TTDL-ZABTER-06-CHA-007

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-06-CHA-007

དབུ་ཁྲིད་བརྡ་ཡིག༔ ༩༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་གསང་བ་འདུས་པའི་ཚོགས་མཆོད་འདོད་རྒུའི་དཔལ་སྟེར་བཞུགས༔ དབུ་ཁྲིད་བརྡ་ཡིག༔ ༩༢ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ བདེ་གཤེགས་གསང་ཆེན་དཀྱིལ་འཁོར་དུ༔ འཇུག་ཅིང་བསྒྲུབ་པ་ལྷུར་ལེན་པས༔ རྣལ་འབྱོར་ཉམས་ཆག་བསྐང་བ་དང་༔ ཚོགས་རྫོགས་དངོས་གྲུབ་མྱུར་ཐོབ་ཕྱིར༔ ཚོགས་ཀྱི་འཁོར་ལོའི་ཆོ་ག་ལ༔ ཤ་ཆང་ཟས་སྣ་སྤོད་ཀྱི་རིགས༔ བཤམས་ཏེ་བྱིན་གྱིས་བརླབས་པ་ལ༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་གི་ཡི་གེ་འཕྲོས༔ རཾ་ལས་མེ་བྱུང་དངོས་འཛིན་བསྲེག༔ ཡཾ་ལས་རླུང་བྱུང་བག་ཆགས་གཏོར༔ ཁཾ་ལས་ཆུ་བྱུང་དྲི་མ་སྦྱངས༔ སྟོང་ཆེན་དབྱིངས་ཀྱི་ཀ་པཱ་ལ༔ རྡོ་རྗེ་སྙིང་པོ་འབྲུ་གསུམ་ཞུ༔ སྐུ་གསུང་ཐུགས་ཀྱི་བྱིན་བརླབས་པས༔ མྱོང་གྲོལ་ཡེ་ཤེས་བདུད་རྩི་ལས༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ དེ་ནས་སྤྱན་འདྲེན་ལ༔ ཧཱུྃ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ རིག་འཛིན་སློབ་དཔོན་དཀྱིལ་འཁོར་ལྷ་ཚོགས་ལ༔ བདེ་གཤེགས་སྤྱི་དཔལ་ཆེན་པོ་འཁོར་དང་བཅས༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ རང་བྱུང་ལྷུན་གྲུབ་བདེ་ཆེན་དཀྱིལ་འཁོར་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་གཤེགས་སུ་གསོལ༔ བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ པདྨ་གསུང་གི་ལྷ་ཚོགས་གཤེགས་སུ་གསོལ༔ ཐུགས་མཆོག་འགྱུར་བ་མེད་པའི་དཀྱིལ་འཁོར་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་གཤེགས་སུ་གསོལ༔ ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ རྦོད་གཏོང་མ་མོའི་ལྷ་ཚོགས་གཤེགས་སུ་གསོལ༔ ཕྲིན་ལས་མངོན་སྤྱོད་རོལ་པའི་དཀྱིལ་འཁོར་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་གཤེགས་སུ་གསོལ༔ སྣང་སྲིད་དག་སྦྱོར་རོལ་པའི་དཀྱིལ་འཁོར་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་གཤེགས་སུ་གསོལ༔ དྲེགས་ཚོགས་དབང་དུ་སྡུད་པའི་དཀྱིལ་འཁོར་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་གཤེགས་སུ་གསོལ༔ ཞིང་བཅུའི་དགྲ་བགེགས་འདུལ་བའི་དཀྱིལ་འཁོར་ནས༔ དཔལ་གྱི་བཀའ་སྡོད་ལྷ་ཚོགས་གཤེགས་སུ་གསོལ༔ གཞན་ཡང་གནས་ཡུལ་དུར་ཁྲོད་དབང་མཛད་པའི༔ དཔའ་བོ་མཁའ་འགྲོ་རྒྱ་མཚོ་གཤེགས་སུ་གསོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་ཚོགས་ཕུད་འབུལ་བ་ལ༔ ཧཱུྃ༔ བདེ་གཤེགས་སྤྱི་དཔལ་ཆེན་པོ་ལ་སོགས་པའི༔ སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཚོགས་འཁོར་བཅས་ལ༔ བདེ་སྟོང་ཟག་པ་མེད་པའི་བདུད་རྩི་དང་༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དམ་པ་འབུལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ས་པ་རི་ཝཱ་ར་པཉྩ་ཨ་མྲྀ་ཏ་མ་ཧཱ་གྷ་ཎ་ཙཀྲ་པཱུ་ཙ་ཁ་རཾ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ལ༔ ཧོཿབདེ་གཤེགས་ཡོངས་རྫོགས་དགོངས་སུ་གསོལ༔ རྒྱལ་བའི་བཀའ་དང་བླ་མའི་ལུང་༔ ཚུལ་བཞིན་མ་སྤྱད་དམ་ཉམས་ཀུན༔ ཞལ་ཟས་ཚོགས་ཀྱིས་བསྐང་ཞིང་བཤགས༔ གྷ་ཎ་ཙཀྲ་སཏྭ་ས་མ་ཡ་སོགས་ཨཱཿདེ་ནས་བསྒྲལ་ལས་བྱ་བ་ལ༔ ཧཱུྃ་ཛཿཆོས་ཀྱི་དབྱིངས་ལས་རང་བྱུང་སྤྲུལ་པའི་ལྷ༔ མངོན་སྤྱོད་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ ཆེ་མཆོག་དཔལ་དགུའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ ཞིང་བཅུ་ཉམས་པ་བདུན་ལྡན་དགྲ་དང་བགེགས༔ མ་ལུས་མི་འགྱང་མྱུར་དུ་ཁུག་ལ་ཤོག༔ ཉོན་མོངས་བརྒྱད་ཁྲིའི་འཁྲུལ་འཁོར་དབྱིངས་སུ་ཤིག༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་དྲོངས༔ ལས་དང་རྣམ་སྨིན་དབང་དུ་མ་བཏང་བར༔ འཁྲུལ་མི་ཤེས་པའི་དབྱིངས་སུ་ཀློང་རྒྱས་ཐོབ༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་སོགས་ནས་རཱུ་ཏྲ་ཧ་ལ་པཉྩ་མཱ་ར་ཡ་རྡུལ་ཕྲན་རྡུལ་ཕྲན་ཕྱེ་མ་ཕྱེ་མ་ཏ་ཐ་ཡ་ཏ་ཐ་ཡ་ཐུམ་རི་ལི་ལི་ཧུར་ཐུམ་རྦད་སོད༔ དེ་ནས་ཞལ་དུ་བསྟབ་པ་ལ༔ ཧཱུྃ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ དཔལ་དགུའི་རྔམས་པའི་ཞལ་ཕྱེས་ཤིག༔ ཞིང་བཅུ་བསྒྲལ་བའི་ཤ་ཁྲག་རུས༔ ཞལ་དུ་བསྟབ་བོ་ལྷག་མེད་རོལ༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ཀིཾ་ནི་རི་ཏི་བ་སུ་ཏ་ལ་ཁཱ་ཧི༔ དེ་ནས་ལྷག་མ་འབུལ་བ་ནི༔ ཧཱུྃ་བྷྱོ༔ དཔལ་གྱི་བཀའ་སྡོད་དྲེགས་པ་ཅན༔ དཀྱིལ་འཁོར་མཐའ་སྐྱོང་དངོས་གྲུབ་བསྲུང་༔ བར་ཆད་སེལ་ཞིང་ཕྲིན་ལས་བསྒྲུབ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་སོགས༔ ལྷག་ལ་དབང་བའི་ཚོགས་རྣམས་ཀྱིས༔ འདོད་དོན་ལྷག་མའི་ལོངས་སྤྱོད་རོལ༔ ཇི་ལྟར་ཁས་བླང་དམ་བཅས་བཞིན༔ རབ་འབྱམས་ཕྲིན་ལས་ཡོངས་འགྲུབ་མཛོད༔ ས་མ་ཡ༔ མ་བྷྱོ་ཛ་ཧྲཱིཾ་སརྦ་དྷརྨ་པཱ་ལ་ཀྵེ་ཏྲ་པཱ་ལ་ལོ་ཀ་པཱ་ལ་ཨུཙྪིཥྚ་བ་ལིངྟ་ཁཱ་ཧི༔ དེ་ནས་ཆད་ཐོ་བཏང་བ་ལ༔ ཧཱུྃ་བྷྱོ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ རི་བོ་གནམ་ལྕགས་འབར་བའི་རྩེར༔ བཅོམ་ལྡན་རྡོ་རྗེ་འཆང་དབང་གིས༔ གསང་སྔགས་ཆོས་འཁོར་བསྐོར་བའི་ཚེ༔ བྲན་དང་འབངས་སུ་ཁས་བླངས་པའི༔ དྲེགས་པ་ཅན་གྱི་འཁོར་ཚོགས་རྣམས༔ འདིར་གཤེགས་བཀའ་ཡི་གཏོར་མ་ལོངས༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ རབ་འབྱམས་ཕྲིན་ལས་ཡོངས་འགྲུབ་མཛོད༔ དེ་འོག་བར་གྱི་བསྐལ་པ་ལ༔ སློབ་དཔོན་པདྨ་ཐོད་ཕྲེང་གིས༔ གསང་སྔགས་ཆོས་འཁོར་བསྐོར་བའི་ཚེ༔ བཀའ་བསྒོ་དབང་བསྐུར་གཉེར་གཏད་པའི༔ བཀའ་སྲུང་དྲེགས་པའི་སྡེ་ཚོགས་རྣམས༔ འདིར་གཤེགས་བཀའ་ཡི་གཏོར་མ་ལོངས༔ ཇི་ལྟར་ཁས་བླང་དམ་བཅས་བཞིན༔ རབ་འབྱམས་ཕྲིན་ལས་ཡོངས་འགྲུབ་མཛོད༔ དེ་འོག་བསྐལ་པའི་དུས་ཚིག་ཏུ༔ རིག་འཛིན་བརྒྱུད་པའི་བླ་མ་ཡིིས༔ སྒྲུབ་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བཀའ་དམ་ལ་གནས་སྲུང་མའི་ཚོགས༔ འདིར་གཤེགས་དམར་གྱི་གཏོར་མ་ལོངས༔ ཕྲིན་ལས་བསྒྲུབ་ལ་བར་ཆད་སོལ༔ བསམ་པའི་དོན་ཀུན་ཡོངས་འགྲུབ་མཛོད༔ དེ་འོག་དུས་ཀྱི་སྙིགས་མ་ལ༔ ཁྲག་འཐུང་ཆོས་ཉིད་ཀློང་རྡོལ་གྱིས༔ འཁོར་འདས་དག་མཉམ་རོལ་པའི་ཚེ༔ རང་རྩལ་བཀའ་སྡོད་དྲེགས་པ་ཅན༔ གཉིས་མེད་རོལ་པའི་ཀློང་རྒྱས་བཏབ༔ དམ་ཚིག་གཉན་པོའི་ཆིངས་རྒྱས་བསྡམས༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ ཆད་ཐོ་དམར་གྱི་གཏོར་མ་ལོངས༔ སྒྲུབ་པའི་བར་ཆད་རྐྱེན་བཟློག་ཅིང༔ ་རབ་འབྱམས་ཕྲིན་ལས་ཡོངས་འགྲུབ་མཛོད༔ སརྦ་ས་མ་ཡ་མ་ཧཱ་བ་ལིངྟ་ཁཱ་ཧི༔ དེ་ནས་བརྟན་མ་སྐྱོང་བ་ལ༔ བཤལ་ཆུའི་གཏོར་མ་བཏང་བ་ནི༔ ཧཱུྃ་ཛཿསྔོན་ཚེ་པདྨ་ཐོད་ཕྲེང་གིས༔ དམ་བཏགས་དབང་བསྐུར་གཉེར་གཏད་པའི༔ བརྟན་མ་ཆེན་མོ་བཅུ་གཉིས་དང་༔ དེ་འཁོར་ཡང་འཁོར་བྲན་དང་འབངས༔ སྐད་ཅིག་གནས་འདིར་གཤེགས་སུ་གསོལ༔ བཤལ་ཆུའི་གཏོར་མ་འདི་རོལ་ལ༔ རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས༔ མཐའ་དམག་དུས་འཁྲུགས་གཡུལ་འགྱེད་དང་༔ ནད་ཡམས་མུ་གེའི་བསྐལ་པ་བཟློག༔ བསྟན་དང་བསྟན་འཛིན་སྡེ་རིས་འབངས༔ བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད༔ བསྐལ་ངན་གཡོ་འཁྲུགས་དབྱིངས་སུ་བསྡུས༔ རྒྱལ་ཁམས་བདེ་ལ་འགོད་པར་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ མ་མ་ཧྲཱིཾ་ཧྲཱིཾ་ཨེ་དཾ་བ་ལིངྟ་ཁཱ་ཧི༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ༔ བྲོ་ནི་ཡེ་ཤེས་ལྔ་ཡི་བྲོ༔ བརྡུང་ནི་གཟུང་འཛིན་ཡུལ་དུ་བརྡུང་༔ དུག་གསུམ་མགོ་ལ་ཆེམས་སེ་ཆེམ༔ དུག་ལྔའི་མགོ་ལ་ནེམས་སེ་ནེམ༔ གཉིས་སྣང་རཱུ་ཏྲ་བདུད་ཀྱི་སྡེ༔ བདག་མེད་སྟོང་པའི་དབྱིངས་སུ་བྲུབ༔ འཁྲུལ་མེད་བདེ་བ་ཆེན་པོའི་ངང་༔ མནན་ནོ་བྲུབ་བོ་མ་ཤོར་རྒྱ༔ ཆོས་ཉིད་རྣམ་དག་བདེན་པ་དང་༔ རྟེན་འབྲེལ་ཟབ་མོའི་རྒྱས་བཏབ་བོ༔ སརྦ་ཤ་ཏྲུཾ་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ལ༔ ཧཱུྃ༔ དཔལ་ཆེན་བཀའ་འདུས་ལྷ་ཚོགས་ཀྱི༔ གསང་གསུམ་རྡོ་རྗེའི་དཀྱིལ་འཁོར་ནས༔ དབང་དང་བྱིན་རླབས་དངོས་གྲུབ་གཏེར༔ དུས་ལས་མ་གཡེལ་དེང་འདིར་སྩོལ༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་ཡུ་པུཎྱཻ་པྲཛྙཱ་ཛྙཱ་ན་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ དེ་ནས་བཤགས་པ་བྱ་བ་ལ༔ ཧོ༔ གསོན་ཅིག་དུས་གསུམ་རྒྱལ་བ་རྣམས༔ དགོངས་ཤིག་བསྒྲུབ་པ་བཀའ་བརྒྱད་ལྷ༔ བདག་ནི་མ་རིག་དབང་གྱུར་ཏེ༔ ཉེས་བྱས་ཉམས་ཆག་ཅི་མཆིས་པ༔ གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩོལ༔ ཡིག་བརྒྱ་དབྱངས་གསལ་རྟེན་སྙིང་བརྗོད༔ དེ་ནས་བསྔོ་སྨོན་བྱ་བ་ལ༔ ཧོཿའདི་དང་དུས་གསུམ་བསགས་པའི་དགེ༔ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ ཁམས་གསུམ་སྲིད་པའི་སྐྱེ་འགྲོ་ཀུན༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ དེ་ནས་རྟག་མཐའ་བསལ་བ་ལ༔ ཧོ༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷ༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ མ་ལུས་རང་ཉིད་ལ་བསྡུས་ཏེ༔ རང་ཡང་སྔགས་དང་སྲོག་ཏུ་བསྡུ༔ སྲོག་ཀྱང་ཐིག་ལེ་ནཱ་ད་ནས༔ ཡུལ་མེད་ཟང་ཐལ་ཆེན་པོར་ཨཱཿདེ་ནས་ཆད་མཐའ་བསལ་བ་ལ༔ ཧཱུྃ༔ མཁའ་ལས་འཇའ་ཚོན་ཇི་བཞིན་དུ༔ རང་ཉིད་སྤྱི་དཔལ་ཆེན་པོར་ཤར༔ མཐིང་ནག་རྡོ་རྗེ་དུང་ཁྲག་བསྣམས༔ མི་ཤིགས་རྡོ་རྗེའི་གོ་ཁྲབ་བགོ༔ སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ གང་འདུལ་ཐབས་ཀྱི་སྤྱོད་ལ་འཇུག༔ རྩ་སྔགས་བཟླས་མཐར༔ བཛྲ་རཀྵ་རཀྵ་ཧཱུྃ་བྷྲུྃ་སྭཱ་ཧཱ༔ དེ་ནས་བཀྲ་ཤིས་བྱ་བ་ལ༔ ཧོཿཆོས་དབྱིངས་རྣམ་དག་ནམ་མཁའ་ལ༔ ལྷུན་གྲུབ་བདེ་ཆེན་བཀོད་པ་ངོམས༔ གང་འདུལ་ཐབས་ཀྱིས་འགྲོ་བ་འདུལ༔ སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་ཤོག༔ འཁོར་འདས་དག་མཉམ་ཆེན་པོའི་མཁར༔ སྐུ་དང་ཡེ་ཤེས་ཉི་གཞོན་ཤར༔ མངོན་གྱུར་ཆེན་པོའི་གདིང་ཐོབ་ནས༔ རང་ཐོག་རང་གྲོལ་བཀྲ་ཤིས་ཤོག༔ མངོན་སུམ་ལྟ་བའི་གདིང་ཐོབ་ཅིང་༔ ཉམས་རྟོགས་ཡོན་ཏན་གོང་འཕེལ་རྒྱས༔ གཞིར་གནས་རིག་པ་ཚད་ཕེབས་ཏེ༔ ཆོས་ཀུན་མཉམ་ཉིད་ཆེན་པོར་ཟད༔ འཇའ་ལུས་འཕོ་ཆེན་བཀྲ་ཤིས་ཤོག༔ བསྐྱེད་དང་རྫོགས་པའི་གནད་ལྡན་ཅིང་༔ རྩེ་གཅིག་སྒྲུབ་ལ་བརྩོན་པའི་མི༔ ཟླ་བ་དགུ་ལས་མི་འགྱང་བར༔ རྣམ་པར་སྨིན་པའི་རིག་འཛིན་འཐོབ༔ རི་ཁྲོད་དབེན་པ་ལ་བརྟེན་ཅིང་༔ གནས་མི་འཕོ་ཞིང་སྨྲ་བཅད་ཀྱི༔ གནད་དང་ལྡན་པ་མཆོག་ཏུ་གལ༔ ལོ་གསུམ་ཟླ་གསུམ་ཞག་གསུམ་དུ༔ རྩེ་གཅིག་སྒྲུབ་ལ་བརྩོན་ནུས་ན༔ མངོན་སངས་རྒྱས་པའི་འབྲས་བུ་རུ༔ གྲོལ་གྱུར་འདི་ལ་ཐེ་ཚོམ་མེད༔ བཀའ་སྲུང་དྲེགས་པ་སྡེ་དགུར་གཉེར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཨྠིྀ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་གདན་དྲངས་ཏེ་མི་ལོ་སུམ་ཅུ་རྩ་བརྒྱད་དུ་བཀའ་རྒྱས་བཏབ་སྟེ་མཐར་བསོད་ནམས་རབ་རྒྱས་ཞེས་པས་ནན་དུ་བསྐུལ་ངོར་གཏད་ལ་དབབ་པའི་ཡི་གེ་པ་ཡང་དེ་ཉིད་དོ།དགེའོ།།དགེའོ།།དགེའོ།།།།