོ་ལེའུ་སུམ་ཅུ་རྩ་དྲུག་པ། ཐུབ་པའི་བསྟན་པ་འདི་དང་སྔོན་དུ་སངས་རྒྱས་གཞན་གྱི་བསྟན་པ་ལ་རྒྱལ་པོས་མཛད་པ་བསྟན་པའི་ལོ་རྒྱུས། འཇིག་རྟེན་དབང་ཕྱུག་སྦྱིན་ལ་དགའི་རྣམ་ཐར་མཛད་པ་ཉི་ཤུ་རྩ་གཅིག་པ། བཀའ་ཆེམས་བཀའ་བཀོལ་ལམ་ལེའུ་ཉེར་གཅིག་པ་ཀ་བ་བུམ་པ་ཅན་གྱི་བྱང་ནས་ཇོ་བོས་བཏོན་པ་རྣམས་སོ། །

གཉིས་པ་སྒྲུབ་སྐོར་ལ། སྒྲུབ་ཐབས་ཆེན་མོ་དང་། སྒྲུབ་ཕྲན་གཉིས། དང་པོ་ལ། དྲུག་སྐོར། གསུམ་སྐོར། ཆིག་སྐོར། བཤད་འགྲེལ་དང་བཞིའི་དང་པོ་དྲུག་སྐོར་ལ། རྩ་བ་དང་། ལས་ཚོགས་གཉིས་ཀྱི། དང་པོ་རྩ་བ་ནི། ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུའི་རྒྱན་གྱི་སྒྲུབ་ཐབས་འཕྲུལ་གྱི་དུམ་བུ་ཞེས་པ་དྲུག་སྐོར་གྱི་རྩ་བ་ཚུལ་གསུམ་གྱི་གཞི་གཏན་ལ་དབབ་ཅིང་སྐོར་གསུམ་གྱི་ལམ་ཉམས་སུ་(143ན)ལེན་པའི་མན་ངག ། གཉིས་པ་ལས་ཚོགས་ནི། རྟེན་གྱི་ཆོས་དྲུག ། གསོན་གྱི་ཆོས་དྲུག ། གཤིན་ལ་ཕན་ཐབས་དྲུག ། ཕྲིན་ལས་དྲུག ། གསང་སྔགས་ཀྱི་གནད་དྲུག ། ཐུན་མཚམས་ཀྱི་ཆོས་དྲུག ། དེ་རེ་རེ་ལ་ཡང་ཕྱི་ནང་གསང་བ་དོན་རྟགས་མཚོན་པ་སྟེ་དྲུག་རེ་དབྱེ་བས་ཉིས་བརྒྱ་དང་བཅུ་དྲུག་གོ། ། གཉིས་པ་གསུམ་སྐོར་ནི། ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་སྤྱི་དོན་བཅུ་གཅིག་པ་རེ་རེ་ཡང་གསུམ་ཚན་དུ་ཕྱེ་བས་སུམ་སྐོར་དུ་གྲགས་པའོ། ། གསུམ་པ་ཆིག་སྐོར་ནི། ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་སྒྲུབ་ཐབས་སེམས་བསྐྱེད་ལྷ་སྔགས་སྟོང་པར་སྒོམ་པ་རྣམས་ཡན་ལག་ཆིག་ཆོད་དུ་སྟོན་པ་ནོར་བུའི་འོད་ཅེས་བྱ་བའོ། ། བཞི་པ་བཤད་འགྲེལ་ནི། སྤྱིའི་ཁོག་འབུབས་སམ་བཤད་འགྲེལ་ཆེན་མོར་གྲགས་པ་སྤྱི་དོན་གསུམ་པ་ཡན་ལག་དྲུག་གི་སྒོ་ནས་བཤད་པ། རྩ་བའི་གཉིས་པ་སྒྲུབ་ཕྲན་ལ། སྒྲུབ་ཐབས་བསྡུས་པ་རྣལ་འབྱོར་གསུམ་གྱི་ཞལ་གདམས། སྒྲུབ་ཐབས་འབྲིང་པོ་དཀྱིལ་འཁོར་གསུམ་གྱི་ཞལ་གདམས། སྒྲུབ་ཐབས་རྒྱས་པ་གསང་སྔགས་གནད་ཀྱི་ཞལ་(143བ)གདམས། རྒྱལ་བ་སུམ་སྒྲིལ་གྱི་སྒྲུབ་ཐབས། རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་སྒྲུབ་ཐབས། མཁའ་འགྲོ་གསང་སྐོར་གྱི་སྒྲུབ་ཐབས་ཤིན་ཏུ་ཟབ་པ། གསང་བ་ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་དབང་སྡུད་ཀྱི་མན་ངག་བྱིན་རླབས་སྦ་ཆོས་ཀྱི་སྒྲུབ་ཐབས་སོ། །དེ་ལྟར་སྒྲུབ་སྐོར་རྣམས་གྲུབ་ཐབས་དངོས་གྲུབ་ཀྱི་གཏེར་མའོ། །ཞི་བ་སོགས་ཐུན་མོང་གི་ལས་ཕྲན་དོན་གཅིག་པ་འདི་གླེགས་བམ་ཕལ་ཆེར་ལ་མེད་ཀྱང་རྒྱས་པ་རྣམས་ན་བཞུགས་ཤིང་ལུང་རྒྱུན་ཡང་ཡོད་དོ། ། གསུམ་པ་ཉང་གི་གཏེར་བྱོན་ཞལ་གདམས་སྐོར་ལ། གཞན་དོན་དུ་གདམས་པ། རང་དོན་དུ་གདམས་པ། གཏེར་གནས་མི་གཅིག་པའི་ཞལ་གདམས་དང་གསུམ། དང་པོ་ལ་ཆེ་ཚོ་དང་། ཆུང་ཚོའི་སྐོར་གཉིས། ཆེ་ཚོ་ལ་ནང་གསེས་བཅུ་དྲུག་ཡོད་པའི། དང་པོ་ཞུས་ལན་ལ། ཐུགས་རྒྱུད་ནས་ཕྱི་བློན་རྣམས་ལ་གདམས་པའི་བར་ལ་ལེ་ཚན་བརྒྱད། གཉིས་པ་ངོ་སྤྲོད་ལ། ཡབ་ནས་ཕྱི་བློན་ལ་ངོ་སྤྲོད་པའི་བར་ལ་བརྒྱད། གསུམ་པ་བཀའ་ནན་ལ། ཡབ་ཡུམ་ནས་བུད་མེད་རྣམས་ལ་གསུམ་པའི་བར་ལ་བཅུ་གཅིག་(144ན)བཞི་པ་གསུང་གི་ཞལ་གདམས་ལ། སྤྲོ་ན་སོ་དྲུག་དང་བསྡུ་ན་ཡིག་དྲུག་ཏུ་འདུས་པ་ཐུགས་རྗེ་རང་བྱུང་གི་ཡི་གེ་ནས་སྨོན་ལམ་གྱི་བར་ལ་བཅོ་ལྔ། ལྔ་པ་ལམ་ཁྱེར་ལ། ཉིན་མོ་སྣང་བ་ནས་གཏོར་མའི་ལམ་ཁྱེར་གྱི་བར་ལ་ཉི་ཤུ་རྩ་གསུམ། དྲུག་པ་ཞལ་གདམས་ཐོར་བུ་ལ། དྲུག་ཚན་བཅུ་པ་ནས་བཅུ་ཚན་ཉེར་གསུམ་པའི་བར་ལ་ལྔ། བདུན་པ་ལམ་རིམ་ལ། དལ་འབྱོར་རྙེད་དཀའ་ནས་དབང་པོ་རབ་ལ་བསྟན་པའི་བར་ལ་བདུན། བརྒྱད་པ་མས་འཇུག་ཡས་ལྡོག་ནི། འཁོར་བ་ལུགས་གནས་བདུན་དང་ལུགས་ལྡོག་བདུན་གྱི་འཇུག་ལྡོག་དང་། ལྟ་སྒོམ་སྤྱོད་པ་སོགས་ཀྱི་ཞལ་གདམས་གཉིས། དགུ་པ་མཚང་གི་ཞལ་གདམས་ལ། མི་རྟག་པ་ནས་སྐྱེ་བོ་ཐ་མལ་པ་རྣམས་མཚང་ནས་ཆོས་ལ་བསྐུལ་བའི་བར་ལ་སོ་དགུ། བཅུ་པ་བསྲང་དུ་གཞུག་པ་ལ། གསུང་རབ་ཐམས་ཅད་ཚིག་དོན་གཉིས་སུ་འདུ་བའི་དོན་ལ་དཔེ་དོན་རྟག་གསུམ་ནས་དྲན་པ་ཉི་ཤུའི་ཞལ་གདམས་ཀྱི་བར་ལ་བཅུ་གཅིག ། བཅུ་གཅིག་པ་ཕྱི་ནང་གསང་བའི་ཆོས་བཞི་ལ་གནས་ནས། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་གནད་(144བ)དུ་དྲིལ་བ་དྲུག་ལ་བརྟེན་ནས་བཤད་ཐབས་ཀྱི་བར་ལ་ཞེ་གཉིས། བཅུ་གཉིས་པ་ཁྱད་པར་གྱི་ཞལ་གདམས་ལ། མཚན་གྱི་ཞལ་གདམས་ནས་ཁྱད་པར་དུ་འཕགས་པའི་ཞལ་གདམས་ཀྱི་བར་ལ་གསུམ། བཅུ་གསུམ་པ་འཆི་ཁ་མའི་ཞལ་གདམས་ལ། རང་བཞིན་གནས་པའི་བར་དོ་ནས་བཙན་ཐབས་སུ་འཕོ་བའི་བར་ལ་དགུ། བཅུ་བཞི་པ་ཐུན་མོང་ཁྱད་པར་གྱི་ཞལ་གདམས་ལ། སྔོན་འགྲོ་བཞིའི་ཡན་ལག་ནས་གསང་བ་ཐུགས་ཀྱི་ངོ་སྤྲོད་པ་ཁྱད་པར་གྱི་ཞལ་གདམས་བར་ལ་བཅུ། བཅོ་ལྔ་པ་ཕྱི་ནང་གི་བསླབ་བྱའི་ཞལ་གདམས་ལ། དོན་རྟགས་མཚོན་གསུམ་གྱིས་བླ་མ་བཀུར་བ་ནས་དབང་བྱིན་རླབས་ཀྱི་ཞལ་གདམས་བར་ལ་བཞི། བཅུ་དྲུག་པ་གཞན་ལ་ཕན་གདགས་ཤིང་རང་སྨིན་པའི་ཞལ་གདམས་ལ། སྐྱབས་སེམས་ནས་ཚིག་དབང་བསྐུར་བའི་བར་ལ་བརྒྱད་དོ། ། གཉིས་པ་ཞལ་གདམས་ཆུང་ཚོའི་སྐོར་ལ་བདུན་གྱི། དང་པོ་ཤིན་ཏུ་ཟབ་པ་ནང་འཁོར་དགུ་ལ་གདམས་པ། གཉིས་ཀ་བཀའ་རྟགས་ཀྱི་འཁོར་བརྒྱད་ལ་གདམས་པ། གསུམ་པ་ཐུན་མོང་མ་ཡིན་པའི་ཞལ་(145ན)གདམས་བཅུ་དྲུག ། བཞི་པ་ཁྱད་པར་ཟབ་དོན་གྱི་ཞལ་གདམས་བརྒྱད། ལྔ་པ་ཐུགས་རྒྱུད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཞལ་གདམས་དྲུག ། དྲུག་པ་གནད་ཀྱི་ཟབ་དོན་གྱི་ཞལ་གདམས་བརྒྱད། །བདུན་པ་ཟབ་པ་རང་དོན་གྱི་ཞལ་གདམས་བཅུའོ། །གཉིས་པ་རང་དོན་དུ་གདམས་པའི་སྐོར་ལ་ཞལ་གདམས་ཉེར་བདུན་ཡོད་པར་དཀར་ཆག་ཏུ་ཡོད་ཀྱང་མ་འཚལ་ཏོ། །གསུམ་པ་གཏེར་གནས་མི་གཅིག་པའི་སྐོར་ལ། སྤྲུལ་སྐུ་ཤཱཀ་འོད་ཀྱི་གཏེར་མ་ནམ་མཁའ་རྒྱལ་པོའི་མངོན་རྟོགས། སངས་རྒྱས་སྟོང་རྩའི་བསྐྱེད་རྫོགས་ཐུགས་དམ་མཐོང་བའི་ཕན་ཡོན་དང་བཅས་པ། ཁྲུས་ཆབ་བྱེད་ཚུལ་དང་ཕན་ཡོན་གྱུར་ཤོག་གི་སྨོན་ལམ། གབ་པ་མངོན་ཕྱུང་གི་ཞལ་གདམས། རྒྱལ་པོ་ཡབ་ཡུམ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ་ཚུལ། བོད་འབངས་སྤྱི་ལ་བཞག་པའི་ཞལ་ཆེམས་དང་བཅས་པ། ལྷ་ས་བསམ་ཡས་གཉིས་ཀྱི་ལུང་བསྟན་ཉང་གིས་མཁོ་མཐིང་ནས་བཏོན་པ། ཡེར་པའི་དཀར་ཆག་བསྟན་པ་དར་རྒྱས་མ་ར་ས་ནས་ལ་སྟོད་དམར་པོས་བཏོན་པ། (145བ)དཀར་ཆག་ལྷ་ལུང་དཔལ་རྡོར་མ་ཟངས་རི་པས་ཡེར་པའི་སྤེའུ་སེར་པོའི་བར་ཁང་ནས་རྙེད་པ་རྣམས་སོ། །དེ་རྣམའས་བསྡོམས་པས་སྤྱིར་ཆོས་སྡེ་བརྒྱ་དང་དྲུག་ཅུ་རྩ་བརྒྱད་ཡོད་དོ། །དེ་ལྟར་ལེགས་པར་ཐོབ་པའི་དབང་དང་ཁྲིད་ཀྱི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། །ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་སྲོང་བཙན་སྒམ་པོ། སློབ་དཔོན་པདྨ་འབྱུང་གནས། གཏེར་སྟོན་གྲུབ་ཐོབ་དངོས་གྲུབ། ཉང་རལ་ཉི་མ་འོད་ཟེར། ལ་སྟོད་པ་མི་བསྐྱོད་རྡོ་རྗེ། རྗེ་བཙུན་ཤཱཀྱ་བཟང་པོ། ལྷ་རྗེ་དགེ་བ་འབུམ། ལྕམ་མོ་ཡེ་ཤེས་མཆོག གྲུབ་ཐོབ་ཆུ་སྒོམ་པ། མཐའ་བཞི་བྱ་བྲལ་བ། ཚུལ་ཆེན་བསོད་ནམས་སེང་གེ གྲུབ་མཆོག་བཀྲ་ཤིས་རྒྱལ་མཚན། དྲིན་ཅན་སྐུ་འབུམ་པ། ནོར་བུ་བཟང་པོ། མཁས་གྲུབ་ཆོས་རྗེ། སེང་གེ་རྒྱལ་མཚན། ལོ་ཆེན་དཀོན་མཆོག་སྐྱབས། མངའ་རིས་པཎ་ཆེན་པདྨ་དབང་རྒྱལ། འུ་ཡུག་པ་ངག་གི་དབང་པོ། སྤྲུལ་སྐུ་གར་གྱི་དབང་པོ། ངག་གི་དབང་ཕྱུག ། གཞན་ཕན་རྡོ་རྗེ། ཚུལ་ཁྲིམས་རྒྱལ་མཚན། (146ན)རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། ཡང་ན་ནོར་བུ་བཟང་པོ་ཡན་གོང་ལྟར་ལས། དེ་ནས་བཟང་པོ་རྒྱལ་མཚན་དཔལ་ལྡན་སངས་རྒྱས། ངག་དབང་གྲགས་པ། ཡིག་དྲུག་པ་ཤེས་རབ་དཔལ་འབྱོར། རྗེ་བཙུན་ཀུན་དགའ་གྲོལ་མཆོག ། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། དམ་ཆོས་བཟང་པོ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། ཡང་ལུང་ཡོངས་རྗོགས་ཀྱི་བརྒྱུད་པ། བླ་མ་བཀྲ་ཤིས་རྒྱལ་མཚན་ནས། ཆུ་རགས་པ་བློ་གྲོས་རྒྱལ་མཚན། སངས་རྒྱས་དོན་གྲུབ། རིན་ཆེན་ཤེས་རབ། མར་སྟོན་ཤེས་རབ་བཟང་པོ། ཡོན་ཏན་བཟང་པོ། རྫ་སྣ་པ་གྲགས་པ་དཔལ་འབྱོར། ཆོས་ཀྱི་ཤེས་རབ། སྤྲུལ་སྐུ་སྣ་ཚོགས་རང་གྲོལ། དབུ་མཛད་དོན་གྲུབ་དཔལ། བསྟན་འཛིན་གྲགས་པ་མན་སྔར་བཞིན། ཡང་ན་སྣ་ཚོགས་རང་གྲོལ་ནས། སྲས་ཀུན་དགའ་གྲགས་པ། མདོ་སྔགས་བསྟན་འཛིན་མན་སྔར་བཞིན། དཔལ་ལྷའི་རྗེས་གནང་གི་བརྒྱུད་པ། (146བ)ཆུ་སྒོམ་པ་ཡན་གོང་ལྟར་ལས། དེ་ནས་དགེ་འདུན་དཔལ་བཟང་། སངས་རྒྱས་སེང་གེ ། ཚུལ་ཁྲིམས་རྒྱལ་མཚན། སངས་རྒྱས་བརྩོན་འགྲུས། སངས་རྒྱས་བདེ་ཆེན། རིན་ཆེན་དཔལ་འབྱོར། པདྨ་སངས་རྒྱས། ཉི་ཟླ་སངས་རྒྱས། དཔལ་འབྱོར་ལྷུན་གྲུབ། ཆོས་དབྱིངས་རང་གྲོལ། ཀུན་མཁྱེན་ལྔ་པ། གཏེར་ཆེན་འགྱུར་མེད་རྡོ་རྗེ། །དེ་ནས་ལོ་ཆེན་དྷརྨ་ཤྲཱི། ཀུན་བཟང་ཀློང་གྲོལ། གནས་གསར་བ། ཤེས་རབ་མཆོག་ལྡན། ཉང་སྟོན་པདྨ། འཇིགས་མེད་བསྟན་འཛིན་ཆོས་རྒྱལ། བསྟན་འཛིན་འཕེལ་རྒྱས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇམ་མགོན་བློ་གྲོས་མཐའ་ཡས། ཀུན་བཟང་བསྟན་པའི་རྒྱལ་མཚན། ཁྱབ་བདག་འགྱུར་མེད་ངེས་དོན་དབང་པོ། དེས་བདག་ལའོ། ། ཡང་། དབང་ཁྲིད་ཀྱི་བརྒྱུད་པ་ལུགས་གཅིག་ནི། གྲུབ་མཆོག་བཀྲ་ཤིས་རྒྱལ་མཚན་ནས། ཆུ་རག་པ་བློ་གྲོས་རྒྱལ་མཚན། འདུལ་འཛིན་དབུ་ཐུམས་པ། བྱང་སེམས་དཔལ་ལྡན་གཞོན་ནུ། ལོ་ཆེན་དཀོན་མཆོག་སྐྱབས། པཎ་ཆེན་པདྨ་(147ན)དབང་རྒྱལ། ལེགས་ལྡན་རྡོ་རྗེ། རིན་ཆེན་ཕུན་ཚོགས། བཤེས་གཉེན་རིན་ཆེན་དཔལ། སངས་རྒྱས་རིན་ཆེན། མཁན་ཆེན་རྣམ་འཇོམས་ཕུན་ཚོགས། དཔལ་ཆོས་ཀྱི་གྲགས་པ། དཀོན་མཆོག་ཕྲིན་ལས་ལྷུན་གྲུབ། དཀོན་མཆོག་ཕྲིན་ལས་བཟང་པོ། དོན་གྲུབ་ཆོས་རྒྱལ། རྗེ་བསྟན་འཛིན་འགྲོ་འདུལ། ལྷོ་དཀོན་མཆོག་ཆོས་ཀྱི་རྒྱ་མཚོ། བསྟན་འཛིན་ཆོས་ཀྱི་ཉི་མ། མགར་ཆོས་ཀྱི་ཉི་མ། མགར་དཀོན་མཆོག་བསྟན་འཛིན། མཆོག་སྤྲུལ་ཆོས་ཉིད་ནོར་བུ། གཏེར་ཆེན་མཆོག་གྱུར་གླིང་པ། འཇམ་མགོན་པདྨ་གར་དབང་། ཀུན་བཟང་བསྟན་པའི་རྒྱལ་མཚན། འཁོར་ལོའི་མགོན་པོ་འགྱུར་མེད་ངེས་དོན་དབང་པོ། དེས་བདག་ལ་བཀའ་དྲིན་དུ་བསྩལ་ཏོ། །

ཡང་། ཐུན་མོང་ལས་ཕྲན་གྱི་ལུང་བརྒྱུད་ལུགས་གཅིག་ནི། བཀྲ་ཤིས་རྒྱལ་མཚན་ཡན་གོང་ལྟར་ལས། དེ་ནས་བློ་གྲོས་རྒྱལ་མཚན། སངས་རྒྱས་དོན་གྲུབ། རིན་ཆེན་ཤེས་རབ། ཤེས་རབ་བཟང་པོ། ཡོན་ཏན་བཟང་པོ། གྲགས་པ་དཔལ་འབྱོར། ཆོས་ཀྱི་ཤེས་(147བ) རབ། སྣ་ཚོགས་རང་གྲོལ། དོན་གྲུབ་དཔལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། དམ་ཆོས་བཟང་པོ། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ། རིན་ཆེན་རྣམ་རྒྱལ། འགྱུར་མེད་དོན་ལྡན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། ཀུན་གཟིགས་མཁྱེན་བརྩེ། འཇམ་མགོན་པདྨ་གར་དབང་མན་གོང་བཞིན་ནོ། །