TTDL-ZABTER-02-KHA-022

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-02-KHA-022

༠༠༠༠བརྡ་ཡིག༢༩༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཇམ་དཔལ་གཤིན་རྗེའི་གཤེད་པོའི་དྲག་བསྐུལ་རྡོ་རྗེའི་གད་མོ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ འཇམ་དཔལ་གཤིན་རྗེའི་གཤེད་པོ་ཡི༔ དྲག་བསྐུལ་རྡོ་རྗེའི་གད་མོ་ལ༔ དམར་གཏོར་ཤ་ཁྲག་སྐྱེམས་བཅས་བཤམས༔ འགུགས་བཞུགས་ལན་གསུམ་བརྗོད་པའི་མཐར༔ ཤ་ཁྲག་རུས་པའི་ཕུང་པོར་དམིགས༔ དེ་ནས་ཐུགས་དམ་དྲག་བསྐུལ་ནི༔ ༠༠༠བརྡ་ཡིག༢༩༡རང་ཉིད་དྲག་པོའི་ང་རྒྱལ་གྱིས༔ ཧཱུྃ་ཧཱུྃ་་ཧཱུྃ༔ གཞི་དབྱིངས་འུབ་ཆུབ་རོལ་པ་བུམ་སྐུའི་ཀློང་༔ བདེ་སྟོང་འདུ་འབྲལ་མེད་པའི་གཞལ་ཡས་ནས༔ སེར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ༔ དུས་གསུམ་རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་དཔལ༔ གཉིས་འཛིན་བདུད་དང་རཱུ་དྲའི་གཤེད་དུ་ཤར༔ ཆེ་བའི་ཆེ་མཆོག་འབར་ཁྲོ་རྔམས་པའི་སྐུ༔ འཇམ་དཔལ་ཡ་མཱནྟ་ཀ་གཤིན་རྗེའི་གཤེད༔ མི་གཡོ་ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ཕྱིར༔ བརྒྱུད་འཛིན་མོས་གུས་གདུང་ཤུགས་དྲག་པོ་ཡིས༔ ཐུགས་དམ་གནད་ནས་བསྐུལ་ལོ་དགོངས་པ་བསྐྱོད༔ སྤྲུལ་པ་ཡང་སྤྲུལ་འགྱེད་པའི་དུས་ལ་བབ༔ མ་རུངས་བདག་ལྟའི་རཱུ་དྲའི་གཤེད་དུ་བཞེངས༔ བསྟན་པའི་དགྲ་བོ་འདུལ་བའི་དུས་ལ་བབ༔ ཧཱུྃ་༔ རབ་འཇིགས་དྲག་པོའི་སྐུ་ཡི་དཀྱིལ་འཁོར་ནས༔ རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཐུགས་དམ་བསྐུལ༔ དགྲ་བགེགས་ཤ་ཁྲག་དམར་གྱི་གཏོར་མ་རོལ༔ བསྟན་པའི་རཱུ་དྲ་བཀུག་བསྒྲལ་ཕྲིན་ལས་མཛོད༔ ཧཱུྃ་༔ གསང་གསུམ་སྒྱུ་འཕྲུལ་འཁོར་ལོའི་དཀྱིལ་འཁོར་ནས༔ དུག་ལྔ་འཇོམས་མཛད་ཁྲག་འཐུང་ཆེན་པོ་ལྔ༔ ཡེ་ཤེས་ལྔ་ཡི་དབྱིངས་ནས་སྐུར་བཞེངས་ཤིག༔ ཐུགས་དམ་གནད་ནས་བསྐུལ་ལོ་ཕྲིན་ལས་མཛོད༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བརྣག་པའི་དགྲ་བགེགས་བཀུག་བསྒྲལ་ཕྲིན་ལས་མཛོད༔ ཧཱུྃ་༔ ཤར་ཕྱོགས་དྲག་པོ་ཐུགས་ཀྱི་དཀྱིལ་འཁོར་ནས༔ དཔལ་ཆེན་རྡོ་རྗེ་བདུད་འདུལ་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བརྣག་པའི་དགྲ་བགེགས་བཀུག་བསྒྲལ་ལས་ལ་བསྐུལ༔ ཧཱུྃ་༔ ལྷོ་ཕྱོགས་དྲག་པོ་ཡོན་ཏན་དཀྱིལ་འཁོར་ནས༔ ཁྲོ་རྒྱལ་ཡཀྴ་མེ་དབལ་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བརྣག་པའི་དགྲ་བགེགས་བཀུག་བསྒྲལ་ཕྲིན་ལས་མཛོད༔ ཧཱུྃ་༔ ནུབ་ཕྱོགས་དྲག་པོ་གསུང་གི་དཀྱིལ་འཁོར་ནས༔ ཁྲོ་ཆེན་ཀླུ་བདུད་རྡོ་རྗེ་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བརྣག་པའི་དགྲ་བགེགས་བཀུག་བསྒྲལ་ཕྲིན་ལས་མཛོད༔ ཧཱུྃ་༔ བྱང་ཕྱོགས་དྲག་པོ་ཕྲིན་ལས་དཀྱིལ་འཁོར་ནས༔ བཅོམ་ལྡན་ཚེ་བདག་ནག་པོ་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བརྣག་པའི་དགྲ་བགེགས་བཀུག་བསྒྲལ་ཕྲིན་ལས་མཛོད༔ ཛཿཤར་ཕྱོགས་ཞི་བ་ལྷུན་གྲུབ་སྙིང་རྗེའི་སྒོ༔ ཚད་མེད་སྒོ་མ་དཀར་མོ་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བརྣག་པའི་དགྲ་བགེགས་བཀུག་བསྒྲལ་ཕྲིན་ལས་མཛོད༔ ཧཱུྃ་༔ ལྷོ་ཕྱོགས་རྒྱས་པ་ལྷུན་གྲུབ་བྱམས་པའི་སྒོ༔ ཚད་མེད་སྒོ་མ་སེར་མོ་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བརྣག་པའི་དགྲ་བགེགས་བཀུག་བསྒྲལ་ཕྲིན་ལས་མཛོད༔ བཾ༔ ནུབ་ཕྱོགས་དབང་སྡུད་ལྷུན་གྲུབ་དགའ་བའི་སྒོ༔ ཚད་མེད་སྒོ་མ་དམར་མོ་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བརྣག་པའི་དགྲ་བགེགས་བཀུག་བསྒྲལ་ཕྲིན་ལས་མཛོད༔ ཧོཿབྱང་ཕྱོགས་མངོན་སྤྱོད་ལྷུན་གྲུབ་བཏང་སྙོམས་སྒོ༔ ཚད་མེད་སྒོ་མ་ལྗང་ནག་སྐུར་བཞེངས་ཤིག༔ བརྣག་པའི་དགྲ་བགེགས་བཀུག་བསྒྲལ་ལས་ལ་བསྐུལ༔ ཨོཾ་ཨཱཿཧཱུྃ༔ གསང་གསུམ་སྒྱུ་འཕྲུལ་འཁོར་ལོའི་གཞལ་ཡས་ནས༔ ཀཽ་སེང་ཕྲ་མེན་དབང་ཕྱུག་སྤྲུལ་པའི་ཚོགས༔ ལས་མཁན་གཤིན་རྗེ་བཀའ་སྡོད་འཁོར་དང་བཅས༔ བཀའ་དང་ཐ་ཚིག་གཉན་པོའི་ཐུགས་དམ་བསྐུལ༔ ཆོས་དབྱིངས་སྤྲོས་བྲལ་ངང་ལས་གཟུགས་སྐུར་བཞེངས༔ ཉོན་མོངས་དབྱིངས་སྒྲོལ་རྡོ་རྗེའི་མཚོན་ཐོགས་ཤིང་༔ ཟ་བྱེད་རྔམས་ཁྲོ་འབར་བའི་དཔུང་བསྐྱེད་ལ༔ འདིར་གཤེགས་ཤ་ཁྲག་དམར་གྱི་གཏོར་མ་རོལ༔ བརྣག་པའི་དགྲ་དང་གནོད་པའི་བགེགས་ཚོགས་ཀུན༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཐོགས་མེད་ཀྱིས༔ མ་ལུས་དབང་དུ་བསྡུས་ལ་བཙོན་དུ་ཟུངས༔ ལས་ཀྱི་ལིང་ག་འདི་ལ་ཕོབ༔ རྡོ་རྗེའི་ཐུན་དང་མཚོན་ཆར་ཕོབ༔ མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག༔ བཀའ་དང་དམ་ཚིག་གཉན་པོ་ཡིས༔ བསྐུལ་ལོ་རྦད་དོ་ལས་མཛོད་ཅིག༔ མ་གཡེལ་བཛྲ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་མ་ལུས་ཡོངས་གྲུབ་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྲག་པོ་སྒྲུབ་པའི་སྐལ་ལྡན་བུ༔ མི་སྲུན་འདུལ་པའི་ལས་བྱེད་ན༔ དྲག་བསྐུལ་ཟབ་མོ་འདིས་གྲུབ་བྱེད༔ བསྙེན་སྒྲུབ་ལས་སྦྱོར་སྔོན་སོང་གནད༔ བཀའ་སྲུང་དྲང་སྲོང་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་རེམས༔ དམ་ལྡན་སྐྱེས་བུའི་འདོད་དོན་སྒྲུབ༔ ས་མ་ཡ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཞེས་པ་འདི་ཡང་སྤྲང་མ་ནུས་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་རྒ་ཡི་བནྡེ་ཀུན་དགའི་མིང་ཅན་ནོ།།དགེའོ།།དགེའོ།།དགེའོ།།།།