TTDL-ZABTER-01-KA-010

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-01-KA-010

༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རིག་འཛིན་བླ་མའི་དབང་ཆོག་ ཡེ་ཤེས་དྲྭ་བ་བཞུགས་སོ༔ ༠༠༠༠༠བརྡ་ཡིག༔ ན་མོ་གུ་རུ་བཱིདྱ་དྷཱ་ར་ཡེ༔ ༠༠༠༠༠བརྡ་ཡིག་༡༤༢༔ རིག་འཛིན་བླ་མ་སྒྲུབ་པ་ཡི༔ སྐལ་བཟང་སྐྱེས་བུ་གང་ཡང་རུང་༔ དང་པོ་དབང་གིས་སྨིན་བྱས་ཏེ༔ བར་དུ་བསྐྱེད་རིམ་གནད་ལ་བསླབ༔ ཐ་མ་སྒྲུབ་པ་ཉམས་ལེན་པའི༔ གནད་དང་ལྡན་པ་གང་སུ་རུང་༔ ལོ་གསུམ་ཟླ་གསུམ་ཞག་གསུམ་གྱིས༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་འཐོབ༔ མི་བསླུ་ངེས་པའི་གཏན་ཚིག་ཡིན༔ ལྟ་དགོངས་ལྡན་པའི་སློབ་དཔོན་གྱིས༔ དད་དང་ལྡན་པའི་བུ་སློབ་ལ༔ འཇུག་ཆོག་དབང་གི་སྒོ་བསྟན་ནས༔ དབང་ཆས་ལེགས་བསགས་སྒྲུབ་ལ་འཇུག༔ བསྙེན་སྒྲུབ་ལས་སྦྱོར་གནད་དུ་བསྣུན༔ སྒྲུབ་པ་ཐོན་ནས་སློབ་མ་རྣམས༔ གྲལ་འཁོད་ཁྲུས་བྱས་བགེགས་བསྐྲད་ཅིང་༔ མཎྜལ་ཕུལ་ནས་སྐྱབས་སེམས་འབོག༔ དེ་ནས་གསོལ་བ་གདབ་པ་ནི༔ ཀྱཻ༔ བླ་མ་སངས་རྒྱས་འདུས་པའི་དཔལ༔ ཁྱོད་ལ་སྐྱབས་མཆི་སྡིག་པ་བཤགས༔ བདག་ཅག་རྣལ་འབྱོར་མཆེད་ལྕམ་ཀུན༔ ཡང་གསང་བླ་མའི་དཀྱིལ་འཁོར་དུ༔ རྡོ་རྗེའི་དབང་གིས་སྨིན་པར་མཛོད༔ ལན་གསུམ་དེ་ནས་བླ་མས༔ ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ གསང་སྔགས་དབང་གི་སྒོར་ཞུགས་ནས༔ དམ་ཚིག་ཚུལ་བཞིན་བསྲུང་ནུས་སམ༔ བསྲུང་ན་ཚེ་འདིར་སངས་རྒྱས་ཐོབ༔ ཉམས་ན་མགོ་འགས་དམྱལ་བར་ལྟུང་༔ སྲུང་སྡོམ་ཡིད་ཀྱི་དམ་བཅའ་ཟུངས༔ དེ་ནས་སློབ་མས༔ དེང་ནས་བཟུང་སྟེ་དུས་རྟག་པར༔ རྩ་བ་སྐུ་གསུང་ཐུགས་མཆོག་གི༔ དམ་ཚིག་ལ་ནི་གནས་བགྱིད་ཅིང་༔ སྒོ་གསུམ་རྡོ་རྗེའི་གྲོང་འཇུག་བྱ༔ ས་མ་ཡ་ན་ར་ཀན༔ ཅེས་མནའ་ཆུ་ལྕེ་ལ་བཞག༔ ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ༔ ཞེས་མིག་དར་བཅིང་༔ ཨོཾ་ཨ་ཁཾ་ཝི་ར་ཧཱུྃ༔ ཞེས་མེ་ཏོག་ཐོགས༔ དེ་ནས་སློབ་མ་ལྷར་གསལ་བ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཆོས་ཅན་གྱི་སྣང་བ་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་ཆོས་ཉིད་དེ་བཞིན་ཉིད་ཀྱི་རོལ་པར་འབྱམས་ཀླས་པར་གྱུར༔ སྟོང་ཉིད་སྤྲོས་མཐའ་དང་བྲལ་བའི་ངང་ལས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཞེས་སོགས་ལྷར་བསྐྱེད༔ སྤྱན་འདྲེན་གྱིས་ཡེ་ཤེས་པ་དབབ་པ་ནན་དུ་བྱ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ དེ་ནས་མེ་ཏོག་དབུལ་བ་ནི༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་ནུས་མཐུ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ རྟེན་འབྲེལ་རྫས་ཀྱི་མེ་ཏོག་འདི༔ སྔོན་ནས་ལས་ཀྱིས་འབྲེལ་བ་ཡི༔ རིགས་ཀྱི་ལྷ་ལ་དབབ་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ དེ་ནས་མིག་དར་བསལ་བ་ནི༔ ཧཱུྃ༔ མ་རིག་ལས་ཉོན་གཟུང་འཛིན་གྱི༔ བག་ཆགས་དྲི་མའི་ལིང་ཐོག་ཀུན༔ ཡེ་ཤེས་གསེར་གྱི་ཐུར་མས་དབྱེ༔ རང་སྣང་ཡེ་ཤེས་མངོན་གྱུར་ཤོག༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ རང་སྣང་ལྷུན་གྲུབ་བཀོད་པ་རབ་འབྱམས་ཀྱི་དཀྱིལ་འཁོར་ཡིད་ལ་བྱེད་དུ་གཞུག་སྟེ༔ མཎྜལ་ཕུལ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ ལྷུན་གྲུབ་བུམ་པའི་གཞལ་ཡས་སུ༔ རིག་འཛིན་བླ་མའི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བུམ་པའི་དབང་ཐོབ་ལུས་སྒྲིབ་དག༔ རྡོ་རྗེའི་སྐུ་རུ་སྨིན་གྲོལ་ཏེ༔ སྤྲུལ་པའི་སྐུ་རུ་སངས་རྒྱས་ཤོག༔ རྩ་སྔགས་དང་༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གཙོ་བོའི་སྐུ་གཏད་ལ༔ ངོ་བོ་ཀ་དག་ཆོས་སྐུ་འོད་དཔག་མེད༔ རང་བཞིན་ལྷུན་གྲུབ་ལོངས་སྐུའི་ཚོམ་བུར་ཤར༔ ཐུགས་རྗེས་འགྲོ་འདུལ་ཨོ་རྒྱན་སྤྲུལ་པའི་སྐུས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ སྐུ་གསུམ་ལྷུན་གྲུབ་དབྱིངས་སུ་སྨིན་གྲོལ་ཤོག༔ རྩ་སྔགས་དང་༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རིག་འཛིན་བརྒྱད་ཀྱི་སྐུ་གཏད་ལ༔ ཧཱུྃ༔ ཡེ་ནས་འཁྲུལ་མི་ཤེས་པའི་སངས་རྒྱས་ཏེ༔ གདུལ་དཀའ་ཐབས་ཀྱིས་འདུལ་བའི་སྐུར་སྟོན་ཅིང་༔ དུར་ཁྲོད་བརྒྱད་དུ་བརྟུལ་ཞུགས་སྤྱོད་པ་མཛད༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་མངའ་དབང་སྒྱུར༔ མཆོག་གི་རིག་འཛིན་བརྒྱད་ཀྱི་དབང་བསྐུར་རོ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དཔལ༔ མི་ཟད་རྒྱན་གྱི་འཁོར་ལོའི་དབང་ཐོབ་ཤོག༔ སརྦ་མ་ཧཱ་གུ་རུ་བཱིདྱ་དྷཱ་ར་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྗེ་འབངས་ཉེར་ལྔའི་སྐུ་གཏད་ལ༔ ཧཱུྃ༔ ཁྱབ་བདག་སྤྱི་དཔལ་པདྨ་འབྱུང་གནས་ཀྱི༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་རྩལ་དུ་ཤར༔ གདུལ་བྱ་འདུལ་མཛད་རྗེ་འབངས་ཉི་ཤུ་ལྔས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ འཁོར་བ་དོང་སྤྲུགས་ནུས་པའི་དབང་ཐོབ་ཤོག༔ སརྦ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཨཱོཾ༔ དེ་ནས་རྒྱལ་ཆེན་སྡེ་བཞིའི་སྐུ་གཏད་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་མངའ་བདག་དཔལ༔ རང་སྣང་དབང་སྡུད་གཞན་སྣང་ཟིལ་གྱིས་གནོན༔ རྣམ་བཞིའི་ཕྲིན་ལས་དབང་མཛད་རྒྱལ་ཆེན་བཞི༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་སྲིད་ཐོབ་ཤོག༔ བཻ་རཱ་ཛ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་བྷནྡྷ་བདུད་རྩི་ཐོགས་ལ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཀ་པཱ་ལར༔ ཡེ་ཤེས་བདུད་རྩིའི་བཅུད་ཀྱིས་གཏམས༔ རྒྱལ་ཀུན་གསུང་གསང་འདུས་པའི་བཅུད༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྡོ་རྗེ་གསུང་གི་དབང་ཐོབ་ཤོག༔ སརྦ་མ་ཧཱ་གུ་རུ་བཱིདྱ་དྷཱ་ར་ཝཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་རྡོ་རྗེ་གཏད་ལ༔ ཧཱུྃ༔ ཡེ་ཤེས་རྡོ་རྗེ་སྒྲིབ་གཉིས་བཅོམ༔ རྒྱལ་ཀུན་ཐུགས་ཀྱི་གསང་བ་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ སརྦ་མ་ཧཱ་གུ་རུ་བཱིདྱ་དྷཱ་ར་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཤེལ་རྡོ་གཏད་ལ༔ ཧཱུྃ༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི༔ རང་མདངས་འོད་དང་ཐིག་ལེའི་མཛོད༔ ལྷུན་གྲུབ་འཇའ་ཤེལ་འདི་གཏད་པས༔ ཀ་དག་ཚིག་དབང་ཐོབ་པར་ཤོག༔ སརྦ་མ་ཧཱ་གུ་རུ་བཱིདྱ་དྷཱ་ར་སརྦ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་གཏད་ལ༔ ཧཱུྃ༔ ཆོས་དབྱིངས་རྣམ་དག་གཏོར་གཞོང་དུ༔ ལྷུན་གྲུབ་རོལ་པའི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ རིགས་དང་དཀྱིལ་འཁོར་ཐམས་ཅད་ཀུན༔ བསྒྲུབ་ལ་དབང་སྒྱུར་དབང་ཐོབ་ཤོག༔ གུཧྱ་མཎྜ་ལ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མཐའ་བརྟེན་བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་སྣ་བདུན་རྣམས་གཏད༔ གཏང་རག་ཚོགས་ཀྱི་འཁོར་ལོ་བསྐོར༔ བསྐྱེད་རྫོགས་གདིང་ལྡན་སློབ་དཔོན་གྱིས༔ དད་དམ་ལྡན་པའི་སློབ་བུ་ལ༔ དབང་འདི་བསྐུར་ནས་སྒྲུབ་བརྩོན་ན༔ ཕྱི་ནང་བར་ཆད་གེགས་གྲོལ་ཞིང་༔ ཉམས་དང་རྟོགས་པའི་ཡོན་ཏན་འཕེལ༔ ཆོས་ཉིད་ཀློང་མཛོད་སྒོ་འབྱེད་ཅིང་༔ ཚེ་འདིར་གྲོལ་བ་མངོན་ཐོབ་འགྱུར༔ བཀའ་སྲུང་དྲེགས་པ་སྡེ་དགུས་སྲུངས༔ བསྟན་འཛིན་སྐྱེས་བུའི་འདོད་དོན་སྒྲུབ༔ བསྟན་དགྲའི་སྲོག་ལ་ཧུར་ཐུམ་རྦད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུཧྱ༔ ཨྠིྀ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེའི་གནས་ནས་གདན་དྲངས་ཏེ་མི་ལོ་སུམ་ཅུ་སོ་གསུམ་དུ་བཀའ་རྒྱས་བཏབ་ཅིང་མཐར་རྟེན་འབྲེལ་དུས་ལ་བབས་པ་ན།སློབ་བུ་རིག་འཛིན་བཟང་པོས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པའང་དེ་ཉིད་དེ་འབྲེལ་ཚད་རྣམ་པར་གྲོལ་བའི་རྒྱུར་གྱུར་ཅིག།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།