DJYD-KABUM-23-A-005

From Dudjom Wiki
Revision as of 05:35, 1 June 2024 by Jeremi (talk | contribs)

DJYD-KABUM-23-A-005
Wylie title DJYD-KABUM-23-A-005.pdf
Location bdud 'joms rin po che bka' 'bum
Volume 23, Text 5, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)(རྩ་གསུམ་སྤྱིའི་སྐོང་བསྡུས་བཞུགས།) ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་གནས་ལུགས་མངོན་གྱུར་པའི། །རྒྱལ་བ་དགོངས་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཏིང་འཛིན་མཆོག་བརྙེས་བརྡ་ཡི་བརྒྱུད་པ་སྟེ། །རིག་འཛིན་བརྡ་བརྒྱུད་བླ་མའི་ཐུགས༴ །བཀའ་ལུང་ལྷག་ཆད་མེད་པར་སྟོན་མཛད་པའི། །སྙན་ཁུང་བརྒྱུད་པའི་བླ་མའི་ཐུགས༴ །བཀའ་ལུང་མན་ངག་གཏེར་སྦས་བྱ་ར་མཛད། །མཁའ་འགྲོ་གཏད་རྒྱ་བརྒྱུད་པའི༴ །མ་འོངས་ལས་ཅན་ལུང་བསྟན་དགོངས་པ་གཏད། །སྨོན་ལམ་དབང་བསྐུར་བརྒྱུད་པའི༴ །བཀའ་བབས་ལུང་བརྒྱུད་འགྲོ་ཀུན་སྨིན་གྲོལ་མཛོད། །ཤོག་སེར་ཆིག་བརྒྱུད་བླ་མའི༴ །རྒྱལ་བའི་བྱིན་རླབས་མཐུ་ཡིས་ཕྲིན་ལས་མཛད། །དམ་རྫས་མྱོང་གྲོལ་བརྒྱུད་པའི༴ །ཐུགས་རྗེ་བརྩེ་བས་འགྲོ་ཀུན་འདྲེན་མཛད་པ། །ཐུགས་རྗེ་བྱིན་རླབས་བརྒྱུད་པའི༴ །ལྟ་སྒོམ་མཁྱེན་པ་མཆོག་ལ་མངའ་བརྙེས་པའི། །སྐྱེས་མཆོག་བླ་མ་རྣམས་ཀྱི༴ །རང་བྱུང་གདོད་མའི་སངས་རྒྱས་རྒྱལ་ཀུན་ཡབ། །ཆོས་སྐུ་ཀུན་བཟང་ཡབ་ཡུམ༴ །ཆོས་སྐུ་ཡེ་ཤེས་ལྔ་ཡི་རང་བཞིན་ཉིད། །ཞི་ཁྲོ་ལོངས་སྤྱོད་རྫོགས་སྐུའི༴ །རང་སྣང་མ་(1བ)འགགས་གཞན་སྣང་དེར་སྟོན་པའི། །སྤྲུལ་སྐུ་པདྨ་འབྱུང་གནས༴ །ཡེ་ཤེས་ཆེ་བརྙེས་ནུས་མཐུ་དཔག་ཏུ་མེད། །རྒྱ་བོད་གྲུབ་ཆེན་ཡོངས་ཀྱི༴ །གུ་རུའི་རྒྱན་འཁོར་ལྔ་ལྔས་ཡེ་ཤེས་འཕྲུལ། །རྗེ་འབངས་ཉེར་ལྔའི་ཚོགས་ཀྱི༴ །དཔག་མེད་ངོ་མཚར་གྱིས་བརྒྱན་སྤྲུལ་པའི་སྐུ། །གཏེར་ཆེན་བརྒྱ་དང་རྩ་བརྒྱད༴ །འབྲེལ་ཚད་དོན་ལྡན་ཐར་པའི་ལམ་མཁན་མཆོག ། གཏེར་ཕྲན་སྟོང་དང་རྩ་གཉིས༴ །འགྲོ་ཀུན་སྨིན་གྲོལ་ལམ་ལ་བཀོད་མཛད་པའི། །དྲིན་ཅན་རྩ་བརྒྱུད་བླ་མའི༴ །ཤེས་བྱ་ཐམས་ཅད་རྣམ་པ་ཀུན་མཁྱེན་པའི། །དུས་གསུམ་སངས་རྒྱས་རྣམས་ཀྱི༴ །འགྲོ་ཀུན་ཞི་བདེའི་གནས་སུ་དྲེན་མཛད་པའི། །གསུང་རབ་དམ་ཆོས་རྣམས་ཀྱི༴ །ས་དང་ལམ་ལ་གནས་ནས་འདུལ་ཞིང་སྐྱོང་། །འཕགས་པའི་དགེ་འདུན་རྣམས་ཀྱི༴ །ཧཱུྃ་ཧྲཱིཿ བླ་མེད་སྙིང་གི་དགོངས་པའི་ད་ལ་རུ། །ཨ་ཏི་ཞི་ཁྲོའི་ལྷ་ཚོགས༴ །སངས་རྒྱས་དགོངས་པ་འདུས་པའི་དཀྱིལ་འཁོར་ནས། ཚོགས་ཆེན་འདུས་པའི་ལྷ་ཚོགས༴ །བཅོམ་ལྡན་གསང་བ་གཉན་པོའི་ཕོ་བྲང་ནས། །སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས༴ །ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་(2ན)འཁོར་ནས། །བཞི་བཅུ་རྩ་གཉིས་རྒྱལ་བའི༴ །ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས། །ལྔ་བཅུ་རྩ་བརྒྱད་ཁྲོ་བོའི༴ །བདེ་གཤེགས་འདུས་པ་རྩ་བའི་དཀྱིལ་འཁོར་ནས༴ །སྒྲུབ་ཆེན་བཀའ་བརྒྱད་ཡོངས་ཀྱི༴ །སྐུ་མཆོག་འགྱུར་བ་མེད་པའི་དཀྱིལ་འཁོར་ནས། །འཇམ་དཔལ་སྐུ་ཡི་ལྷ་ཚོགས༴ །གསུང་མཆོག་འགག་པ་མེད་པའི་དཀྱིལ་འཁོར་ནས། །པདྨ་གསུང་གི་ལྷ་ཚོགས༴ །ཐུགས་མཆོག་འཁྲུལ་པ་མེད་པའི་དཀྱིལ་འཁོར་ནས། །ཡང་དག་ཐུགས་ཀྱི་ལྷ་ཚོགས༴ །ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །བདུད་རྩི་སྨན་གྱི་ལྷ་ཚོགས༴ །ཕྲིན་ལས་དྲག་པོ་སྒྲོལ་བའི་དཀྱིལ་འཁོར་ནས། །སྒྲོལ་བྱེད་ཕུར་པའི་ལྷ་ཚོགས༴ །ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་དཀྱིལ་འཁོར་ནས། །མ་མོ་རྦོད་གཏོང་ལྷ༴ །ཐུགས་རྗེ་གདུང་འཚོབ་སྐུ་ཡི་དཀྱིལ་འཁོར་ནས། །རིག་འཛིན་སློབ་དཔོན༴ །དམ་རྫས་རྫ་ལྟར་སྤུངས་པའི་དཀྱིལ་འཁོར་ནས། །འཇིག་རྟེན་མཆོད་བསྟོད༴ །དྲག་སྔགས་རོལ་པའི་དུར་ཁྲོད་ཆེན་པོ་ནས། །དམོད་པ་དྲག་སྔགས༴ །དཔལ་གྱི་སྤྱན་སྔར་རང་རྟགས་སྲོག་སྙིང་ཕུལ་། །དཔལ་གྱི་བཀའ་སྡོད༴ ཧཱུྃ་ཧྲཱིཿ མི་འགྱུར་(2བ)བདེ་བ་ཆེན་པོའི་ཕོ་བྲང་ནས། །འཆི་མེད་ཚེ་ཡི༴ །ཐུགས་རྗེ་རྒྱུན་ཆད་མེད་པའི་ཕོ་བྲང་ནས། །འཇིག་རྟེན་དབང་ཕྱུག༴ །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རྒྱལ་དབང་པདྨ་འོད་འབར༴ །མི་སྲུན་དྲེགས་པ་ཚར་གཅོད་དཀྱིལ་འཁོར་ནས། །རྡོ་རྗེ་དྲག་རྩལ་ལྷ་ཚོགས༴ །བདེ་གཤེགས་སྟོབས་འདུས་མ་རུང་འགོང་པའི་གཤེད། །རྡོ་རྗེ་གྲོ་ལོད་ལྷ་ཚོགས༴ །རྩ་གསུམ་དཀྱིལ་འཁོར་ཡོངས་ཀྱི་གཙོ་བོ་མཆོག །བླ་མ་དགོངས་འདུས་ལྷ༴ །དབང་ཆེན་རྟ་མཆོག་རོལ་པའི་དཀྱིལ་འཁོར་ནས། །ཡི་དམ་དགོངས་འདུས༴ །ཟླ་གམ་དམར་པོ་དབང་གི་ཕོ་བྲང་ནས། །མཁའ་འགྲོ་དགོངས་འདུས༴ །གནམ་ལྕགས་མེ་རླུང་འཚུབས་མའི་དཀྱིལ་འཁོར་ནས། །ཆོས་སྐྱོང་དགོངས་འདུས་འཁོར་བཅས༴ །དཔལ་མཆོག་དང་པོ་ཆོས་དབྱིངས་དཀྱིལ་འཁོར་ནས། །དུས་ཀྱི་འཁོར་ལོའི་ལྷ༴ །རྣམ་དག་བདེ་བ་ཆེན་པོའི་ཕོ་བྲང་ནས། །བདེ་དགྱེས་མ་ཧཱ་མ་ཡཱའི༴ །ཟབ་གསལ་སྒྱུ་འཕྲུལ་ཆེན་པོའི་ད་ལ་ནས། །མི་བསྐྱོད་གསང་འདུས་ལྷ༴ དུར་ཁྲོད་རྩུབ་འགྱུར་ཚལ་གྱི་ཕོ་བྲང་ནས། །རྡོ་རྗེ་ཕག་མོའི་ལྷ༴ །ཨོ་རྒྱན་མཁའ་སྤྱོད་དག་པའི་གྲོང་ཁྱེར་ནས། །གསང་བ་ཡེ་ཤེས་ལྷ༴ །(3ན)གསང་ཆེན་རོལ་པའི་ཞིང་ཁམས་ཆེན་པོ་ནས། །བདུད་འདུལ་སེང་གདོང་ལྷ༴ །བདེ་ཆེན་འབར་བ་དབང་གི་ད་ལ་ནས། །ཀུ་རུ་ཀུལླེའི་ལྷ་ཚོགས༴ །གསང་བའི་གཉེར་འཛིན་དངོས་གྲུབ་གཏེར་འབྱིན་མཛོད། །མཐིང་འོད་འབར་མའི་ལྷ༴ །སྒྲུབ་པ་པོ་ལ་མ་ཡིས་བུ་ལྟར་བརྩེ། །གནས་གསུམ་མཁའ་འགྲོའི་ལྷ༴ །སྐུ་བཞིའི་འབྲས་བུ་མྱུར་དུ་སྟེར་མཛད་པ། །གསང་སྔགས་རྒྱུད་སྡེ་བཞི་ཡི༴ །རྒྱལ་བའི་སྒྱུ་འཕྲུལ་འགྲོ་ལ་གང་འདུལ་སྟོན། །ཐེག་པ་རིམ་དགུའི་ལྷ་ཚོགས༴ ཧཱུྃ་བྷྱོ། རྒྱུད་ལུང་མན་ངག་བསྲུང་བའི་མངའ་བདག་ཆེ། །རྒྱུད་མགོན་ལེགས་ལྡན་འཁོར་བཅས༴ །འོག་མིན་དུར་ཁྲོད་མེ་རི་འབར་བ་ནས། །དཔལ་མགོན་མ་ནིང་འཁོར་བཅས༴ །བཟློག་པས་མི་བཟློག་སྔགས་ཟློག་མཁན་གྱི་གཤེད། །དཔལ་མགོན་སྡེ་ལྔ་འཁོར་བཅས༴ །དུར་ཁྲོད་རོ་མྱག་ཚལ་གྱི་ཕོ་བྲང་ནས། །དཔལ་མགོན་ཕྱག་བཞི་འཁོར༴ །དུར་ཁྲོད་ཚང་ཚིང་འཁྲིགས་པའི་ཕོ་བྲང་ནས། །དཔལ་མགོན་ཕྱག་དྲུག་འཁོར༴ །རྒྱལ་བའི་བསྟན་སྲུང་ཕྲིན་ལས་ཡོངས་ཀྱི་བདག །གུར་མགོན་བེར་ནག་འཁོར༴ །ཡེ་ཤེས་མགོན་པོ་ཀུན་གྱི་ཕྲིན་ལས་(3བ) བདག །དུར་ཁྲོད་མགོན་པོ་འཁོར༴ །ཨ་ཏི་ཡང་གསང་བསྟན་སྲུང་མཐུ་མོ་ཆེ། །ཡུམ་ཆེན་ཨེ་ཀ་ཛ་ཊཱིའི༴ །འདོད་པའི་ཁམས་ལ་དབང་སྒྱུར་མངའ་བདག་མོ། །རང་བྱུང་རྒྱལ་མོ་འཁོར༴ །རྫོགས་ཆེན་ཀློང་སྡེའི་སྲུང་མ་ཛོ་ཀིའི་གྲོགས། །འབར་མ་མེ་གདོང་འཁོར༴ །རྫོགས་ཆེན་སྙིང་ཐིག་བཀའ་ཡི་གཉེར་འཛིན་མ། །ཤན་པ་སྲོག་སྒྲུབ་ནག་མོའི༴ །བཀྲ་ཤིས་སྙིང་ཉེ་མཐུ་རྩལ་ཆེས་ཆེ་བ། །ཞིང་སྐྱོང་གཟི་ལྡན་འཁོར༴ །སྲིད་གསུམ་དབང་སྒྱུར་ལེགས་ལྡན་ལྷ་ཡི་ལྷ། །ལྷ་ཆེན་དབང་ཕྱུག༴ །གུ་རུའི་བརྒྱུད་འཛིན་སྐྱོང་མཛད་མཐུ་སྟོབས་བདག ། གནོད་སྦྱིན་ཤན་པ་དམར་ནག༴ །ལྷ་སྲིན་སྡེ་བརྒྱད་སྡེ་དཔོན་དྲག་ཤུལ་ཅན། །གཟའ་བདུད་རཱ་ཧུ་ལ་ཡི༴ །སྙིང་ཐིག་གཏེར་སྲུང་བོད་ཀྱི་གཞི་བདག་མཆོག །དམ་ཅན་རྡོ་རྗེ་ལེགས་པའི༴ །དུར་ཁྲོད་ཀུན་ཉུལ་གསང་བའི་མ་མོ་ཆེ། །དཀོར་སྲུང་ངན་ནེ་མ་ཡི༴ །གུ་རུའི་དགོངས་འདུས་རྗེས་འབྲང་རྣམ་འབྱོར་སྐྱོང་། །ཤ་ཟ་ཁ་མོ་ཆེ་ཡི༴ །བཻ། བྱང་ཕྱོགས་རིན་ཆེན་གཏེར་གྱི་གཞལ་ཡས་ནས། །རྒྱལ་ཆེན་རྣམ་སྲས་འཁོར་བཅས༴ །དངོས་གྲུབ་རྣམ་གཉིས་ཆར་ལྟར་འབེབས་མཛད་པ། །ནོར་བདག་འཛམ་ལྷ༴ །(4ན)སྒྲུབ་པོའི་བཀའ་སྡོད་ལོངས་སྤྱོད་དབྱིག་གི་བདག །ཨ་པ་ར་ཛི་ཏ་འཁོར༴ །བཀྲ་ཤིས་ལོངས་སྤྱོད་གཏེར་གྱི་བདག་མོ་ཆེ། །ཚེ་རིང་མཆེད་ལྔ༴ །བོད་ཡུལ་ཞིང་སྐྱོང་རྫོགས་ཆེན་བསྟན་སྲུང་ཆེ། །རྡོ་རྗེ་གཡུ་སྒྲོན་མ་ཡི༴ །གཙུག་ལག་ཆོས་འཁོར་སྐྱོང་ཞིང་དཀོར་ནོར་སྲུང་། །རྒྱལ་པོ་པེ་ཧར་འཁོར༴ །ཕྲིན་ལས་མྱུར་མགྱོགས་ཟབ་གསང་གཏེར་གྱི་བདག ། བཙན་རྒོད་འབར་བ་སྤུན་བདུན༴ །བཀའ་ཡི་ཕོ་ཉ་དྲག་རྩལ་སྟོབས་ཀྱི་བདག །མཐུ་ཆེན་ཕུར་སྲུང་ལྕམ་དྲལ༴ །འཇིག་རྟེན་ཁམས་འདིར་མཐུ་དང་ལྡན་པའི་བདག །དྲེགས་པའི་སྡེ་དཔོན་སུམ་ཅུའི༴ །པདྨའི་བཀའ་སྡོད་མཐུ་སྟོབས་རྫུ་འཕྲུལ་ཅན། །དགེ་བསྙེན་ཉི་ཤུ་རྩ་གཅིག༴ །གཏོར་ལེན་རྣལ་འབྱོར་སྐྱོང་བར་ཞལ་བཞེས་པའི། །བོད་སྐྱོང་བསྟན་མ་བཅུ་གཉིས༴ །ཧཱུྃ་བྷྱོ། སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི། །གཙང་རིགས་མགོན་པོ་འཁོར་བཅས༴ རྒྱལ་བས་དྲེགས་པའི་གཙོ་བོར་དབང་བསྐུར་བ། །འཇིག་རྟེན་སྡེ་དཔོན་རྣམས་ཀྱི༴ །རང་སྔགས་དམོད་པས་དམ་ཉམས་ཕྱེ་མར་བརླག །དམོད་པའི་མཐུ་ལྡན་རྣམས་ཀྱི༴ །གསང་སྔགས་རྒྱུད་སྡེ་རྒྱ་མཚོའི་(4བ)བྱ་ར་མཛད། །སྔགས་བདག་སྔགས་སྲུང་རྣམས་ཀྱི༴ །ཨོ་རྒྱན་ཆེན་པོས་བཀའ་ཡི་གཉེར་དུ་བསྐོས། །གཏེར་བདག་གཏེར་སྲུང་རྣམས་ཀྱི༴ །པདྨའི་སྦས་ཡུལ་རྣལ་འབྱོར་གཉེར་གཏད་པའི། །གནས་བདག་གནས་སྲུང་རྣམས་ཀྱི༴ །གཞི་བྱེས་སྒྲུབ་གནས་བར་ཆད་ཀུན་སེལ་བའི། །གཞི་བདག་གཞི་སྲུང་༴ གོང་མས་བསྟེན་ཅིང་སྒྲུབ་པའི་གྲོགས་མཛད་པ། །རིགས་ཆོས་བརྒྱུད་སྲུང་གཉན་པོའི༴ །མཆོད་ཡུལ་གོང་མ་རྣམས་ཀྱི༴ །སྦྱིན་ཡུལ་འོག་མ༴ །རིགས་དྲུག་ཕ་མ༴ །ལག་ཆགས་མགྲོན་གྱུར༴ །བསྐང་ངོ་བསྐལ་བའི་བར༴ །བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱི་བསྐང་། །སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱི་སྦྱོར། །སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱི་སྒྲོལ། །ཡེ་སྦྱོར་ཡེ་གྲོལ་ཆེན་པོས་ཐུགས་དམ་བསྐང་། །ཧཱུྃ་ཧྲཱིཿ ཐུགས་དམ་གཉན་པོ་སྐོང་བའི་དམ་རྫས་ནི། །རྨད་བྱུང་བརྗིད་ལྡན་གཏོར་མས་ཐུགས༴ །འཆི་མེད་བདུད་རྩི་སྨན་གྱིས༴ །ཨརྒྷ་རཀྟ་དམར་གྱིས༴ །འབྲུ་བཅུད་ཛ་གད་ཆང་གིས༴ །དྲི་མེད་ཞུན་མར་མདངས་ཀྱིས༴ །རྣལ་འབྱོར་ལོངས་སྤྱོད་ཚོགས་ཀྱིས༴ །མཚན་ལྡན་དམ་རྫས་བཅུད་ཀྱིས༴ །བཀྲག་གསལ་དཀྱིལ་འཁོར་(5ན)ཞལ་གྱིས༴ །ཛཔྲ་དང་གར་སྟབས་དབྱངས་ཀྱིས༴ །ལྟ་སྒོམ་ཏིང་འཛིན་རྟོགས་པས༴ །བསྐང་ངོ་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །བསྐང་ངོ་རྩ་གསུམ་གསང་བའི་ལྷ་ཚོགས་རྣམས། །དངོས་པོ་ཆོས་ཉིད་ཀློང་དུ་ཐུགས་དམ་བསྐང་། །སྣང་བ་ཤེས་རབ་ཀློང་དུ་ཐུགས་དམ་བསྐང་། །གཟུང་འཛིན་རང་གྲོལ་ཀློང་དུ་ཐུགས་དམ་བསྐང་། །དུག་ལྔ་བདེ་ཆེན་ཀློང་དུ་ཐུགས་དམ་བསྐང་། །གཉིས་མེད་དོན་རྟོགས་སྤང་བླང་མེད་པ་ཡི། །སྣང་སྲིད་གཞིར་བཞེངས་ཆེན་པོས་ཐུགས་དམ་བསྐང་། །ཐམས་ཅད་ཐུགས་དམ་ཆེན་པོ་དེས་བསྐངས་ལ། །གཡར་དམ་སོར་ཆུད་དངོས་གྲུབ་སྩལ་དུ་གསོལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། །(ཞེས་ཨོ་རྒྱན་རྡོ་རྗེ་གླིང་པའི་གཏེར་བྱོན་རྩ་གསུམ་སྤྱིའི་སྐོང་བ་འདི་ལ་གོང་མ་རིམ་བྱོན་གྱི་ཞལ་སྐོང་ལུགས་སྲོལ་མང་ཙམ་མཐོང་བ་ལས། འདིར་སྐབས་སུ་བབས་པའི་ཚིག་ཕྲེང་ཅི་རིགས་དང་བཅས་རྩ་གསུམ་ལས་བྱང་གང་ལའང་སྦྱར་ཆོག་པའི་དབང་དུ་བྱས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ངག་འཁྲིགས་སུ་བསྡེབས་པ་དགེ། ། །)