TTDL-ZABTER-03-GA-038

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-03-GA-038

ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་པའི་ཆ་ལག༔ ལས་བཞིའི་སྲེག་བླུགས་ཕྲིན་ལས་ལྷུན་གྲུབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༧༧རྡོ་རྗེ་སེམས་དཔའ་སྒྲུབ་པ་ཡི༔ བསྐྱེད་རྫོགས་གདིང་ལྡན་སྐྱེས་བུ་ཡིས༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཕྱིར༔ ལས་བཞིའི་སྲེག་བླུགས་འདིར་བརྩོན་མཛོད༔ དང་པོ་ས་ཡི་ཆོ་ག་སོགས༔ སྤྱི་དང་མཐུན་པ་ཉིད་དུ་སྤྱད༔ དེ་ནས་ལས་བཞི་གང་ཡིན་གྱི༔ དབྱིབས་དང་ཁ་དོག་དང་བསྟུན་པའི༔ མེ་དཀྱིལ་བྱ་ཞིང་གཞལ་ཡས་ཁང་༔ སྒོ་གྲུ་མཚན་ཉིད་སྤྱི་དང་མཐུན༔ དབུས་སུ་པདྨ་འདབ་བརྒྱད་ཀྱི༔ ལྟེ་བར་རཾ་ཡིག་བྲི་བར་བྱ༔ ཐོད་བཅིང་པང་ཁེབས་མེ་དར་སོགས༔ ལས་བཞིའི་རང་མདོག་དག་ལ་བྱ༔ བསྲེག་རྫས་བཅུ་གསུམ་ཚོམ་བུ་བཀོད༔ དབུས་སུ་མེ་ལྷའི་གཏོར་མ་ལ༔ ཉེར་སྤྱོད་འདོད་ཡོན་སྨན་རཀ་གཏོར༔ བྱང་སེམས་དཀར་དམར་བཅས་པས་བསྐོར༔ བསང་ཆུའི་བུམ་པར་མགུལ་ཆིངས་ནི༔ དཀར་སེར་དམར་ལྗང་ལས་མདོག་བཅིང༔ བགེགས་ལ་གཏོར་མ་སྦྱིན་ཅིང་བསྐྲད༔ དེ་ནས་ཞི་བའི་མཚམས་གཅོད་ལ༔ ཧཱུྃ༔ ཤར་ཕྱོགས་རྡོ་རྗེའི་དཀྱིལ་འཁོར་ནས༔ མེ་ལོང་ཡེ་ཤེས་འབར་བའི་མེས༔ ཞེ་སྡང་དགྲ་བགེགས་ཛྭ་ལ་རཾ༔ རྡོ་རྗེ་འབར་བས་མཚམས་ཆོད་ཅིག༔ བཛྲ་ཛྭ་ལ་རཾ་རཀྵ་རཀྵ་ཧཱུྃ༔ དེ་ནས་རྒྱས་པའི་མཚམས་གཅོད་ལ༔ ཧཱུྃ༔ ལྷོ་ཕྱོགས་རྒྱས་པའི་དཀྱིལ་འཁོར་ནས༔ མཉམ་ཉིད་ཡེ་ཤེས་འབར་བའི་མེས༔ ང་རྒྱལ་དགྲ་བགེགས་ཛྭ་ལ་རཾ༔ རིན་ཆེན་འབར་བས་མཚམས་ཆོད་ཅིག༔ སྭཱ་རཏྣ་ཛྭ་ལ་རཾ་རཀྵ་རཀྵ༔ དེ་ནས་དབང་གི་མཚམས་གཅོད་ལ༔ ཧཱུྃ༔ ནུབ་ཕྱོགས་དབང་གི་དཀྱིལ་འཁོར་ནས༔ སོར་རྟོག་ཡེ་ཤེས་འབར་བའི་མེས༔ འདོད་ཆགས་དགྲ་བགེགས་ཛྭ་ལ་རཾ༔ རལ་གྲི་འབར་བས་མཚམས་ཆོད་ཅིག༔ ཨཱཿཔདྨ་ཛྭ་ལ་རཾ་རཀྵ་རཀྵ༔ དེ་ནས་དྲག་པོའི་མཚམས་གཅོད་ལ༔ ཧཱུྃ༔ བྱང་ཕྱོགས་དྲག་པོའི་དཀྱིལ་འཁོར་ནས༔ བྱ་གྲུབ་ཡེ་ཤེས་འབར་བའི་མེས༔ ཕྲག་དོག་དགྲ་བགེགས་ཐམས་ཅད་བསྲེགས༔ རྒྱ་གྲམ་འབར་བས་མཚམས་ཆོད་ཅིག༔ ཧཱ་ཀརྨ་ཛྭ་ལ་རཾ་རཀྵ་རཀྵ༔ དེ་ནས་མེ་ལྷ་བསྐྱེད་པ་ལ༔ ཧཱུྃ༔ ཁྱབ་བརྡལ་ནམ་མཁའ་ཡངས་པའི་ཨེ་ཀློང་དུ༔ ཡེ་ཤེས་མེ་རི་འབར་བའི་གཞལ་ཡས་སུ༔ རཾ་ལས་མེ་ལྷའི་རྒྱལ་པོ་སྐུ་མདོག་དཀར༔ ཕྱག་གཡས་མེ་ཐབ་གཡོན་པས་བགྲང་ཕྲེང་བསྣམས༔ གཟི་བརྗིད་རབ་འབར་ལོངས་སྐུའི་ཆས་རྣམས་རྫོགས༔ ར་སྐྱེས་ཁམ་པའི་སྟེང་ན་ཕྱེད་སྐྱིལ་བཞུགས༔ སྐུ་ནི་ཀུན་ཁྱབ་ནམ་མཁའི་མཐའ་དང་མཉམ༔ ཡེ་ཤེས་མེ་དཔུང་འབར་པའི་ཀློང་དུ་བསྐྱེད༔ སྤྱི་བོར་ཨོཾ་དཀར་མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ལས་ནི་འོད་འཕྲོས་པས༔ ཡེ་ཤེས་མེ་ལྷ་སྤྱན་དྲངས་གཉིས་མེད་བསྟིམ༔ དེ་ནས་མདའ་དར་གྱིས་གཡབ་ཅིང་སྤྱན་དྲངས་པ་ནི༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་སྤྱོན་ཚུར་གཤེགས་འབྱུང་བ་ཆེ༔ ནམ་མཁའ་རྣམ་པར་དག་པའི་དབྱིངས༔ ཐབས་མཆོག་བདེ་ཆེན་རོལ་པའི་རྩལ༔ ཨགྣེ་རཱ་ཛ་ཆོས་ཀྱི་སྤྱན༔ ཆོས་ཉིད་དབྱིངས་ལས་སྐུར་བཞེངས་ལ༔ འབར་བའི་གནས་འདིར་གཤེགས་སུ་གསོལ༔ གཤེགས་བྱོན་བཞུགས་པར་མི་མངའ་ཡང་༔ འགྲོ་བའི་ཚོགས་གཉིས་རྫོགས་པའི་ཕྱིར༔ ལྷུན་གྲུབ་བཀོད་པའི་སྤྱི་ཆིངས་སུ༔ མཁའ་དབྱིངས་ལྷུན་འབྱམས་ཆེན་པོར་བཞུགས༔ ཨོཾ་ཨགྣེ་བཛྲ་ས་མ་ཡ་ཛ་ཛཿསྟྭཾ་ཏིཥྛ་བཛྲ༔ དེ་ནས་བདུད་རྩི་འབུལ་བ་ནི༔ ཧཱུྃ༔ ཡེ་ཤེས་ལྔ་ཡི་བྱིན་རླབས་ལས༔ དུག་ལྔ་སེལ་བའི་བདུད་རྩི་སྐྱེམས༔ བདེ་སྟོང་ཡེ་ཤེས་བཅུད་དུ་འཁྱིལ༔ ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ༔ ཨོཾ་ཨགྣེ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི༔ ཉེར་གཅིག་འབུལ༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ ཆོས་ཉིད་བདེ་བ་ཆེན་པོའི་རྩལ༔ མ་འགགས་ཐབས་ཀྱི་སྐུར་སྣང་བ༔ ཨགྣེ་རཱ་ཛ་ཆོས་ཀྱི་སྤྱན༔ མཉམ་ཉིད་དབྱིངས་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿཔྲ་ཏཱིཙྪ་ཧོཿདེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཨགྣེ་རཱ་ཛ་འཁོར་བཅས་ལ༔ མེ་ཏོག་བདུག་སྤོས་མར་མེ་དང་༔ ཞལ་ཟས་རོལ་མོ་ལ་སོགས་པའི༔ ཉེར་སྤྱོད་བདུན་གྱི་མཆོད་པ་འབུལ༔ ཨོཾ་ཨགྣེ་ཨརྒྷཾ་སོགས་ཤཔྡ་པྲ་ཏཱིཙྪ་པཱུ་ཛ་ཧོ༔ ཧཱུྃ༔ མེ་ལྷའི་རྒྱལ་པོ་ཆེན་པོ་ལ༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་༔ རོ་མངར་རེག་བྱ་འཇམ་ལ་སོགས༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ ཨོཾ་ཨགྣེ་རཱུ་པ་སོགས་ནས༔ སྤཪྴེ་པྲ་ཏཱིཙྪ་པཱུ་ཛ་ཧོ༔ དེ་ནས་སྨན་རཀ་གཏོར་མ་འབུལ་བ་ནི༔ ཧཱུྃ༔ དྲང་སྲོང་མེ་ལྷའི་རྒྱལ་པོ་ལ༔ སྨན་གཏོར་རཀྟའི་མཆོད་པ་འབུལ༔ ཕྲིན་ལས་རབ་འབྱམས་ལྷུན་གྲུབ་མཛོད༔ ཨོཾ་ཨགྣེ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་བསྟོད་པ་ལ༔ ཧཱུྃ༔ བརྡལ་ཁྱབ་ཆོས་དབྱིངས་ཡེ་ཤེས་རྩལ༔ འཁོར་འདས་འུབ་ཆུབ་རོལ་པའི་དཔལ༔ ལྷུན་གྲུབ་བཀོད་པ་འཕྲུལ་གྱི་བདག༔ ཇི་ལྟ་ཇི་སྙེད་ཡེ་ཤེས་འབར༔ སྲིད་པ་ལས་འཕགས་ར་ལ་བཅིབས༔ ཨགྣེ་རཱ་ཛ་ཁྱོད་ལ་བསྟོད༔ དེ་ནས་བསྲེག་རྫས་འབུལ་བ་ལ༔ ཧཱུྃ༔ དྲང་སྲོང་མེ་ལྷའི་མཆོག་ཁྱོད་ལ༔ བདག་གི་ཚོགས་གཉིས་རྫོགས་པ་དང་༔ ཕྲིན་ལས་རབ་འབྱམས་ལྷུན་གྲུབ་ཕྱིར༔ བྱིན་རླབས་རྫས་མཆོག་བཅུ་གསུམ་འབུལ༔ ལྷུན་གྲུབ་བདེ་ཆེན་སྒོ་ཕྱེས་ལ༔ དག་པ་རབ་འབྱམས་འཕྲུལ་དུ་གསོལ༔ དང་པོ་ཡམ་ཤིང་ལ༔ ཨོཾ་ཨགྣེ་བོ་དྷི་བྷྲིཀྵ་སྭཱ་ཧཱ༔ ལས་ཀྱི་ཤམ་བུ་སྦྱར༔ གཉིས་པ་མར་ཁུ་འབུལ་བ་ལ༔ མཚན་སྔགས༔ ཨ་མྲྀ་ཏ་ཁཱ་ཧི༔ གསུམ་པ་ཏིལ་ལ་མཚན་སྔགས༔ སརྦ་པཱ་པཾ་ད་ཧ་ན་ཡེ་སྭཱ་ཧཱ༔ བཞི་པ་ཡུངས་དཀར་ལ་མཚན་སྔགས༔ བཛྲ་སིདྡྷ་ཡེ་སྭཱ་ཧཱ༔ ལྔ་པ་འབྲས་ལ་མཚན་སྔགས༔ ཨོཾ་པུཥྚ་ཡེ་སྭཱ་ཧཱ༔ དྲུག་པ་ཟས་མཆོག་ལ་མཚན་སྔགས༔ ཨོཾ་སརྦ་སམྦ་དེ་ཡེ་སྭཱ་ཧཱབདུན་པ་ནས་ལ་མཚན་སྔགས༔ མ་ཧཱ་བེ་གཱ་ཡེ་སྭཱ་ཧཱ༔ བརྒྱད་པ་གྲོ་ལ་མཚན་སྔགས༔ བཛྲ་གྷསྨ་རི་ཡེ་སྭཱ་ཧཱ༔ དགུ་པ་སོ་བ་ལ་མཚན་སྔགས༔ བཛྲ་བི་ཛ་ཡེ་སྭཱ་ཧཱ༔ བཅུ་པ་སྲན་མ་ལ་མཚན་སྔགས༔ མ་ཧཱ་བཱ་ལ་ཡེ་སྭཱ་ཧཱ༔ བཅུ་གཅིག་པ་ཀུ་ཤ་ལ་མཚན་སྔགས༔ ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ༔ བཅུ་གཉིས་པ་དཱུརྦ་ལ་མཚན་སྔགས༔ བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ བཅུ་གསུམ་པ་ཤིང་ཏོག་ལ་མཚན་སྔགས༔ ཨོཾ་ག་གྷ་ནི་ག་གྷ་ནི་བཻ་ལོ་ཀི་ཏེ་སྭཱ་ཧཱ༔ ཀུན་གྱི་མཐའ་ལ་ཤམ་བུ་བཏགས༔ དེ་ནས་མཆོད་ཅིང་བསྟོད་པའི་མཐར༔ བདུད་རྩི་སྐྱེམས་མཆོད་འབུལ་བ་ལ༔ ཧཱུྃ་ཧྲཱིཿརྩི་བཅུད་འབྲུ་བཅུད་དྲིལ་བ་ཡི༔ བྱང་ཆུབ་སེམས་ཀྱི་བདུད་རྩི་སྐྱེམས༔ མེ་ལྷ་དྲང་སྲོང་ཁྱོད་ལ་འབུལ༔ བཞེས་ནས་འཁོར་འདས་དག་མཉམ་གྱི༔ རོལ་པ་ཆེན་པོར་མངོན་གྱུར་མཛོད༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ པྲཛྙཱ་ཛྙཱ་ན་སིདྡྷི་སིདྡྷི་ཧཱུྃ༔ ཉེར་གཅིག་ཕུལ༔ དེ་ནས་བཤགས་པ་བྱ་བ་ལ༔ ཧོཿཡེ་ཤེས་མེ་ལྷ་དགོངས་སུ་གསོལ༔ བདག་གིས་མ་རིག་མ་ཚོར་དང༔ མ་ཤེས་འབྱོར་པ་ཆུང་སོགས་ཀྱིས༔ བསྐྱེད་རྫོགས་བཟླས་བརྗོད་ཡོ་བྱད་བཅས༔ ཚུལ་བཞིན་མི་ལྡན་མ་འབྱོར་ཀུན༔ འགྱོད་པས་བཤགས་སོ་ཚངས་པར་སྩོལ༔ ཡི་གེ་བརྒྱ་པ་བརྗོད༔ དེ་ནས་གཤེགས་སུ་གསོལ་བ་ནི༔ ཨཱཿཡེ་ཤེས་མེ་ལྷ་དབྱིངས་སུ་གཤེགས༔ དམ་ཚིག་མེ་ལྷ་མེ་རུ་དེངས༔ འཁོར་འདས་ཐམས་ཅད་ཡུམ་གྱི་མཁར༔ མ་བཅོས་རང་གྲོལ་རྫོགས་སངས་རྒྱས༔ བཛྲ་མུཿབསྐྱེད་དང་རྫོགས་པའི་གནད་ལྡན་པས༔ འདིར་བརྩོན་ཕྲིན་ལས་རྣམ་བཞི་འགྲུབ༔ མཐར་ཐུག་གཏན་བདེའི་འབྲས་བུ་ཡོད༔ ཐབས་ཀྱི་ལམ་མཆོག་ལྷུར་ལེན་པ༔ བསྐྱེད་རིམ་དམིགས་པ་གནད་དུ་ཆེ༔ ཤེས་པར་གྱིས་ཤིག་ཕྱི་རབས་རྣམས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཀྵེ་ཏྲ་པཱ་ལ་རཀྵ༔ ཞེས་པ་འདི་ཡང་རང་སློབ་པདྨ་རྣམ་རྒྱལ་གྱིས་བསྐུལ་ངོར༔ བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་མཁའ་འགྲོའི་བརྡ་ལས་བསྒྱུར་བའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།།།