TNR-SUNGBUM-02-AH-Karchag

From Dudjom Wiki
Revision as of 20:02, 9 November 2026 by Jeremi (talk | contribs) (New collection pages (Thinley Norbu gsung 'bum / Dudjom gsung thor bu))
(diff) ← Older revision | Latest revision (diff) | Newer revision → (diff)

[edit]
༄༅། །ཨོཾ་སྭསྟི། སྐྱབས་རྗེ་གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེ་མཆོག་གི་གསུང་འབུམ་པོད་གཉིས་པ་༼ཨཱཿ༽ རྟགས་ཅན་འདིར། གཏེར་གསར་སྔོན་འགྲོའི་ངག་འདོན་བསྡུས་པ་ལྡེབ་༢ཁྲག་འཐུང་འདུད་འཇོམས་གླིང་པའི་དག་སྣང་ཡེ་ཤེས་དྲྭ་བའི་ཆོས་སྡེའི་ཁོངས་སུ་བཞུགས་པའི་གཏེར་གསར་སྔོན་འགྲོ་བསྡུས་པའི་ཁྲིད་ཡིག་གོ་བདེ་ཆུ་འབབས་ཀྱི་ཚུལ་དུ་བཀོད་པ་ལྡེབ་༡༣༡ ཚོགས་ཁང་པདྨའི་རྒྱུད་མང་ལྡེབ་༡ དེའི་དོན་འགྲེལ་ཉི་མ་གཞོན་ནུའི་འོད་ཟེར་ལྡེབ་༢༧ གསོལ་འདེབས་རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས་མ་ལྡེབ་༡ དེའི་འགྲེལ་པ་ཉི་གཞོན་བྱིན་རླབས་འོད་ཟེར་སྟོང་ལྡན་ལྡེབ་༥༠ ཚིག་བདུན་གསོལ་འདེབས་འགྲེལ་པ་ལྡེབ་༨༢ བཅས་ཁྱོན་བསྡོམས་ཆོས་ཚན་བདུན་དང་། གླེགས་བམ་གྱི་དཀར་ཆག་ལྡེབ་༡ བཅས་བསྡོམས་ལྡེབ་གྲངས་༢༩༥ བཞུགས། ༈ །བླ་མའི་ཕྲིན་ལས་ཆ་ཙམ་སྤེལ་སླད་དུ། །གསང་བདག་དགྱེས་པའི་གླིང་གི་སྒོམ་སྡེ་ཡིས། །གསུང་འབུམ་སྤར་དུ་བཏབ་པའི་ལེགས་བྱས་གང་། །མོས་ལྡན་ཡོངས་ལ་ཕན་པའི་དཔལ་གྱུར་ཅིག །དགེའོ། །༈ །མཁན་སློབ་ཆོས་གསུམ་རིང་ལུགས་ཆེ། །འཛམ་གླིང་ས་གསུ༷མ་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུ༷མ་སྣང་བ་དང་། །མི་འབྲལ་དུས་གསུ༷མ་དགེ་ལེགས་ཤོག། །།