TTDL-ZABTER-05-CA-045

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-05-CA-045

༠༠༠༠༠བརྡ་ཡིག༤༣༥ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མ་མོ་སྨུག་ནག་འོད་འཕྲོའི་ནང་སྒྲུབ་དགོས་འདོད་ཀུན་འབྱུང་ལས༔ གསོལ་མཆོད་སྤྲིན་ཕུང་བཞུགས༔

༠༠༠༠༠བརྡ་ཡིག༤༣༥ན་མོ་གུ་རུ་བཛྲ་ཀུ་མཱ་རེ༔ ༠༠༠༠༠བརྡ་ཡིག༤༣༥བདག་འདྲ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལྔ་བརྒྱའི་སྙིགས་མའི་དུས༔ བསྒྲུབ་འདོད་བརྩོན་འགྲུས་ཆུང་བ་ཡི༔ ངལ་ཞིང་གཡེང་དུབ་ཅན་གྱི་དོན༔ མ་མོ་མཁའ་འགྲོའི་གསོལ་བསྡུས་བསྟན༔ འདི་ཡི་ལག་ལེན་རིམ་པ་ནི༔ གསེར་སྐྱེམས་གཏོར་མ་ཟས་ཚོགས་བཤམས༔ ས་མ་ཡ༔ ༠༠༠༠༠བརྡ་ཡིག༤༣༥རང་ཉིད་དཔལ་ཆེན་ཁྲོ་རྒྱལ་གསལ༔ ཧོཿའཁོར་འདས་རབ་འབྱམས་རྒྱ་མཚོ་ན༔ བཞུགས་པའི་མ་མོ་མཁའ་འགྲོའི་ཚོགས༔ སྨུག་ནག་རང་བྱུང་གིང་ཕོ་མོ༔ ཕུར་སྲུང་རྒྱ་མཚོ་འཁོར་དང་བཅས༔ ཛཿཧཱུྃ་་བཾ་ཧོ༔ གཤེགས་སུ་གསོལ༔ པདྨའི་རྣལ་འབྱོར་བདག་ཉིད་ཀྱིས༔ དུར་ཁྲོད་གསང་ཆེན་དཀྱིལ་འཁོར་འདིར༔ ཕྱི་ནང་གསང་བའི་མཆོད་རྫས་རྣམས༔ དངོས་འབྱོར་ཡིད་སྤྲུལ་སྔགས་ཀྱིས་སྤེལ༔ མ་མོ་མཁའ་འགྲོ་ཐམས་ཅད་ལ༔ དད་པའི་ཡིད་ཀྱིས་འབུལ་བར་བགྱི༔ ཨེ་ཀ་ཙ་ཏི་གསོལ་ཞིང་མཆོད༔ ཙ་ཏི་མཆེད་བཞི་གསོལ་ཞིང་མཆོད༔ རང་བྱུང་རྒྱལ་མོ་གསོལ་ཞིང་མཆོད༔ རེ་ཏཱི་མཆེད་བཞི་གསོལ་ཞིང་མཆོད༔ ཕྱི་ཡི་མ་མོ་གསོལ་ཞིང་མཆོད༔ ནང་གི་མ་མོ་གསོལ༴གསང་བའི་མ་མོ་གསོལ༴ཡང་གསང་མ་མོ་གསོལ༴ཡེ་ཤེས་མ་མོ་གསོལ༴འཇིག་རྟེན་མ་མོ༴མཁའ་འགྲོ་ཤ་ཟ་ཤུགས་འགྲོ་དང་༔ དམ་ཚིག་ལེགས་ཉེས་སྟངས་འཛིན་པའི༔ མ་མོ་མཁའ་འགྲོ་ཐམས་ཅད་དང་༔ ཕུར་སྲུང་དམ་ཅན་རྒྱ་མཚོ་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ས་མ་ཡ༔ ལྔ་བརྒྱ་སྙིགས་མའི་དུས་ཀྱི་ཚེ༔ བསྟན་སྲུང་ཀུན་ལས་ཁྱད་པར་འཕགས༔ མ་མོ་མཁའ་འགྲོ་བསྒྲུབ་པ་ན༔ ཕྱི་ནང་བར་ཆད་ཀུན་ཞི་ནས༔ བདེ་སྟོང་རྒྱ་མཚོའི་བཅུད་ལ་སྤྱོད༔ དོན་གཉིས་ལྷུན་གྲུབ་མཐུ་ཡི་དངོས་གྲུབ་ཐོབ༔ རྟག་ཏུ་མ་ཡེངས་མ་མོ་སྒྲུབ་ལ་བརྩོན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་ལས་ཅན་བུ་དང་འཕྲད་པར་ཤོག༔ ཅེས་བཱིདྱ་བི་ན་བཛྲ་གྱི་ཡང་སྲིད་རིག་འཛིན་བདུད་འཇོམས་རྡོ་རྗེས་གླང་ཆེན་གཙུག་འདྲའི་རི་ནས་གསང་གཏེར་བཏོན་པའོ།།ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།