TTDL-ZABTER-07-JA-047
TTDL-ZABTER-07-JA-047
༠༠༠༠བརྡ་ཡིག༥༨༣ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྗེ་བཙུན་འཕགས་མའི་སྒྲུབ་སྐོར་གྱི༔ བསྐང་བཤགས་ཉམས་ཆག་རང་གྲོལ་བཞུགས༔ ༠༠༠༠བརྡ་ཡིག༥༨༣ན་མོ་གུ་རུ་ཝེ༔ རྡོ་རྗེ་སེམས་དཔའ་སྤྱི་བོར་བསྒོམ༔ སྔར་བྱས་ལས་ལ་གནོང་འགྱོད་ཀྱིས༔ མི་འཆབ་ཉེས་ཚོགས་ཀུན་བཤགས་ཏེ༔ ཕྱིན་ཆད་སྡོམ་སེམས་གཏའ་རུ་བཞག༔ གཉེན་པོ་ཚོགས་དང་མཆོད་པ་དང་༔ དོང་སྤྲུགས་སྙིང་པོ་ཅི་ནུས་བཟླ༔ ཁྱད་པར་བསྐང་བཤགས་འདི་ལ་འབད༔ ཨེ་མ་ཧོ༔ གདོད་མའི་གནས་ལུགས་སྤྲོས་པའི་མཐའ་དང་བྲལ༔ ཀ་དག་ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་༔ ཆོས་ཀྱི་དབྱིངས་སུ་དགོངས་པ་རོ་གཅིག་པའི༔ རྒྱལ་བ་དགོངས་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ སྣང་བ་བརྡ་དང་དཔེ་རུ་ཤར་བ་ཡི༔ རིག་འཛིན་བརྡ་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ སྨིན་གྲོལ་བཀའ་ལུང་སྙན་དུ་བརྒྱུད་པ་ཡི༔ གང་ཟག་སྙན་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ ཆོས་ཅན་སྣང་བ་ཆོས་ཉིད་ཆེན་པོར་རོལ༔ ཡུམ་ཆེན་ཀུན་ཏུ་བཟང་མོའི་ཐུགས་དམ་བསྐང་༔ ལྷུན་གྲུབ་རོལ་པ་ལོངས་སྤྱོད་རྫོགས་པའི་སྐུ༔ རྗེ་བཙུན་འཕགས་མ་སྒྲོལ་མའི་ཐུགས་དམ་བསྐང་༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པ་རྒྱན་དུ་ཤར༔ འཕགས་མ་ལྷ་མོ་ཉེར་གཅིག་ཐུགས་དམ་བསྐང་༔ ཐུགས་རྗེའི་ཐབས་ཀྱིས་གདུལ་བྱ་འདུལ་མཛད་པའི༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཐུགས་དམ་བསྐང་༔ སོ་ཐར་བྱང་སེམས་གསང་སྔགས་ཐེག་པ་ཡི༔ སྡོམ་དང་བསླབ་པ་དམ་ཚིག་ཉམས་ཆག་ཀུན༔ བསྐང་ངོ་བཤགས་སོ་ཉམས་པ་སོར་ཆུད་ནས༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགསསཏྭ་ཨཱཿཡི་གེ་བརྒྱ་པ་ཉི་ཤུ་རྩ་གཅིག་བརྗོད༔ གནད་དེས་དམ་ཚིག་ཉམས་ཆག་ཀུན་བྱང་འགྱུར༔ ས་མ་ཡ༔ ཞེས་པ་འདི་ཡང་སློབ་བུ་ཨོ་རྒྱན་རང་ཤར་གྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་སྒྱུ་མ་རོལ་པའི་དབྱིངས་ལས་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།