TTDL-ZABTER-06-CHA-031
TTDL-ZABTER-06-CHA-031
བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་འཕྲོས་རྒྱལ་བ་སྲས་བཅས་དང་༔ ཡི་དམ་རྒྱུད་སྡེ་བཞི་དྲུག་ལྷ༔ གནས་གསུམ་དཔའ་བོ་མཁའ་འགྲོ་དང་༔ བཀའ་སྡོད་རྒྱ་མཚོའི་ཐུགས་རྒྱུད་བསྐུལ༔ མཐུ་སྟོབས་ནུས་བྱིན་འོད་དུ་འདུས༔ ཐུན་ཟོར་ནུས་སྟོབས་རབ་ཏུ་འབར༔ ཕྱི་ནི་ཐུན་མཚོན་འབར་བ་ལ༔ ནང་ནི་ཟ་གསོད་ཕོ་ཉ་སྟེ༔ གསང་བ་ཡེ་ཤེས་རོལ་པའི་རྩལ༔ དགྲ་གདོན་བགེགས་ཚོགས་མ་ལུས་པ༔ རང་གཤེད་འབེབས་པའི་མཚོན་དུ་གྱུར༔ ཨོཾ་བཛྲ་གུ་རུ་ཁྲོ་བོ་ལོད་ལྷ་གང་ཡིན་གྱི་རྩ་སྔགས་སུ་ཁ་བསྒྱུར་བྱ།མཆན།ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་བཛྲ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ དྲག་སྔགས་སོ་ལྔ་དང་རྟེན་འབྲེལ་སྙིང་པོས་རབ་གནས་བྱ༔ ལག་ཏུ་ཐོགས་ནས་འཕང་ཙམ་གྱིས༔ དགྲ་བགེགས་བྱད་མ་ལྷ་སྲུང་རྣམས༔ མེ་སྟག་ཆུ་ཡིས་བསད་པ་ལྟར༔ བརླག་པར་བྱེད་པའི་དབང་ཐོབ་ཤོག༔ ལས་འབྲེལ་པས་བྲིས་པ་དགེ༔