སྐལ་ལྡན་རྣམས་དུས་ཀུན་མཁའ་འགྲོ་ཁྲོས་མ་ནག་མོའི་ཉམས་ལེན་ལ་འཇུག་པ་མཆོག་ཏུ་བདེ་བའི་ཆེད་དུ་ཡང་གསང་གི་སྒྲུབ་པ་རྡོ་རྗེའི་སྙིང་པོ་རིགས་མཐུན་ཁ་སྐོང་ལྷན་ཐབས་བཅས་དཀྱུས་གཅིག་ཏུ་བཀོད་པ།

From Dudjom Wiki
Revision as of 20:02, 9 November 2026 by Jeremi (talk | contribs) (New collection pages (Thinley Norbu gsung 'bum / Dudjom gsung thor bu))
(diff) ← Older revision | Latest revision (diff) | Newer revision → (diff)

TNR-SUNGBUM-03-HUM-011
Wylie title skal ldan rnams dus kun mkha' 'gro khros ma nag mo'i nyams len la 'jug pa mchog tu bde ba'i ched du yang gsang gi sgrub pa rdo rje'i snying po rigs mthun kha skong lhan thabs bcas dkyus gcig tu bkod pa
Location phrin las nor bu'i gsung 'bum
Volume 3, Text 11, Pages (Folios to )
Author ཕྲིན་ལས་ནོར་བུ་
Citation Thinley Norbu. Skal ldan rnams dus kun mkha' 'gro khros ma nag mo'i nyams len la 'jug pa mchog tu bde ba'i ched du yang gsang gi sgrub pa rdo rje'i snying po rigs mthun kha skong lhan thabs bcas dkyus gcig tu bkod pa. In Phrin las nor bu'i gsung 'bum, Vol. 3.
Side notes  
More details More details
Genre

[edit]
༄༅། །སྐལ་ལྡན་རྣམས་དུས་ཀུན་མཁའ་འགྲོ་ཁྲོས་མ་ནག་མོའི་ཉམས་ལེན་ལ་འཇུག་པ་མཆོག་ཏུ་བདེ་བའི་ཆེད་དུ་ཡང་གསང་གི་སྒྲུབ་པ་རྡོ་རྗེའི་སྙིང་པོ་རིགས་མཐུན་ཁ་སྐོང་ལྷན་ཐབས་བཅས་དཀྱུས་གཅིག་ཏུ་བཀོད་པ་བཞུགས།

༁ྃ༔ དག་སྣང་ལས༔ དབང་སྡུད་ཟིལ་གནོན་ཁྲོས་མའི་གད་རྒྱང་བཞུགས་སོ༔ ཕཊ་ཕཊ་ཕཊ༔ སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་བདག་གི་སྣང་བའི་ཀློང་ཆེན་པོར་འུབ་ཏུ་འདུས་ཤིང་ཡོངས་སུ་ཆུབ་པར་གྱུར༔ ཕཊ༔ ཡེ་ཤེས་རང་རྩལ་སྒྱུ་འཕྲུལ་གྱི་མཁའ་འགྲོ་མ་དཔག་ཏུ་མེད་པས་གཟུང་འཛིན་རཱུ་དྲ་ལྷ་འདྲེ་ཐམས་ཅད་བདག་མེད་གནས་ལུགས་ཀྱི་ངང་དུ་བཤིག་པར་གྱུར༔ ཕཊ་ཕཊ་ཕཊ༔ རྐང་གླིང་གསུམ་འབུད་བཅས་ཌཱ་དྲིལ་འུར་ཆེམས་ཀྱིས་ཟིལ་གནོན་རང་གི་རྟ་དབྱངས་དང་བཅས། མ་དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མས༔ ཆོས་དབྱིངས་ཡེ་ཤེས་བརྟུལ་ཞུགས་ཀྱིས༔ གཏི་མུག་ལྷ་འདྲེ་དབང་དུ་སྡུས༔ དབང་དུ་བསྡུས་ལ་ཟིལ་གྱིས་ནོན༔ ཕཊ་ཕཊ་ཕཊ༔ སྐུ་གསུམ་གྱི་ཀློང་དུ་བཤིག་པའི་ཕཊ་སྒྲའོ༔ མ་ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མས༔ མེ་ལོང་ཡེ་ཤེས་བརྟུལ་ཞུགས་ཀྱིས༔ ཞེ་སྡང་ལྷ་འདྲེ་དབང་དུ་སྡུས༔ དབང་ཏུ་བསྡུས་ལ་ཟིལ་གྱིས་ནོན༔ཕཊ་ཕཊ་ཕཊ༔ མ་ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མས༔ མཉམ་ཉིད་ཡེ་ཤེས་བརྟུལ་ཞུགས་ཀྱི༔ ང་རྒྱལ་ལྷ་འདྲེ་དབང་དུ་སྡུས༔ དཔང་དུ་བསྡུས་ལ་ཟིལ་གྱིས་ནིན༔ ཕཊ་ཕཊ་ཕཊ༔ མ་ནུབ་ཕྱོགས་པདྨ་མཁའ་འགྲོ་མས༔ སོར་རྟོག་ཡེ་ཤེས་བརྟུལ་ཞུགས་ཀྱི་༔ འདོད་ཆགས་ལྷ་འདྲེ་དབང་དུ་སྡུས༔ དབང་དུ་བསྡུས་ལ་ཟིལ་གྱིས་ནོན༔ ཕཊ་ཕཊ་ཕཊ༔ མ་བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མས༔ བྱ་གྲུབ་ཡེ་ཤེས་བརྟུལ་ཞུགས་ཀྱིས༔ ཕྲག་དོག་ལྷ་འདྲེ་དབང་དུ་སྡུས༔ དབང་དུ་བསྡུས་ལ་ཟིལ་གྱི་ནོན༔ ཕཊ་ཕཊ་ཕཊ༔ སྐྱབས་དཀོན་མཆོག་གསུམ་གྱི་བདེན་པ་དང་༔ སྐུ་གསུམ་མཁའ་འགྲོའི་ཐུགས་རྗེ་དང་༔ ཡུམ་ཆེན་ལྔ་ཡི་བྱིན་རླབས་ཀྱིས༔ ཕོ་གདོན་རྒྱལ་པོ་དབང་དུ་སྡུས༔ མོ་གདོན་འདྲེ་མོ་དབང་དུ་སྡུས༔ ཀླུ་གདོན་ས་བདག་དབང་དུ་སྡུས༔ གནས་གདོན་ལུས་གདོན་དབང་དུ་སྡུས༔ ཐམས་ཅད་ཟིལ་གྱིས་གནོན་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ ཅེས་པའི་མཐར་ཌཱ་འུར་བཞག་ཐབས། དེ་ནས་ཚིག་བདུན་གསོལ་འདེབས། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ལན་གསུམ། སྐུ་ཕྲེང་གསོལ་འདེབས། ཨེ་མ་ཧོ། བདེ་གཤེགས་སྙིང་པོའི་ངང་མདངས་ཟླ་རྒྱས་བཞིན། །གདུལ་བྱའི་སྣང་ངོར་ཆུ་ཟླའི་རྣམ་འགྱུར་ངོམས། །རང་སྣང་སྟོན་པ་མཆོག་དེར་གསོལ་བ་འདེབས། །བདག་རྟོག་འཁྲུལ་པ་ཞིག་པར་བྱིན་གྱིས་རློབས། །མེད་བཞིན་འཁྲུལ་པ་མངོན་ཞེན་འཐས་པ་ཡི། །གདུལ་བྱ་བློ་དམན་རིགས་རྣམས་ཁ་དྲང་ཕྱིར། །བརྒྱུད་གསུམ་བླ་མར་གྲགས་ལ་གསོལ་བ་འདེབས། །གནས་ལུགས་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །བསྐལ་བཟང་སངས་རྒྱས་མངོན་བྱེད་བླ་མ་མཆོག །རྣལ་འབྱོར་དབང་ཕྱུག་ནུས་ལྡན་རྡོ་རྗེར་གྲགས། །ཤེས་རབ་ཕུལ་ཕྱིན་འཕགས་པ་ཤཱ་རིའི་བུ། །ཡང་དག་མངོན་གྱུར་སློབ་དཔོན་ཧཱུྃ་ཀཱ་ར། །གྲོ་ལོད་མངོན་གྱུར་འབྲོག་བན་ཁྱེའུ་ཆུང་། །ཆོས་ཉིད་མངོན་གྱུར་གྲུམ་གྱི་མཁར་ནག་པ༑ ༑སྨོན་ལམ་གྲུབ་པ་ཧེ་པ་ཆོས་འབྱུང་བ། །གྲུབ་པ་བརྒྱད་བརྙེས་བདུད་འདུལ་རྡོ་རྗེ་རྩལ། །མཁའ་སྤྱོད་གནས་ཉུལ་བདུད་འདུལ་རོལ་པ་རྩལ། །ཆོས་ཉིད་ཀློང་རྡོལ་རྡོ་རྗེ་གྲོ་བོ་ལོད། །འགྲོ་འདྲེན་སྤྲུལ་པ་བརྒྱ་ཕྲག་རིམ་བཞིན་ཤར། །རྒྱལ་ཀུན་དགོངས་པ་འདུས་པར་གསོལ་བ་འདེབས། །འཁོར་བ་དོང་སྤྲུགས་ནུས་པར་བྱིན་གྱིས་རློབས། །ཕྱི་མའི་དུས་སུ་རྡོ་རྗེ་དྲག་པོ་རྩལ། །གདུལ་བྱ་ཐེར་འབུམ་དང་བཅས་དབྱེར་མེད་དུ། །ཤམ་བྷ་ལ་རུ་རྡོ་རྗེ་རྣོན་པོར་གྱུར། །མ་འོངས་སངས་རྒྱས་མོས་པ་མཐའ་ཡས་ཀྱིས། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་མཛད། །བླ་མེད་བླ་མ་མཆོག་ལ་གསོལ་བ་འདེབས། །ཁྱེད་ལ་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །ཁྲེགས་ཆོད་ཆོས་ཉིད་བདེན་པ་མངོན་མཐོང་ཞིང་། །ཐོད་རྒལ་སྣང་བཞིའི་ཉམས་ལེན་མཐར་ཕྱིན་ནས། །གཞོན་ནུ་བུམ་སྐུར་ཡང་དག་སངས་རྒྱས་ཤོག །དེ་ནས་སྐྱབས་ཡུལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་དང་གཉིས་སུ་མེད་པའི་རྒྱལ་ཡུམ་ཁྲོས་མ་ནག་མོ་ལ་ཕྱོགས་བཅུ་དུས་བཞིའི་སྐྱབས་ཡུལ་མ་ཚང་བ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿ ཞེས་རྡོ་རྗེ་བསྡུ་རྒྱ་དང་བཅས་གསལ་བཏབ། དེ་ནས་ཁྲོས་འབྲིང་གི་སྐྱབས་སེམས་གཞི་སྣང་ལྷུན་གྲུབ་ཀྱི་རྟ་དབྱངས་དང་བཅས། ཀྱཻ༔ རང་རིག་ཡེ་ཤེས་མཁའ་འགྲོའི་དལ༔ འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ ཁམས་གསུམ་འཁོར་བ་སྐུ་གསུམ་ངང་༔ རང་གྲོལ་ཆེན་པོར་སེམས་བསྐྱེད་དོ༔ ཞེས་སྐྱབས་སེམས་ལན་གསུམ་དང་། ཡན་ལག་བདུན་པ། ཕཊ༔ མ་ཁྱབ་བདག་ཡེ་ཤེས་མཁའ་འགྲོ་མ༔ ཆོས་སྐུའི་ཀློང་ནས་མ་གཡོས་ཀྱང་༔ གདུལ་དཀའ་འདུལ་ཕྱིར་གཟུགས་སྐུར་བཞེངས༔ བདག་གི་མོས་ངོར་མཁྱེན་བརྩེས་རོལ༔ ཞིང་རྡུལ་གྲངས་མཉམ་ལུས་སྤྲུལ་ནས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ ཆགས་ཞེན་མེད་པར་མཆོད་པ་འབུལ༔ ཚེ་རབས་བསགས་པའི་ལས་ཉོན་སྡིག༔ གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས༔ འགྲོ་རྣམས་གཏན་བདེའི་རྒྱུར་གྱུར་པའི༔ དགེ་ཚོགས་ཀུན་ལ་རྗེས་ཡི་རང་༔ ཁམས་གསུམ་འཁོར་བ་ཡོངས་སྒྲོལ་ཕྱིར༔ གང་འདུལ་ཆོས་འཁོར་བསྐོར་བར་བསྐུལ༔ ཇི་སྲིད་འཁོར་བ་མ་སྟོང་བར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ བདག་གི་དུས་གསུམ་བསགས་པའི་དགེ༔ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ སྡུག་བསྔལ་གྱིས་བཅིངས་སེམས་ཅན་ཀུན༔ བདེ་བར་གཤེགས་པའི་ས་ཐོབ་ཤོག༔ ཅེས་རྡོར་གསོར་དྲིལ་གསིལ་མཐར། ཛཿ ཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་གྱུར། དེ་ནས་རྐང་༣བཅས་ཌཱ་དྲིལ་འུར་ཆེམས་ཀྱིས། ཁྲོས་འབྲིང་གི་བྱིན་འབེབས་ཀ་དག་སྤྲོས་བྲལ་གྱི་རྟ་དབྱངས་དང་བཅས། ཧོཿ གཞི་དབྱིངས་ཁྱབ་བདག་ཆེན་མོ་ཡིས༔ ཡེ་ཤེས་གསང་ཆེན་དབང་བྱིན་ཕོབ༔ བཛྲ་ཨ་བེ་ཤ་ཡ་ཨཱཿ བྱིན་འབེབས་མཐར་རྐང་༣ཌཱ་འུར་ནས་བྱིན་འབེབས་ཀྱི་རྟ་དབྱངས་དེ་ཁོ་ནས། ཧོཿ ཡུལ་དྲུག་འདོད་ཡོན་སྣང་བའི་ཆོས༔ རང་བྱུང་མཆོད་པའི་སྤྲིན་དུ་ཤར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ མཐར་རྐང་༣ཌཱ་འུར་གྱིས་ཟིལ་གནོན་གྱི་རྟ་དབྱངས་དང་བཅས་ལྷ་བསྐྱེད། ཨ༔ ཆོས་དབྱིངས་སྐྱེ་མེད་ཡུམ་གྱི་མཁར༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་སུ༔ མ་ཆགས་སྐྱོན་བྲལ་པད་ཉིའི་སྟེང་༔ ཐུགས་རྗེའི་རང་རྩལ་ཁྲོས་མ་མཐིང་༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཅན༔ ཁ་ཊྭཱྃ་ཀ་བསྟེན་གར་སྟབས་མཛད༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ དམར་ཟླུམ་སྤྱན་གསུམ་སྡང་མིག་གཡོ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ དུར་ཁྲོད་ཆས་རྫོགས་མེ་དཔུང་འབར༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་རྩལ༔ ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར༔ ལྷོ་རུ་རིན་ཆེན་མཁའ་འགྲོ་སེར༔ ནུབ་ཏུ་པདྨ་མཁའ་འགྲོ་དམར༔ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་༔ ཀུན་ཀྱང་གར་སྟབས་གྲི་ཐོད་བསྣམས༔ འབུམ་ཕྲག་ཡངས་པའི་མཁའ་འགྲོས་བསྐོར༔ ཁམས་གསུམ་མ་ལུས་དབང་སྡུད་ཅིང་༔ སྲིད་གསུམ་ཟིལ་གྱིས་གནོན་པར་བསྐྱེད༔ ཌཱ་རུ་བཅད། དེ་ལྟར་གསལ་བའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་ཆོས་ཉིད་ནམ་མཁའ་མཛོད་ཀྱི་ཀློང་ནས༔ སྐུ་དང་ཡེ་ཤེས་ཞིང་དང་བཀོད་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པར་སྤྱན་དྲངས་ནས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་གཉིས་སུ་མེད་པར་ཐིམ་པར་གྱུར༔ ཨོཾ་ཤྲཱི་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་བཛྲ་ས་མ་ཡ་ཛ་ཛཿ སྔགས་ལན་གསུམ་རིང་རྡོར་གསོར་དང་དྲིལ་གསིལ་རྐང་བཅས་ཌཱ་འུར་གྱིས། ཁྲོས་འབྲིང་སྤྱན་འདྲེན་སྐྱེ་འགགས་འགྱུར་མེད་ཀྱི་རྟ་དབྱངས་དང་བཅས། ཛཿ ཡེ་ཤེས་སྒྱུ་འཕྲུལ་མཁའ་འགྲོའི་ཚོགས༔ གདན་གསུམ་དཀྱིལ་འཁོར་ཆེན་པོར་གཤེགས༔ ཐབས་ཤེས་འདུ་འབྲལ་མེད་པར་བཞུགས༔ གཟུང་འཛིན་བྲལ་བས་ཕྱག་འཚལ་ལོ༔ ཛཿ ཧཱུྃ་བཾ་ཧོཿ ཏིཥྛ་བཛྲ་ན་མོ༔ ཌཱ་འུར་ནས་ཁྲོས་འབྲིང་གི་མཆོད་པའི་རྟ་དབྱངས་དང་བཅས་མཆོད་པ། ཧོཿ གཟུང་དང་འཛིན་པས་བསྡུས་པ་ཡི༔ ཆོས་ཀུན་མཆོད་པའི་སྤྲིན་དུ་ཤར༔ ཆོས་ཉིད་མཁའ་འགྲོའི་དཀྱིལ་འཁོར་དུ༔ གཉིས་མེད་རོལ་པར་འབུལ་གྱི་བཞེས༔ མ་ཧཱ་པཉྩ་པཱུ་ཛ་ཧོཿ རྐང་བཅས་ཌཱ་འུར་ནས། ཁྲོས་འབྲིང་གི་བསྟོད་པ་མ་ཐིག་ལེ་ཉག་གཅིག་གི་རྟ་དབྱངས་དང་བཅས། ཧོཿ གདོད་ནས་གཞི་དབྱིངས་ཆོས་སྐུ་ཡུམ༔ ལྷུན་གྲུབ་རོལ་པ་ཡུམ་ཆེན་ལྔ༔ ཐུགས་རྗེའི་རང་རྩལ་མཁའ་འགྲོའི་དལ༔ ཡོངས་གྲུབ་ཆེན་པོར་ཕྱག་འཚལ་བསྟོད༔ ཅེས་བསྟོད་ཅིང་། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་ཡིག་བརྒྱ་དང་འབྲེལ་ཌཱ་དྲིལ་རང་གནས་སུ་འཇོག །ཁྲོས་འབྲིང་གི་ཛཔྲ་དམིགས་རང་ཉིད་ཁྲོས་མའི་རྟ་དབྱངས་ཀྱིས། བདག་ཉིད་མཁའ་འགྲོའི་ཐུགས་ཀ་རུ༔ རྡོ་རྗེ་ཕག་མོ་གྲི་ཐོད་ཅན༔ ཐུགས་སྲོག་ཧཱུྃ་ལ་སྔགས་ཀྱིས་བསྐོར༔ ཅེས་ཛཔྲ་དམིགས་འདོན། ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་ཧཱུྃ་ཕཊ༔ བསྙེན་པ་སྟོང་དང་། དེ་ནས་ཡང་གསང་གི་སྒྲུབ་གཞུང་ཉིད་ལས། དེ་ལྟར་བསྙེན་པ་ཚད་རྫོགས་ནས༔ སྒྲུབ་དང་ལས་སྦྱོར་དམིགས་པས་ཕྱེ༔ ཞེས་གསུངས་པས་དེས་ན། རྒྱལ་བའི་དཀྱིལ་འཁོར་མ་ལུས་པ༔ འོད་ཀྱིས་མཆོད་ཅིང་དབང་བྱིན་བསྡུས༔ ཚུར་འདུས་སྲོག་གི་སྙིང་པོར་ཐིམ༔ གཙོ་འཁོར་སྲོག་སྔགས་རོ་གཅིག་གྱུར༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལ་བྃ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་སྒྲུབ་སྔགས་ལྔ་བརྒྱ། དེ་ནས། མེ་དཔུང་མཚོན་ཐུན་འོད་འཕྲོས་པས༔ དགྲ་བགེགས་ལོག་འདྲེན་ཐམས་ཅད་ཀུན༔ ཚར་བཅད་རྡུལ་དུ་བརླག་ནས་ཀྱང་༔ རྣམ་པར་ཤེས་པ་ཆོས་སྐུར་བསྒྲལ༔ ཨོཾ་བཛྲ་ཀྲོ་དྷི་ཀ་ཀ་ལི་བྃ་ཧ་རི་ནི་སན༔ཡ༔ཙ༔མ༔ས་མ་ཡ་ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཅེས་པའི་ལས་སྔགས་བརྒྱ་ཙམ་བཟླས་རྗེས། མ་ཅིག་ཁྲོས་མ་ནག་མོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་སྐད་ཅིག་ད་ལྟ་ཉིད་དུ་འགྲུབ་པར་གྱུར་ཅིག །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧཀྵ༔ ཞེས་དབྱངས་གསལ་དང་། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་ཡིག་བརྒྱ། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ཞེས་རྟེན་སྙིང་བཅས་སྦྲེལ་ཏེ་ལན་གསུམ་མཐར། ཧོཿ གཟུང་དང་འཛིན་པས་བསྡུས་པ་ཡི༔ ཆོས་ཀུན་མཆོད་པའི་སྤྲིན་དུ་ཤར༔ ཆོས་ཉིད་མཁའ་འགྲོའི་དཀྱིལ་འཁོར་དུ༔ གཉིས་མེད་རོལ་པར་འབུལ་གྱི་བཞེས༔ མ་ཧཱ་པཉྩ་པཱུ་ཛ་ཧོཿ ཞེས་ཌཱ་འུར་ཉིས་བཅད་དང་འབྲེལ་མཆོད་པ་དང་། ཁྲོས་འབྲིང་གི་བསྟོད་པ་མཐིག་ལེ་ཉག་གཅིག་གི་རྟ་དབྱངས་ཀྱིས། ཧོཿ གདོད་ནས་གཞི་དབྱིངས་ཆོས་སྐུ་ཡུམ༔ ལྷུན་གྲུབ་རོལ་པ་ཡུམ་ཆེན་ལྔ༔ ཐུགས་རྗེའི་རང་རྩལ་མཁའ་འགྲོའི་དལ༔ ཡོངས་གྲུབ་ཆེན་པོར་ཕྱག་འཚལ་བསྟོད༔ ཅེས་བསྟོད། དེ་ནས་བསྟན་སྲུང་སྤྱིའི་བསྐང་གསོལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཨཱཿ ལས་ཡེ་ཤེས་ཀྱི་ཀ་པཱ་ལ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ཨོཾཿཧཱུྃཿཏྲཱཾཿཧྲཱིཿཨཱཿཞུ་བའི་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་ཕྱི་ནང་གསང་བའི་མཆོད་སྤྲིན་མ་ཚང་བ་མེད་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ནམ་མཁའ་མཛོད་སྔགས། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ། དེ་ནས་རྐང་༣་བཅས་ཌཱ་འུར་གྱིས། ཁྲོས་འབྲིང་རྟ་དབྱངས་ཀྱིས། ཨོཾ་ཨཱཿཧཱུྃ༔ ཆོས་ཉིད་སྒྱུ་མར་རོལ་པའི་ཆོ་འཕྲུལ་ལས༔ འདོད་རྒུའི་དཔལ་ཡོན་མི་ཟད་ནམ་མཁའ་མཛོད༔ རབ་འབྱམས་ཕྱོགས་བཅུའི་ཞིང་རྣམས་ཁྱབ་པ་འདིས༔ བརྒྱུད་གསུམ་བླ་མ་ཡི་དམ་མཁའ་འགྲོ་དང་༔ ལེགས་ལྡན་ཚོགས་བདག་གུར་མགོན་ཞལ་བཞི་དང་༔ ཕྱག་དྲུག་མ་ནིང་བེར་ནག་ཏྲག་ཤད་དང་༔ དུར་ཁྲོད་མགོན་པོ་བྱ་རོག་གདོང་ཅན་དང་༔ ལེགས་གྲུབ་རྡོ་རྗེ་བདུད་ཀྱི་མགོན་པོ་སོགས༔ མགོན་པོ་ཕོ་རྒྱུད་མ་ལུས་ཐམས་ཅད་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་༔ ཨེ་ཀ་ཛ་ཊཱི་དཔལ་ལྡན་རེ་མ་ཏཱི༔ བརྟན་མ་བཅུ་གཉིས་ཚེ་རིང་མཆེད་ལྔ་དང་༔ ཕུར་སྲུང་བཅུ་གཉིས་ལྷ་མོ་ངན་ནེ་མ༔ ཤ་ཟ་ཧོར་མོ་མཆེད་འཁོར་བཅས་པ་སོགས༔ ལྷ་མོ་མོ་རྒྱུད་མ་ལུས་ཐམས་ཅད་ལཿ གསོལ་ལོ་མཆོད་དོ༴ ལྷ་ཆེན་དབང་ཕྱུག་ཚོགས་བདག་འདོད་རྒྱལ་དང་༔ གནོད་སྦྱིན་དམར་ནག་ཨ་པར་ཛི་ཏ་དང་༔ རྒྱལ་ཆེན་རྣམ་སྲས་གཟའ་བདུད་རཱ་ཧུ་ལ༔ ཡབ་ཡུམ་སྲས་འཁོར་བཀའ་སྡོད་བཅས་པ་ལ༔ གསོལ་ལོ་མཆོད་དོ༴ དམ་ཅན་རྡོར་ལེགས་བཙན་ཆེན་རོལ་པ་བདུན༔ གཤིན་རྗེ་ཡ་མ་རཱ་ཛ་ཙ་མུནྡྲི༔ ཆོས་རྒྱལ་སྐུ་ལྔ་གནོད་སྦྱིན་ཙི་མ་ར༔ བཙན་རྒྱལ་སྐྱ་གཅིག་ཀླུ་རྒྱལ་མི་མགོན་དཀར༔ ཡབ་ཡུམ་སྤྲུལ་འཁོར་བཀའ་སྡོད་བཅས་ལ༔ གསོལ་ལོ་མཆོད་དོ༴ ཐང་ལྷ་ཡར་བཞུད་རྨ་ཆེན་སྤོམ་ར་དང་༔ རྫ་རྒྱལ་འཕན་ཕྱུག་དགེ་བསྙེན་འབྲོང་རི་སོགས༔ དཀར་ཕྱོགས་སྐྱོང་བའི་གཞི་བདག་ཐམས་ཅད་ལ༔ གསོལ་ལོ་མཆོད་དོ༴དགོན་གནས་གཙུག་ལག་ཆོས་འཁོར་དབེན་གནས་དང་༔ ཕ་མྱེས་བརྒྱུད་སྲུང་སློབ་དཔོན་གཉན་སྲུང་དང་༔ འགོ་ཞིང་སྡོང་གྲོགས་བྱེད་པའི་སྲུང་མ་ལ༔ གསོལ་ལོ་མཆོད་དོ༴དུས་གསུམ་རྒྱལ་བའི་བཀའ་དམ་དཔང་བཙུགས་ཏེ༔ དམ་ཅན་ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ སངས་རྒྱས་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད༔ དགེ་འདུན་སྡེ་སྐྱོང་གྲགས་པའི་བ་དན་ཕྱོར༔ བདག་ཅག་རྣལ་འབྱོར་སྒྲུབ་མཆོག་འཁོར་བཅས་ཀྱི༔ ནད་གདོན་འགལ་རྐྱེན་བར་ཆད་ཞི་བ་དང་༔ ཆོས་སྲིད་བསྟན་པའི་མངའ་ཐང་འཕེལ་རྒྱས་ཤིང་༔ ཁམས་གསུམ་མོས་པ་རྣམ་བཞིས་དབང་དུ་སྡུས༔ དགྲ་བགེགས་ལོག་འདྲེན་དྲག་པོས་ཚར་ཆོད་ཅིག༔ བཀའ་དང་དམ་ལས་མ་འདའ་ས་མ་ཡ༔ ཞེས་ཌཱ་བཅད། བཀའ་སྲུང་སྡེ་ལྔའི་བསྐང་གསོལ་བསྡུས་པ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྦྱངས། ནམ་མཁའ་མཛོད་ཀྱི་སྔགས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བརླབ། རྐང་རྭཱ་ཌཱ་འུར་ནས་གཟའི་རྟས། ར༔ སྟེང་ཕྱོགས་ནམ་མཁའི་དཀྱིལ་འཁོར་ནས༔ གཟའ་མཆོག་ཆེན་པོ་གཤེགས་སུ་གསོལ༔ ཤར་ཕྱོགས་འོ་མཚོ་རོལ་པ་ནས༔ ཀླུ་རྒྱལ་མི་མགོན་དཀར་པོ་འབོད༔ ལྷོ་ཕྱོགས་ལྕགས་མཁར་དགུ་རིམ་ནས༔ གཤིན་རྗེ་ཡ་མ་རཱ་ཛ་འབོད༔ ནུབ་ཕྱོགས་བཙན་ཡུལ་ཟངས་ཐང་ནས༔ བཙན་དམར་ཤན་པ་ཀུས་འདེབས་འབོད༔ བྱང་ཕྱོགས་ཁྲག་མཚོ་འཁྱིལ་ཀློང་ནས༔ མ་མོ་སྲིད་པའི་རྒྱལ་མོ་འབོད༔ དམ་ཚིག་གཉན་གྱིས་འབོད་ལགས་ཀྱི༔ རྫུ་འཕྲུལ་ཤུགས་ཀྱིས་གཤེགས་སུ་གསོལ༔ རཿནཿཡཿཙཿམཿས་མ་ཡ་ཛ་ཛཿ ཨོཾ་ཨཱཿཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ འདོད་རྒུའི་ལོངས་སྤྱོད་དཔག་མེད་ཀྱིས༔ དྲང་སྲོང་གཟའ་མཆོག་འཁོར་བཅས་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ རབ་འབྱམས་ཕྲིན་ལས་ཡོངས་འགྲུབ་མཛོད༔ ཀླུ་རྒྱལ་མི་མགོན་དཀར་པོ་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ འདོད་རྒུའི་དཔལ་ཡོན་ཆར་དུ་ཕོབ༔ གཤིན་རྗེ་ཡ་མ་རཱ་ཛ་ལ༔ གསོལ་ལོ་མཆོད་དོ་ཐུས་དམ་བསྐང་༔ དགྲ་བགེགས་གནོད་བྱེད་ཆམ་ལ་ཕོབ༔ བཙན་དམར་ཤན་པ་ཀུས་འདེབས་ལ༔ གསོལ་ལོ་མཆོད་དོ་ཐུ་ས་དམ་བསྐང་༔ འདོད་དོན་སྒྲུབས་ལ་དགྲ་བགེགས་སྒྲོལ༔ མ་མོ་སྲིད་པའི་རྒྱལ་མོ་ལ༔ གསོལ་ལོ་མཆོད་དོ་ཐུུགས་དམ་བསྐང་༔ མ་ལྟར་བརྩེ་ཞིང་གདུང་བས་སྐྱོངས༔ བཀའ་སྲུང་དྲེགས་པ་སྡེ་ལྔ་ཡི༔ འཁོར་དང་ཡང་འཁོར་བཅས་པ་ལ༔ གསོལ་ལོ་མཆོད་དོ་ཐུབས་དམ་བསྐང་༔ སྒྲུབ་པའི་རྣལ་འབྱོར་བདག་ཉིད་ཀྱི༔ ནད་གདོན་བར་ཆད་ཞི་བ་དང་༔ ཚེ་བསོད་དཔལ་ཡོན་རྒྱས་པ་དང་༔ མོས་པ་རྣམ་བཞིས་དབང་དུ་སྡུས༔ དགྲ་བགེགས་མ་ལུས་རྡུལ་དུ་རློག༔ དང་པོ་ཕྱག་ན་རྡོ་རྗེའི་བཀའ༔ བར་དུ་རིག་འཛིན་བརྒྱུད་པའི་དམ༔ ཐ་མ་རྣལ་འབྱོར་བདག་གི་ཚིག༔ མ་འདའ་བཛྲ་ས་མ་ཡ༔ ཞེས་ཌཱ་བཅད། སླར་ནམ་མཁའ་མཛོད་སྔགས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ། དེ་ནས་ཌཱ་དྲིལ་དང་བཅས། ཛཿ ཆེ་མཆོག་ཕྱག་རྡོར་པད་འབྱུང་སོགས༔ རིག་འཛིན་བརྒྱུད་པའི་ཐ་ཚིག་གིས༔ འབོད་དོ་གཟའ་བདུད་ཡུམ་སྤྲུལ་འཁོར༔ འདིར་བྱོན་སྐྱེམས་གཏོར་མཐུན་རྫས་འབུལ༔ འཁོར་དང་བཅས་པའི་ཐུགས་དམ་བསྐང་༔ རྟེན་འདིར་རྟེན་ཆོས་གྲོགས་མཛོད་ལ༔ བདག་སྲུངས་ཕྲིན་ལས་རབ་འབྱམས་སྒྲུབས༔ དགྲ་བགེགས་སྒྲོལ་ཅིག་ས་མ་ཡ༔ ཞེས་གཟའ་བདུད་རྒྱལ་པོའི་བསྐང་གསོལ་ལན་གསུམ་མམ་བདུན་སོགས་བཟླས་མཐར་ཌཱ་འུར་བཞག་ཐབས། དེ་ནས་བཤགས་པ་དམ་བསྐོང་ངན་སོང་དོང་སྤྲུགས། ཧོ༔ རྩ་གསུམ་དམ་ཅན་སྲུང་མའི་ཚོགས༔ ཐུགས་རྗེ་བརྩེ་བ་ཆེན་པོས་དགོངས༔ བདག་ནི་འཁོར་ཚེ་ཐོག་མེད་ནས༔ མ་རིག་ཉོན་ཤེས་སྒྲིབ་དབང་གིས༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ སྡོམ་པ་བསླབ་པ་དམ་ཉམས་པ༔ མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ མཐར་ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་ཡིག་བརྒྱ་ཅི་ནུས་བརྗོད། དེ་ནས་ཌཱ་འུར་ནས། ཕཊ༔ བེམ་པོ་ཚོགས་དང་དབྱེར་མེད་བསྲེ༔ སྣང་སྲིད་ཐམས་ཅད་ཐལ་གྱིས་གང་༔ འདོད་རྒུའི་དཔལ་ཡོན་ཅིར་ཡང་འཆར༔ མི་ཟད་རྒྱན་གྱི་འཁོར་ལོར་སྤེལ༔ ཕཊ༔ ངོ་བོ་སྐྱེ་མེད་ཆོས་སྐུ་ཡུམ༔ ལྷུན་གྲུབ་རང་གདངས་ཡུམ་ཆེན་ལྔ༔ ཐུགས་རྗེའི་སྒྱུ་འཕྲུལ་རོལ་པ་ལས༔ སྲིད་པ་མ་མོ་མཁའ་འགྲོའི་དལ༔ མ་ལུས་ལུས་པ་མེད་པ་ཀུན༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ དབྱིངས་ལ་གཤེགས་བཞུགས་མི་མངའ་ཡང་༔ འཁོར་བ་དབྱིངས་སུ་བཤིག་པའི་ཕྱིར༔ གང་འདུལ་སྣ་ཚོགས་ཐབས་མང་གིས༔ གདུལ་བྱ་རྗེས་སུ་བཟུང་དུ་གསོལ༔ ཕེཾ་ཛཿ བཛྲ་ས་མ་ཡ༔ དེ་ནས་ཐུགས་དམ་བསྐང་བ་ནི༔ ཕཊ༔ སྣང་བ་སྣོད་ཀྱི་གཞོང་པ་རུ༔ སྲིད་པའི་དཔལ་ཡོན་ཚོགས་སུ་བཤམས༔ བརྡལ་ཁྱབ་པགས་པའི་གཞོང་པ་རུ༔ ཕུང་ཁམས་སྐྱེ་མཆེད་ཚོགས་སུ་བཤམས༔ ཀུན་གཞི་ཡངས་པའི་གཞོང་པ་རུ༔ སེམས་དང་སེམས་བྱུང་ཚོགས་སུ་བཤམས༔ སྐུ་གསུམ་མཁའ་འགྲོའི་ཐུགས་དམ་བསྐང་༔ སྡོམ་དང་བསླབ་པ་དམ་ཉམས་བཤགས༔ གདོད་མའི་དབྱིངས་སུ་དག་མཉམ་རོལ༔ ཌཱ་བཅད། དེ་ནས་ཚོགས་མཆོད་རིམ་པ་ནི༔ ཕཊ༔ ཕྱི་ནང་གསང་བའི་ཚོགས་མཆོད་འདི༔ མ་དང་མཁའ་འགྲོའི་ཚོགས་ལ་འབུལ༔ ཐུགས་དང་འགལ་གྱུར་ཉམས་ཆག་བཤགས༔ གཟུང་འཛིན་བདག་མེད་ཆེན་པོར་སྒྲོལ༔ དུག་གསུམ་རྒྱུད་འཁྲུལ་ཁམས་གསུམ་འགྲོ༔ སྐུ་གསུམ་འབྲས་བུའི་ས་ཐོབ་ཤོག༔ ཡང་བེམ་པོ་ཚོགས་དང་སོགས་སྦྲེལ་ཏེ་གྲངས་གང་འོས་བསགས། ནམ་མཁའ་མཛོད་སྔགས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་མཐར་རྩ་གསུམ་རྒྱ་མཚོའི་ཚོགས་བསྐང་བསྡུས་པ་ཌཱ་འུར་ནས། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཆོས་ཉིད་ནམ་མཁའ་མཛོད་ཀྱི་སྒྱུ་འཕྲུལ་ལས༔ ཚོགས་མཆོད་འདོད་རྒུའི་དཔལ་ཡོན་མི་ཟད་གཏེར༔ སྐྱབས་གནས་དཀོན་མཆོག་གསུམ་དང་རྩ་བ་གསུམ༔ ༈ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་སྲུང་མར་བཅས༔ ༈ འདིར་གཤེགས་ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ རྩ་གསུམ་དམ་ཅན་སྲུང་མའི་ཐུགས་དམ་བསྐང་༔ སྡོམ་དང་བསླབ་པ་དམ་ཚིག་ཉམས་ཆག་བཤགས༔ དགྲ་བགེགས་གནོད་བྱེད་ཤ་ཁྲག་སྲོག་དབུགས་རོལ༔ ལྷག་སྐྱོང་ཕོ་མོས་ལྷག་རོལ་ཕྲིན་ལས་སྒྲུབས༔ བདག་ཅག་ཚོགས་རྫོགས་སྒྲིབ་དག་སངས་རྒྱས་ཤོག༔ ཅེས་ཌཱ་བཅད། དེ་ནས་སླར་ཡང་ནམ་མཁའ་མཛོད་སྔགས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་རྗེས་ཌཱ་དྲིལ་དང་བཅས་གནས་ཡུལ་བསྐང་བ། ཧཱུྃ༔ སྣང་སྲིད་དག་པ་མཁའ་སྤྱོད་ཞིང་༔ བདེ་ཆེན་འགྱུར་མེད་གཞལ་ཡས་ནས༔ གདན་གསུམ་དཀྱིལ་འཁོར་ཡོངས་གྲུབ་ལྷ༔ མ་བཙལ་རྫོགས་ལྡན་རིག་པས་བསྐང་༔ གང་འདུལ་སྤྲུལ་པའི་གནས་མཆོག་དང་༔ ཉི་ཤུ་རྩ་བཞི་ཡུལ་སོ་གཉིས༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་༔ ཧེ་རུ་ཀ་ཡི་གནས་བཅུ་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ ཞིང་སྐྱོང་ཚོགས་བདག་རྒྱ་མཚོ་ཡི༔ ཐུགས་དམ་བསྐང་ལ་ཉམས་ཆག་བཤགས༔ ཙ་རི་པད་རི་པདྨ་འོད༔ བཀྲ་ཤིས་རྫོང་སོགས་འཛམ་གླིང་གི༔ ས་སྤྱོད་མཁའ་སྤྱོད་སྤྲུལ་པའི་ཞིང་༔ དེ་དང་དེར་བཞུགས་འགྲོ་འདུལ་དཔལ༔ ཞིང་སྐྱོང་དཔའ་བོ་མཁའ་འགྲོ་དང་༔ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ སྒོ་གསུམ་ཉེས་པའི་སྒྲིབ་ཚོགས་བཤགས༔ ཕྱི་ནང་བར་ཆད་དབྱིངས་སུ་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རིག་འཛིན་རྣམ་བཞིའི་ས་ལ་སྐྱོལ༔ འོད་གསལ་ཆོས་སྐུའི་གདིང་ཐོབ་ཤོག༔ ཌཱ་འུར་བཞག་ཐབས། རང་གདངས་དང་བཅས། ཨོཾ་ཨཱཿཧཱུྃ༔ གསང་སྔགས་བླ་ན་མེད་པའི་རྫས༔ ཡེ་ཤེས་བདུད་རྩིར་བྱིན་བརླབས་པའི༔ འདོད་ཡོན་མྱོང་གྲོལ་ཆེན་པོ་ནི༔ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི༔ གཤེགས་པ་དང་ནི་གཤེགས་མ་དང་༔ དཔའ་བོ་དཔའ་མོ་རྣལ་འབྱོར་ཚོགས༔ མཉེས་ཕྱིར་རྗེས་དགོངས་དགྱེས་པར་རོལ༔ ཧོཿ ཚོགས་ཀྱི་སློབ་དཔོན་ཚོགས་ལ་རོལ༔ དཔའ་བོ་དཔའ་མོ་ཚོགས་ལ་རོལ༔ རྣལ་འབྱོར་ཕོ་མོ་ཚོགས་ལ་རོལ༔ མཆེད་དང་ལྕམ་དྲལ་ཚོགས་ལ་རོལ༔ མཆོག་གི་དངོས་གྲུབ་བདེ་བ་ཆེ༔ ཨ་ལ་ལ་སྟེ་དགྱེས་པར་རོལ༔ རྡོ་རྗེ་མཆེད་ལྕམ་གཟུངས་མར་བཅས༔ ཡང་གསང་དཀྱིལ་འཁོར་འདི་ཉིད་དུ༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ ཨོཾ་སིདྡྷི༔ ཨཱཿ སིདྡྷི༔ ཧཱུྃ་སིདྡྷི༔ སྭཱ་སིདྡྷི༔ ཧཱ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་ཚོགས་ལ་རོལ། བསམ་ལྷུན་སོགས་གསོལ་འདེབས་གང་འོས་བྱ། ལྷག་མ་ལ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། ལྷག་མའི་གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་འདོད་ཡོན་བདུད་རྩིའི་ཕུང་པོར་གྱུར། རྐང་རྭ་བཅས་ཌཱ་འུར་ནས་ཁྲོས་འབྲིང་གི་ཚོགས་ལྷག་གདངས་རྡོ་རྗེ་རིགས་ཀྱིས། ཕཊ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ལྷག་གཏོར་འདོད་རྒུ་མི་ཟད་གཏེར༔ ལྷག་སྐྱོང་ཕོ་མོའི་ཚོགས་ལ་འབུལ༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་མཛོད༔ ཞེས་ཌཱ་འུར་བཞག་ཐབས། ཡེ་ཤེས་མཁའ་འགྲོའི་གྲོང་ཁྱེར་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་སྨོན་ལམ་བཏབ། ན་མོ། དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཤ་ཁྲག་དམར་གྱི་གཏོར་མ་འདི་ལ་ཁུག་ཅིག །ཛཿཧཱུྃ་བྃ་ཧོ༔ ཅེས་རྐང་༣་བཅས་ཌཱ་འུར་ནས་བསྐུལ་བ་རང་གདངས་དང་བཅས། ཧཱུྃ༔ སྤྲོས་བྲལ་བདེ་བ་ཆེན་པོ་ནས༔ དབྱིངས་ཀྱི་བདག་ཉིད་སྤྱི་རྗེ་མོའི༔ སྒྱུ་འཕྲུལ་རོལ་རྩལ་མཁའ་འགྲོ་བསྐུལ༔ འཁོར་བ་མྱང་འདས་ཆེན་པོར་སྒྲོལ༔ ཅེས་རྐང་༣་བཅས་ཌཱའུར་ནས་ཆད་མཐོ་བརྟན་སྐྱོང་ཁྲོས་འབྲིང་གི་ཆད་བརྟན་གྱི་རྟ་དབྱངས་དང་བཅས། ཧཱུྃ༔ གཟུང་འཛིན་འཁྲུལ་པའི་རྒྱུས་བསྐྱེད་པའི༔ སྒོ་ཡུལ་རྟོག་དང་འབྲེལ་བ་ཡི༔ ཐབས་ཤེས་བཀའ་ཡི་སྲུང་མ་རྣམས༔ གཏོར་མ་བཞེས་ལ་ཕྲིན་ལས་སྒྲུབས༔ ཞེས་ཌཱ་འུར་ནས་བཞག་ཕྱེད། ན་མོ། དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བདེན་པས་གནོད་བྱེད་དམ་སྲི་སྒབ་འདྲེ་ལོག་པར་འདྲེན་པ་ཐམས་ཅད་གཏོར་གཞོང་རི་རབ་འབར་བའི་འོག་ཏུ་ཁུག་ཅིག །ཛཿཧཱུྃ་བྃ་ཧོཿ ཌཱ་འུར་ནས་ཁྲོས་འབྲིང་གི་བྲོ་བརྡུང་རྟ་དབྱངས་དང་བཅས། ཧུྃ༔ བདག་རྟོག་མ་ཏྲཾ་རཱུ་དྲའི་སྡེ༔ བདག་མེད་ཆེན་པོའི་མཁའ་རུ་བྲུབ༔ ཞེན་མེད་ལམ་གྱི་བྲོ་ར་འཁྲབ༔ བརྡལ་ཁྱབ་ཆོས་སྐུའི་ཀློང་རྒྱས་བཏབ༔ སྟྭཾ་བྷ་ཡ་ནན༔ ཞེས་ཌཱ་འུར་བཞག་ཐབས། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྚིཾ་ཀུ་རུ་ཧོ༔ ཞེས་གཏོར་གཞོང་དུ་འབྲུ་འཐོར། ཁྲོས་འབྲིང་གི་དངོས་གྲུབ་ལེན་པའི་རྟ་དབྱངས་དང་བཅས། ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་མཁའ་འགྲོ་མའི༔ གསང་གསུམ་རྡོ་རྗེའི་དངོས་གྲུབ་སྩོལ༔ ཞེས་དངོས་གྲུབ་བླངས། མཆོད་པ་ཁྲོས་འབྲིང་གི་བསྟོད་པའི་གདངས་ཀྱིས། ཧོཿ གཟུང་དང་འཛིན་པས་བསྡུས་པ་ཡི༔ ཆོས་ཀུན་མཆོད་པའི་སྤྲིན་དུ་ཤར༔ ཆོས་ཉིད་མཁའ་འགྲོའི་དཀྱིལ་འཁོར་དུ༔ གཉིས་མེད་རོལ་པར་འབུལ་གྱི་བཞེས༔ མ་ཧཱ་པཉྩ་པཱུ་ཛ་ཧོཿ སོགས་ལ་ཌཱ་འུར་ཉིས་བཅད། ཁྲོས་འབྲིང་གི་བསྟོད་པའིགདངས་ཀྱིས། ཧོཿ གདོད་ནས་གཞི་དབྱིངས་ཆོས་སྐུ་ཡུམ༔ ལྷུན་གྲུབ་རོལ་པ་ཡུམ་ཆེན་ལྔ༔ ཐུགས་རྗེའི་རང་རྩལ་མཁའ་འགྲོའི་དལ༔ ཡོངས་གྲུབ་ཆེན་པོར་ཕྱག་འཚལ་བསྟོད༔ ཅེས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཡིག་བརྒྱ་འདྲིལ་གསིལ། དེ་ནས་བསྡུ་ལྡང་ནི། ཧཱུྃ༔ སྣང་སྲིད་གཞིར་བཞེངས་ཆེན་པོར་བསྡུ༔ མ་བཅོས་གདོད་མའི་ས་རུ་སད༔ ཕཊ༔ སླར་ཡང་ཆོས་སྐུའི་རང་རྩལ་གྱི༔ རང་བྱུང་འགྲོ་འདུལ་སྤྲུལ་སྐུར་ཤར༔ ཕཊ་ཕཊ༔ དེ་ནས་བསྔོ་སྨོན་ནི། བསོད་ནམས་ཚོགས་གཉིས་ཆོས་སྐུར་བསྔོ༔ དོན་གྲུབ་སྐུ་གཉིས་ཐོབ་པར་ཤོག༔ ལན་གསུམ། དེ་ནས་བཀྲ་ཤིས། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ཧཱུྃ༔ དག་མཉམ་གཞི་ཡི་བཀྲ་ཤིས་ཤོག༔ མ་བསྒོམ་ལམ་གྱི་བཀྲ་ཤིས་ཤོག༔ ཡེ་རྫོགས་འབྲས་བུའི་བཀྲ་ཤིས་ཤོག༔ འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོག༔ ཅེས་ཌཱ་རུ་འུར་ཆེམས་སུམ་ཕྲུགས་མཐར་བཞག་ཐབས་བྱའོ། །དེ་དག་ཐམས་ཅད་ཁྲོས་འབྲིང་གི་རྟ་དབྱངས་མཐིག་ལེ་ཉག་གཅིག་གི་རྟ་དབྱངས་ཀྱིས་བཀབ་པར་བྱའོ། །སྤྲོ་ན། ཧོཿ བླ་མ་ཡུམ་ཆེན་ལྷ་ཚོགས་བདག་ལ་དགོངས། །དེང་འདིར་བསྒྲུབས་པའི་དགེ་བས་རབ་མཚོན་ཏེ། །དུས་གསུམ་བསགས་ཡོད་བསོད་ནམས་ཅི་མཆིས་པ། །མཁའ་ཁྱབ་འགྲོ་རྣམས་བྱང་ཆུབ་དོན་དུ་བསྔོ། །ཚེ་རབས་ཀུན་ཏུ་གསང་ཆེན་རིགས་མཆོག་གི། །སྐལ་ཅན་དྲུག་ལྡན་རྡོ་རྗེའི་ལུས་ཐོབ་ནས། །སྲིད་དང་ཞི་བའི་མཐའ་ལ་མི་སྨོན་པའི། །རྨད་བྱུང་ཐེག་པའི་ལམ་འདིར་འཇུག་པར་ཤོག །འགྲན་གྱི་ཟླ་བྲལ་ཁྲག་འཐུང་བདུད་འཇོམས་གླིང་། །གཅིག་ཆོག་སྐྱབས་ཀྱི་མཆོག་ཏུ་མི་འབྲལ་ཞིང་། །རྒྱུད་ལས། བུ་ཁྱོད་སློབ་དཔོན་མི་སྤང་ངོ་། །རྡོ་རྗེ་ཕག་མོའི་དམ་ཚིག་ཡིན། །ཅེས་སོ། །རང་རིག་གཤིས་སུ་གདོད་ནས་རོ་མཉམ་པར། །རྟོགས་པའི་གསོལ་བ་སྙིང་ལ་ཐེབས་པར་ཤོག །བླ་མེད་རྡོ་རྗེ་བཞི་ཡི་དཀྱིལ་འཁོར་དུ། །ལེགས་ཞུགས་དབང་བཞིའི་ཆོ་གས་བདག་རྒྱུད་སྨིན། །རྡོ་རྗེ་མཁའ་འགྲོས་ རྒྱུད་རྣམས་ལས། ཡོངས་བསྒྲགས་ རྩ་ལྟུང་བཅུ་བཞི་སོགས་ཐུན་མོང་སྤྱིའི། དམ་ཚིག་ཚུལ། །ཁ་ན་མ་ཐོ་མེད་པར་བསྲུང་ནུས་ཤོག །སྒྲུབ་པ་ཁྱད་པར་གྱི་དམ་ཚིག །སྣང་སྲིད་གཞིར་བཞེངས་ཡེ་རྫོགས་བསྐྱེད་རིམ་དང་། །འོད་གསལ་ཐིག་ལེ་ལྷུན་གྲུབ་རྫོགས་པའི་རིམ། །ཟུང་འཇུག་མཆོག་གསང་རྡོ་རྗེ་རྩེ་མོའི་གནད། །ནམ་མཁའི་ཀློང་མཛོད་ལམ་དུ་ལོངས་པར་ཤོག །མཁའ་འགྲོ་རིགས་ལྔ་ལྷག་པའི་དམ་ཚིག །ཀུན་ལ་བྱམས་ཤིང་ སངས་རྒྱས་མཁའ་འགྲོའི་དམ་ཚིག ཅི་ལའང་ཆགས་པ་མེད། རིན་ཆེན་མཁའ་འགྲོའི་དམ་ཚིག །ཤེས་རབ་ མ་མཚན་ལྡན་ བདུད་རྩི་ ལྔ་དང་ ཤ་ཆེན་ ལྔ་རྣམས་ བསྟེན་ཅིང་བཟའ། པདྨ་མཁའ་འགྲོའི་དམ་ཚིག །མཁའ་འགྲོ་སྤྱིའི་དམ་ཚིག །བརྟུལ་ཞུགས་ཆས་ལྡན་ རུས་རྒྱན་ཅང་ཏེའུ་སོགས་ གླུ་གར་འདོད་ཡོན་བཅས། །གདུག་གཏུམ་ རྡོ་རྗེ་མཁའ་འགྲོའི་དམ་ཚིག་ རྒྱུག་མཆོང་སྤྱོད་པ་ ལས་ཀྱི་མཁའ་འགྲོའི་དམ་ཚིག་ མཐར་དབྱུང་ཤོག བསྡུས་པའི་དམ་ཚིག །མི་ཕོད་ཐོག་ཏུ་བརྫི་ཞིང་ ཟས་གོས་གཏམ་ལ་ འཁྲི་བ་བཅད། །ཞེན་པ་གཏིང་ལོག་ འཁོར་གཡོག་ལ་ གཅེས་འཛིན་སྙེམས་ཐག་ཆད། །ལུས་དང་ཆོས་ཀྱི་སྦྱིན་པས་རབ་བསྡུས་ནས། །སྣང་སྲིད་ལྷ་འདྲེ་སེམས་ཅན་ཀུན་སྒྲོལ་ཤོག །ཆོས་ཅན་འཁྲུལ་པའི་སྣང་བ་ཇི་སྙེད་པ། །ཆོས་ཉིད་བརྗོད་དུ་མེད་པའི་དབྱིངས་ཟད་དེ། །སྒྲིབ་བྲལ་འཇའ་ལུས་ཡེ་ཤེས་སྒྱུ་མའི་སྐུ། །ཚེ་འདི་ཉིད་ལ་མངོན་དུ་འགྱུར་བར་ཤོག །གལ་ཏེ་སྦྱངས་གོམས་བརྩོན་འགྲུས་སྟོབས་ཞན་པས། །ཚེ་འདིར་ལམ་གྱི་གྲུབ་མཐའ་མ་སྙོགས་ན། །འཆི་བའི་དུས་བབས་འདའ་ཀའི་ཏིང་ངེ་འཛིན། །དགོངས་པ་མི་གཡོའི་ངང་ནས་འཕོ་བར་ཤོག །རང་སྣང་དཔའ་བོ་མཁའ་འགྲོ་མ་ཚོགས་ཀྱིས། །གླུ་གར་རོལ་མོ་མཆོད་པས་མདུན་བསུས་ཏེ། །འོག་མིན་མཁའ་སྤྱོད་ཞིང་ཁམས་ཉམས་དགའ་བར། །རིགས་བདག་བླ་མའི་དྲུང་དུ་འཁྲིད་པར་ཤོག །སྣང་ཆ་མ་འགགས་ཐབས་མཆོག་ཧེ་རུ་ཀ །སྟོང་ཆེན་ཤེས་རབ་དབྱིངས་ཕྱུག་ཁྲོས་མའི་མཁར། །མཉམ་སྦྱོར་མཁའ་ཁྱབ་ཡེ༷་ཤེ༷ས་བདེ་བ་ཆེ། །ཟུང་འཇུག་རྡོ༷་རྗེ༷་འཛིན་རྒྱལ་བདག་འགྲུབ་ཤོག །ཅེས་པའི་བར་སྨོན་ལམ་གྱིས་མཐའ་བརྒྱན་པས་དོན་ཡོངས་སུ་འགྲུབ་པར་འགྱུར་རོ། །དེ་ལྟར་ཡང་གསང་གི་སྒྲུབ་པ་རྡོ་རྗེའི་སྙིང་པོ་ཉམས་སུ་ལེན་བདེའི་ཆེད་དུ་སྒྲིག་པའི་དགོས་ཆེད་ནི་མ་ཅིག་ཁྲོས་མ་ནག་མོའི་གསང་བ་གསུམ་རྣལ་འབྱོར་དུ་བྱས་པ་ལ་སྙིང་ནས་དད་འདུན་ཤིན་ཏུ་ཆེ་ཡང་ཤར་ནུབ་རྒྱལ་ཁབ་ཀྱི་མི་རིགས་བོད་སྐད་ཚུལ་བཞིན་མ་སྦྱངས་པས་ལས་བྱང་རྒྱས་འབྲིང་ལ་བརྟེན་ནུས་མ་མཆིས་པའི་རིགས་ལ་ཕན་པའི་སླད་དུ་ངེས་པར་འབྲིས་དགོས་ཞེས་རང་ལ་རིང་ནས་མཆོག་ཏུ་གུས་པའི་འབྲུག་བླ་བཀྲ་ཤིས་དཔལ་ལྡན་ནས་བསྐུལ་བ་ལྟར་ཕྲིན་ལས་ནོར་བུ་ནས་ལའུར་བྲིས་པའོ།། །།