DJYD-KABUM-25-AA-Karchag

From Dudjom Wiki
Revision as of 05:35, 1 June 2024 by Jeremi (talk | contribs)

DJYD-KABUM-25-AA-Karchag.pdf

[edit]
(1ན)ཨོཾ་སྭསྟི། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ངག་བསྒྲིགས་བརྩམས་ཆོས་ཡོངས་རྫོགས་ཕྱོགས་གཅིག་ཏུ་བསྡེབས་པའི་གླེགས་བམ། ༼ཨ་༽པར་འདིར། རྩོམ་ཐོར་སྣ་ཚོགས་ཀྱི་སྐོར་ལ། ཁྲག་འཐུང་བདུད་འཇོམས་གླིང་པའི་རྣམ་ཐར་གསོལ་འདེབས་ལྡེབ་༦ བཀའ་དྲིན་ཅན་གྱི་བླ་མ་རྣམས་ལ་གསོལ་འདེབས་ལྡེབ་༦ རང་གི་སྐྱེས་རབས་གསོལ་འདེབས་ལྡེབ་༤ གསོལ་འདེབས་ཕྱོགས་བསྡེབས་ནང་གསེས་ལེ་ཚན་བརྒྱ་དང་བརྒྱད་ལ་ལྡེབ་༣༧ བླ་རྣལ་ཕྱོགས་བསྡེབས་ནང་གསེས་ལེ་ཚན་བཅུ་དགུ་ལ་ལྡེབ་༢༤ རྒྱུན་ཁྱེར་ཕྱོགས་བསྡེབས་ནང་གསེས་ལེ་ཚན་དོན་གཉིས་ལ་ལྡེབ་༥༧ མགུར་དང་ཚོགས་གླུ་ཕྱོགས་བསྡེབས་ནང་གསེས་ལེ་ཚན་དགུ་ལ་ལྡེབ་༡༡ ཞལ་གདམས་བསླབ་བྱ་ཕྱོགས་བསྡེབས་ནང་གསེས་ལེ་ཚན་དགུ་ལ་ལྡེབ་༢༦ ཞབས་བརྟན་ཕྱོགས་བསྡེབས་ནང་གསེས་ལེ་ཚན་བརྒྱ་དང་བཞི་ལ་ལྡེབ་༤༢ སྨོན་ལམ་ཕྱོགས་བསྡེབས་ནང་གསེས་ལེ་ཚན་སོ་བརྒྱད་ལ་ལྡེབ་༢༧ ཐང་སྐུའི་རྒྱབ་བྱང་ཕྱོགས་བསྡེབས་ནང་གསེས་ལེ་ཚན་ང་དགུ་ལ་ལྡེབ་༡༥ མཆོད་རྫས་སྨོན་ཚིག་ཕྱོགས་བསྡེབས་ནང་གསེས་(1བ)ལེ་ཚན་ལྔ་ལ་ལྡེབ་༢ སྤར་བྱང་སྨོན་ཚིག་ཕྱོགས་བསྡེབས་ནང་གསེས་ལེ་ཚན་ཞེ་བཞི་ལ་ལྡེབ་༢༢ དང་། གླེགས་བམ་གྱི་དཀར་ཆག་ང་རང་ལྡེབ་༡བཅས་བསྡོམས་ལྡེབ་གྲངས་༢༨༠ཡོད་དོ། །བླ་མའི་ཕྲིན་ལས་ཆ་ཙམ་སྤེལ་སླད་དུ། །བདུད་འཇོམས་གསང་མིང་རིག་འཛིན་དབང་མོ་ཡིས། །གསུང་འབུམ་སྤར་དུ་བཏབ་པའི་ལེགས་བྱས་གང་། །མོས་ལྡན་ཡོངས་ལ་ཕན་པའི་དཔལ་གྱུར་ཅིག །དགེའོ། ། ༈ །མཁན་སློབ་ཆོས་གསུ༷མ་རིང་ལུགས་ཆེ། །འཛམ་གླིང་ས་གསུ༷མ་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུ༷མ་སྣང་བ་དང་། །མི་འབྲལ་དུས་གསུ༷མ་དགེ་ལེགས་ཤོག། །།