TTDL-ZABTER-01-KA-043

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-01-KA-043

༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་དྲག་པོའི་སྨན་རཀ་གཏོར་མཆོད་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་ཀུན་བཟང་ལོངས་སྐུ་རིགས་ལྔ་དང་༔ སྤྲུལ་སྐུ་དགའ་རབ་ཤྲཱི་སེང་པདྨ་འབྱུང་༔ སྨན་དང་གཏོར་མ་རཀྟའི་མཉེས་མཆོད་འབུལ༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ མ་གཅིག་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས༔ སྤྲུལ་པའི་རྗེ་འབངས་གྲོགས་དང་བཅས་པ་ལ༔ སྨན་དང་གཏོར་མ་རཀྟའི་མཉེས་མཆོད་འབུལ༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང་༔ རྡོ་རྗེ་སྤུན་སྲིང་མཆེད་དང་ལྕམ་དྲལ་ལ༔ སྨན་དང་གཏོར་མ་རཀྟའི་མཉེས་མཆོད་འབུལ༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཆེ་མཆོག་ཡོངས་འདུས་རྡོ་རྗེ་གྲོ་ལོད་དང་༔ རིགས་ཀྱི་བདག་པོ་པདྨ་ཐོད་ཕྲེང་ལ༔ སྨན་དང་གཏོར་མ་རཀྟའི་མཉེས་མཆོད་འབུལ༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ མཁའ་འགྲོ་སྡེ་ལྔ་གིང་ཆེན་སྡེ་བཞི་དང་༔ བཀའ་སྡོད་རྣམ་བཞི་རྒྱལ་ཆེན་སྡེ་བཞི་ལ༔ སྨན་དང་གཏོར་མ་རཀྟའི་མཉེས་མཆོད་འབུལ༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ གཞན་ཡང་སྒྲུབ་སྡེའི་དཀྱིལ་འཁོར་འདིར་འཁོད་པའི༔ རྩ་གསུམ་སྲུང་མ་དམ་ཅན་རྒྱ་མཚོ་ལ༔ སྨན་དང་གཏོར་མ་རཀྟའི་མཉེས་མཆོད་འབུལ༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡེ་ཤེས་མཁའ་འགྲོའི་བརྡ་རིས་ལས་བསྒྱུར་བའོ།།དགེའོ།།།།