DJYD-KABUM-23-A-036

From Dudjom Wiki
Revision as of 05:35, 1 June 2024 by Jeremi (talk | contribs)

DJYD-KABUM-23-A-036
Wylie title DJYD-KABUM-23-A-036.pdf
Location bdud 'joms rin po che bka' 'bum
Volume 23, Text 36, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)ཨོཾ་ཨཱཿཧཱུྃ། ཀྱེ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། འགོ་བའི་ལྷ་ལྔ་ཡུལ་ལྷ་གཞི་བདག་རྣམས། །བསང་མཆོད་བདུད་རྩིས་ཐུགས་དམ་དགྱེས་བསྐང་ནས། །བདག་གི་རླུང་རྟ་དར་བའི་ཕྲིན་ལས་མཛོད། །(ཛྙཱ་ནས་སོ།། །།) ༈ ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། བསང་མཆོད་འདོད་ཡོན་བདུད་རྩིའི་སྤྲིན་ཕུང་འདི། །མཆོག་གསུམ་རྩ་གསུམ་དམ་ཅན་རྒྱ་མཚོ་སོགས། །འཁོར་འདས་མགྲོན་རིགས་མ་ལུས་མཉེས་ཚིམས་ནས། །འགལ་རྐྱེན་ཀུན་ཞི་བསམ་དོན་ལྷུན་གྲུབ་མཛོད། །(ཛྙཱ་ནས་སོ།། །།)ཨོཾ་ཨཱཿཧཱུྃ། རྩ་གསུམ་ཆོས་སྐྱོང་གཏེར་གྱི་བདག ། ཡུལ་འདིའི་གཞི་བདག་འཁོར་བཅས་ལ། །བསང་མཆོད་བདུད་རྩིའི་མཆོད་པ་འབུལ། །འགལ་རྐྱེན་བར་ཆོད་(ཁ་ཆར་བུ་ཡུག་)ཞི་བ་དང་། །བསམ་དོན་མྱུར་འགྲུབ་ཕྲིན་ལས་མཛོད། །(ཛྙཱ་ནས་སོ།། །།)