TTDL-ZABTER-02-KHA-024

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-02-KHA-024

༠༠༠༠བརྡ་ཡིག༣༠༨འགུགས་འདྲེན་རྡོ་རྗེའི་ལྕགས་ཀྱུ་བཞུགས་སོ༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ ན་མོ༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ ཁྱད་པར་དུ་འཇམ་དཔལ་ཡ་མཱནྟ་ཀ་འཁོར་རིགས་བཞི་ཁྲག་འཐུང་སྒོ་སྐྱོང་དང་བཅས་པའི་བཀའ་བདེན་པ་དང་༔ ཆོས་ཉིད་རྣམ་པར་དག་ཅིང་རྒྱུ་འབྲས་བསླུ་བ་མེད་པའི་བདེན་སྟོབས་ཀྱིས་སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲ༔ དཔལ་ལྡན་བླ་མའི་སྐུ་དགྲ༔ རྣལ་འབྱོར་པ་བདག་གི་སྒོས་དགྲ༔ ལམ་བྱང་ཆུབ་བསྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་གཟུགས་ཅན་གཟུགས་མེད་དགྲ་གདོན་བགེགས་ཚོགས་གང་གནོད་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་གཟུགས་ལིང་ག་འདི་ལ་ཁུག་ཅིག༔ བསྟིམ་ཅིག༔ ཛཿཧཱུྃ་བཾ་ཧོཿཞེས་བརྒྱ་རྩ་བརྒྱད་ལས་མི་ཉུང་བར་ཞེ་སྡང་དྲག་པོའི་སྒོ་ནས་བརྗོད་ཚེ་དགྲ་བགེགས་ཐམས་ཅད་བྱ་སྤུ་རླུང་གིས་བསྐྱོད་པ་ལྟར་བཀུག་ནས་མཚོ་ཆེན་པོ་ལ་ཁ་ཆར་བབ་པ་ལྟར་ལིང་ག་ལ་ཐིམ་ནས་གཉིས་སུ་མེད་པར་བསམ་པ་ནི་གནད་དོ༔ དུས་ནི་དགུ་གནམ་སྟོང་གུང་གཉིས་ལ་འབད་པས་ངེས་པར་བརྣག་པའི་དོན་དེ་འགྲུབ་པར་འགྱུར་རོ༔ ཞེས་པ་འདི་ཡང་རྒ་ཡི་བནྡེ་ཀུན་བཟང་རབ་ཀྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་སྦྱར་བའོ།།དགེའོ།།དགེའོ།།དགེའོ།།།།