TTDL-ZABTER-01-KA-039

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-01-KA-039

༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་བདུད་འཇོམས་རྡོ་རྗེའི་སྒྲུབ་སྐོར་གྱི༔ གསོལ་འདེབས་དབང་བྱིན་ཆར་འབེབས་བཞུགས་སོ༔ ༠༠༠༠༠བརྡ་ཡིག༣༦༡༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ གསོལ་འདེབས་དབང་བྱིན་ཆར་འབེབས་ནི༔ མོས་གུས་གདུང་ཤུགས་དྲག་པོ་ཡིས༔ རྩེ་གཅིག་བཏུད་དེ་ཁྱེད་ཤེས་བློས༔ རྡོ་རྗེ་གསུམ་གྱི་ངང་འཕོ་ཕྱིར༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུའི་སྟོན་པ་ཀུན་བཟང་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་དགོངས་པར་འུབ་ཆུབ་རོལ༔ ལོངས་སྐུའི་སྟོན་པ་རྡོར་སེམས་རིགས་ལྔ་ལ༔ གསོལ་བ་འདེབས་སོ་དགོངས་པར་འུབ་ཆུབ་རོལ༔ སྤྲུལ་སྐུའི་སྟོན་པ་ཕྱག་ན་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་དགོངས་པར་འུབ་ཆུབ་རོལ༔ གཞོན་ནུ་བུམ་སྐུ་དགའ་རབ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་དགོངས་པར་འུབ་ཆུབ་རོལ༔ འཕོ་ཆེན་རིག་འཛིན་ཤྲཱི་སེང་ཧ་ལ༔ གསོལ་བ་འདེབས་སོ་དགོངས་པར་འུབ་ཆུབ་རོལ༔ ཚེ་དབང་རིག་འཛིན་པདྨ་འབྱུང་གནས་ལ༔ གསོལ་བ་འདེབས་སོ་དགོངས་པར་འུབ་ཆུབ་རོལ༔ དོན་གཉིས་མཐར་ཕྱིན་རྩ་བའི་བླ་མ་ལ༔ གསོལ་བ་འདེབས་སོ་སྒོ་གསུམ་རྡོ་རྗེར་རློབས༔ ལྷག་པའི་ལྷ་མཆོག་རྡོ་རྗེ་ཁྲོ་ལོད་ལ༔ གསོལ་བ་འདེབས་སོ་སྒོ་གསུམ་རྡོ་རྗེར་རློབས༔ སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས་ལ༔ གསོལ་བ་འདེབས་སོ་སྒོ་གསུམ་རྡོ་རྗེར་རློབས༔ ཡེ་ཤེས་མཁའ་འགྲོ་ཕག་མོ་སྡེ་ལྔ་ལ༔ གསོལ་བ་འདེབས་སོ་སྒོ་གསུམ་རྡོ་རྗེར་རློབས༔ དཔའ་བོ་ཆེན་པོ་གིང་ཆེན་སྡེ་བཞི་ལ༔ གསོལ་བ་འདེབས་སོ་སྒོ་གསུམ་རྡོ་རྗེར་རློབས༔ ཁམས་གསུམ་དབང་བསྒྱུར་སྒྲོལ་གིང་རྣམ་བཞི་ལ༔ གསོལ་བ་འདེབས་སོ་བདུད་དང་དམ་སྲི་སྒྲོལ༔ སྣང་སྲིད་ཟིལ་གནོན་རྒྱལ་ཆེན་སྡེ་བཞི་ལ༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔ བདུད་མགོན་ཆེན་པོ་སེང་གདོང་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བསྟན་དགྲ་ཚར་ཆོད་ཅིག༔ གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་ལ༔ གསོལ་བ་འདེབས་སོ་ཕྲིན་ལས་ལྷུན་གྲུབ་མཛོད༔ རྩ་གསུམ་སྲུང་མའི་དཀྱིལ་འཁོར་ལྷ་ཚོགས་ཀྱིས༔ བདག་རྒྱུད་སྨིན་གྲོལ་བྱིན་གྱིས་བརླབ་ཏུ་གསོལ༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པ་རུ༔ བྱིན་གྱིས་རློབས་ལ་སྨིན་ཅིང་གྲོལ་བ་དང་༔ འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས༔ ས་མ་ཡ༔ གེགས་དང་གོལ་ས་བར་ཆད་བདུད༔ མ་ལུས་རྡོ་རྗེའི་ཚིག་གིས་འཇོམས༔ བཀའ་སྲུང་དྲང་སྲོང་ཆེན་པོས་སྲུངས༔ དགྲ་བགེགས་འབྱུང་བོ་ཚར་ཆོད་ཅིག༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་སྤྲང་མ་ནུས་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།