TTDL-ZABTER-08-NYA-054

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-08-NYA-054

བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཆེན་པོའི་བསྐང་བསྡུས་མངོན་སྤྱོད་ལྷུན་གྲུབ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༤༨༩༔ གནོད་སྦྱིན་ཆེན་པོ་བསྒྲུབ་པའི་བུས༔ ཕྲིན་ལས་མངོན་སྤྱོད་ལྷུན་གྲུབ་ཕྱིར༔ དངོས་སུ་འབྱོར་བའི་མཆོད་པ་ལ༔ སྔགས་དང་ཏིང་འཛིན་ནུས་པས་སྤེལ༔ ཤ་ཆེན་གསུར་དང་སྦྱར་སྤོས་བསྲེགས༔ བདག་མདུན་ལྷར་གསལ་ངང་གནས་ཀྱིས༔ ཀྵ༔ སྔོན་གྱི་བཀའ་དམ་དཔང་བཙུགས་ཏེ༔ གནོད་སྦྱིན་ཤན་པ་སྤྱན་འདྲེན་གཤེགས༔ ཐབས་ཤེས་རྒྱུ་འབྲས་རྟེན་འབྲེལ་མཐུས༔ བདག་གི་སྲུང་མར་མཆིས་གྱུར་ཅིག༔ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་འདིས༔ གནོད་སྦྱིན་དམར་ནག་ཐུགས་དམ་བསྐང་༔ ཡུམ་དང་སྤྲུལ་འཁོར་ཐུགས་དམ་བསྐང་༔ བཀའ་སྡོད་ཕོ་ཉའི་ཐུགས་དམ་བསྐང་༔ ཉམས་ཆག་འགལ་འདས་ནོར་འཁྲུལ་བཤགས༔ ལེགས་ཡོན་ཀུན་སྒྲུབས་ཉེས་ཚོགས་བཟློག༔ བརྣག་ཅིང་དམིགས་པའི་དགྲ་དང་བགེགས༔ ལོ་ཟླར་མ་འགྱང་མ་ཤོར་བར༔ མྱུར་མགྱོགས་མངོན་སྤྱོད་སྟོབས་ཤུགས་ཀྱིས༔ བཀུག་བསྒྲལ་མནན་གཟིར་ཕྲིན་ལས་མཛོད༔ བཀའ་དམ་དཔང་བཙུག་ལས་བཅོལ་དེ༔ མ་བུལ་མ་འགྱང་ས་མ་ཡ༔ དེ་ལྟར་རྟག་ཏུ་བསྐང་གསོལ་ན༔ ཕྲིན་ལས་རབ་འབྱམས་ཐོགས་མེད་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་རང་སློབ་ཕུན་ཚོགས་བཀྲ་ཤིས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་བཀོད་པའོ།།དགེའོ།།དགེའོ།།དགེའོ།།མངྒ་ལཾ།།།།