སྔ་འགྱུར་བཀའ་མའི་བརྒྱུད་འདེབས་ཞལ་སྐོང་གནང་བ་དང་གསར་མཛད་ཁག།

From Dudjom Wiki
Revision as of 20:02, 9 November 2026 by Jeremi (talk | contribs) (New collection pages (Thinley Norbu gsung 'bum / Dudjom gsung thor bu))
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-SUNGTHORBU-01-AA-004
Wylie title snga 'gyur bka' ma'i brgyud 'debs zhal skong gnang ba dang gsar mdzad khag
Location bdud 'joms rin po che'i gsung thor bu
Volume 1, Text 4, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Snga 'gyur bka' ma'i brgyud 'debs zhal skong gnang ba dang gsar mdzad khag. In Bdud 'joms 'jigs bral ye shes rdo rje yi gsung gi thor bu chos sku'i ring bsrel. Kathmandu: Pal Ngagyur Shedrup Dojoling, 2026.
Side notes  
More details More details
Genre

[edit]
༄༅། །སྔ་འགྱུར་བཀའ་མའི་བརྒྱུད་འདེབས་ཞལ་སྐོང་གནང་བ་དང་གསར་མཛད་ཁག་བཞུགས་སོ།།

སོ་ཐར་སྡོམ་བརྒྱུད་ཀྱི་གསོལ་འདེབས་བཞུགས། བཀའ་མ་༼ཀ༽ ཨིན་ཤོག་ཨང༌། ༡༧༥།ན ༈ མཚན་དཔེའི་གཟུགས་སྐུ་མཐོང་དང་ཚངས་དབྱངས་གསུང༌། །ལྷན་ཅིག་ཐོས་པའི་མོད་ལ་སྲིད་ཞིའི་གདུང༌། །རབ་བསལ་ཁྱོད་ཐུགས་རྣམ་མཁྱེན་ལ་སྦྱོར་བ། །ཀུན་མཁྱེན་ཉི་མའི་གཉེན་ལ་གསོལ་བ་འདེབས། །ཤཱ་རིའི་བུ་དང་རྒྱལ་རིགས་སྒྲ་གཅན་འཛིན། །བྲམ་ཟེའི་བཙུན་པ་རཱ་ཧུ་ལ་གུཔྟ། །འཕགས་མཆོག་ཀླུ་སྒྲུབ་སློབ་དཔོན་ལེགས་ལྡན་འབྱེད། །དཔལ་སྦས་ཡེ་ཤེས་སྙིང་པོར་གསོལ་བ་འདེབས། །གངས་ཅན་བསྟན་པའི་ཉི་མ་ཞི་བ་འཚོ། །རྦ་རིགས་རཏྣ་གཙང་པ་རབ་གསལ་ཞབས། །ཤཱཀྱ་མུ་ནེ་གཡོར་པོ་དགེ་བ་འབྱུང༌། །དགོངས་པ་རབ་གསལ་ཞབས་ལ་གསོལ་བ་འདེབས། །ཀླུ་མེས་ཚུལ་ཤེས་རྡོ་རྗེ་རྒྱལ་མཚན་དང༌། །སྣེ་མོ་གྲགས་རྒྱལ་འབྲེ་ཆེན་ཤེས་རབ་འབར། །བརྩོན་འགྲུས་འབར་དང་གཞོན་ནུ་སེང་གེའི་ཞབས། །གྲོ་སྟོན་བདུད་རྩི་གྲགས་ལ་གསོལ་བ་འདེབས། །མཆིམས་ཆེན་ནམ་མཁའ་གྲགས་དང་གྲགས་ཤེར་བ། །མཆིམས་སྟོན་བློ་བཟང་གྲགས་པ་ཀུན་རྒྱལ་རྗེ། །གྲུབ་པ་ཤེས་རབ་པཎ་ཆེན་དགེ་འདུན་གྲུབ། །གནས་སྙིང་ཀུན་དགའི་མཚན་ལ་གསོལ་བ་འདེབས། །དགེ་འདུན་རྒྱ་མཚོ་དགེ་ལེགས་དཔལ་བཟང་པོ། །དཔལ་འབྱོར་རྒྱ་མཚོ་དཀོན་མཆོག་ཆོས་འཕེལ་དང༌། །དཀོན་མཆོག་བསྟན་འཛིན་ངག་དབང་ཆོས་ཀྱི་དཔལ། །ཆོས་ཀྱི་གྲགས་པ་རྣམས་ལ་གསོལ་བ་འདེབས། །འགྱུར་མེད་ཆོས་ལྡན་ཨོ་རྒྱན་བསྟན་འཛིན་རྗེ། །རིག་འཛིན་བཟང་པོ་པདྨ་མངྒལ། །ཐུབ་བསྟན་ཉིན་བྱེད་གཞན་ཕན་མཐའ་ཡས་སྡེ། །ཐུབ་བསྟན་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །མཚུངས་མེད་ཀུན་དགའ་ཚུལ་ཁྲིམས་རྡོ་རྗེའི་ཞབས། །རྡོ་རྗེ་འཛིན་པ་ངག་དབང་ནོར་བུའི་དཔལ། །བཀའ་དྲིན་མཉམ་མེད་ཕན་བདེའི་འོད་ཟེར་ཏེ། །མཁན་བརྒྱུད་དམ་པ་རྣམས་ལ་གསོལ་བ་འདེབས། །ངན་སོང་གནས་གསུམ་སྡུག་བསྔལ་དྲག་པོས་མནར། །མི་དང་འདོད་ལྷ་འགྱུར་བའི་དུཿཁས་གཟིར། །གཟུགས་དང་གཟུགས་མེད་འདུ་བྱེད་འཆིང་བས་བཅིངས། །འཁོར་བའི་རང་མཚང་མངོན་སུམ་མཐོང་བར་ཤོག །ཚུལ་དེས་བཅོས་མིན་ཡིད་འབྱུང་ངེས་པ་ལྔ། །ཡོངས་བྲལ་ད་ཆོག་སྒོ་ནས་གསོལ་བཞིའི་ལས། །འཁྲུལ་མེད་ཆོ་གས་ཚངས་སྤྱོད་དཔལ་ཐོབ་སྟེ། །ངུར་སྨྲིག་འཛིན་པའི་མཆོག་ཏུ་འགྱུར་བར་ཤོག །མཐའ་གཉིས་སྤངས་པའི་བསོད་སྙོམས་ཟས་ཀྱི་འཚོ། །ཤིང་དྲུང་ཅོག་པུ་ཙམ་གྱི་གནས་མལ་དང༌། །རྙེད་སླ་ཕྱག་བདར་ཁྲོད་པའི་ངུར་སྨིག་གོས། །གཞན་གྱིས་སྤྱད་ཟིན་སྨན་ལ་བསྟེན་པར་ཤོག །ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་གྲངས། །སྤང་ལྟུང་སུམ་ཅུ་ལྟུང་བྱེད་བཅུ་ཕྲག་དགུ །སོར་བཤགས་བཞི་དང་ཉེས་བྱས་བརྒྱ་བཅུ་གཉིས། །བག་ཡོད་བརྟན་པོས་ཚུལ་བཞིན་བསྲུང་བར་ཤོག །གཞན་གྱི་ཁྲོ་དང་མཚོན་སོགས་ཉེ་བར་བརྡེག །གཤེ་དང་མཚང་འདྲུ་ལ་སོགས་གནོད་ཀུན་ལ། །དྲན་ཤེས་བརྟན་པོས་གཉེན་པོ་ལེགས་བསྟེན་ནས། །རྟག་ཏུ་བཟོད་པའི་གོ་ཆ་བགོ་བར་ཤོག །མཁན་སློབ་དགེ་བའི་བཤེས་ལ་མཆོག་ཏུ་དད། །ཚངས་པར་མཚུངས་པར་སྤྱོད་ལ་གཅིག་ཏུ་གུས། །སྡེ་སྣོད་ལུང་ལ་རབ་སྤྱངས་བསླབ་པ་གསུམ། །མངོན་པར་རྟོགས་པས་བདག་རྒྱུད་ཕྱུག་པར་ཤོག །བག་ཡོད་མཐུན་པའི་རླུང་གིས་ཚུལ་ཁྲིམས་གཟིངས། །མངོན་མཐོའི་རིན་ཆེན་གླིང་བགྲོད་ཐར་པའི་ནོར། །ལྷག་བསམ་རྒྱལ་མཚན་རྩེ་མོར་ཡོངས་བཀོད་ནས། །འགྲོ་རྣམས་ཕན་བདེའི་འདོད་རྒུས་ཚིམ་པར་ཤོག །ཅེས་ཀུན་མཁྱེན་ལྔ་པ་ཆེན་པོས་མཛད་པའི་སྡོམ་རྒྱུན་གསོལ་འདེབས་ལས། བརྒྱུད་པའི་ཁྱད་པར་གྱིས་ཞི་འཚོ་ཡབ་སྲས་ཤློ་ཀ་གཅིག་དང༌། དགེ་འདུན་རྒྱ་མཚོ་མན་གྱི་ཤློ་ཀ་གཅིག་བཅས་ལོ་ཆེན་དྷརྨ་ཤྲཱིས་བསྒྱུར་བར་མཛད་པ་དང་དེ་ནས་བརྒྱུད་པའི་རིམ་པ་ཁ་བསྐང་བ་པོ་ནི་ཛྙཱ་ནའོ།། །། ༈ །བྱང་སྡོམ་བརྒྱུད་འདེབས། བཀའ་མ་༼ཀ༽ ༤༧༧།ན ༈ བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པའི་བརྒྱུད་འདེབས་ལ། ཐོག་མར་འཕགས་པ་འཇམ་དཔལ་ནས་ཀླུ་སྒྲུབ་ལ་སྩལ་བའི་དབུ་མ་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་ནི། རྣམ་འདྲེན་སྟོབས་བཅུའི་མངའ་བདག་ཟས་གཙང་སྲས། །རྒྱལ་སྲས་འཇམ་དཔལ་ཀླུ་སྒྲུབ་ཟླ་བ་གྲགས། །རིག་པའི་ཁུ་བྱུག་ཀུ་སཱ་ལ་ཆེ་ཆུང༌། །གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །ཇོ་བོ་ཐང་པ་ཛ་དང་འཇིགས་མེད་འབྱུང༌། །ཟླ་རྒྱལ་གྲོ་ལུང་པ་དང་བྱང་ཆུབ་འོད། །རྨ་བྱ་ཤཱཀ་སེང་མཆིམས་ཆེན་སྨོན་ཚུལ་པ། །གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །བྱང་ཆུབ་གྲུབ་པ་གཞོན་རྡོར་ཀུན་མཁྱེན་རྗེ། །ཁྱབ་བརྡལ་ལྷུན་གྲུབ་གྲགས་འོད་སངས་རྒྱས་དབོན། །ཟླ་གྲགས་ཀུན་བཟང་རྡོ་རྗེ་རྒྱལ་མཚན་དཔལ། །གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །སྣ་ཚོགས་རང་གྲོལ་བསྟན་འཛིན་གྲགས་པའི་ཞབས། །མདོ་སྔགས་བསྟན་འཛིན་ཕྲིན་ལས་ལྷུན་གྲུབ་དཔལ། །འགྱུར་མེད་རྡོ་རྗེ་ངག་དབང་ཆོས་དཔལ་སྡེ། །གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །ཡིད་བཞིན་ལེགས་གྲུབ་རིན་ཆེན་རྣམ་པར་རྒྱལ། །ཨཽ་ཌི་ཡཱ་ན་གསང་སྔགས་བསྟན་འཛིན་རྗེ། །པདྨ་དབང་རྒྱལ་སངས་རྒྱས་ཀུན་དགའི་ཞབས། །གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །མཁྱེན་བརྩེ་དབང་པོ་ཚེ་དབང་ནོར་བུའི་དཔལ། །རྒྱལ་སྲས་ཨོ་རྒྱན་རྣམ་གྲོལ་རྒྱ་མཚོའི་སྡེ། །རིན་ཆེན་བྱང་ཆུབ་སེམས་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །ཡོན་ཏན་གཞིར་གྱུར་བཤེས་གཉེན་གུས་བསྟེན་ནས། །རྙེད་དཀའི་རྟེན་ལས་སྙིང་པོ་ལེན་སྤྲོ་ཞིང༌། །མི་རྟག་འཆི་བ་རྗེས་དྲན་དཀར་ནག་གི །ལས་འབྲས་སྤང་བླང་ཚུལ་བཞིན་སྤྱོད་པར་ཤོག །སྲིད་བདེ་འཁྲུལ་པར་ཤེས་ནས་ཐར་པའི་སྒོར། །བག་ཡོད་ཁྲིམས་ཀྱིས་འཇུག་ཅིང་འཁོར་མཚོ་ལས། །འགྲོ་ཀུན་འདྲེན་པའི་ཁུར་ཁྱེར་ཚད་མེད་ཀྱི། །བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །སྐྱེ་བར་ཚུལ་གནས་ཐོས་བསམ་སྒོམ་པར་བརྩོན། །རྒྱལ་བའི་བསྟན་ལ་བྱ་བ་ཆེར་འགྲུབ་ཅིང༌། །སྒོ་གསུམ་གཞན་ཕན་སྤྱོད་ལས་མི་གཡེལ་བས། །འགྲོ་ཀུན་བྱང་ཆེན་ལམ་ལ་འགོད་པར་ཤོག །རྒྱལ་ཚབ་མ་ཕམ་པ་ནས་འཕགས་པ་ཐོགས་མེད་ལ་སྩལ་བའི་སེམས་ཙམ་ལུགས་ཀྱི་བརྒྱུད་པའི་ཁྱད་པར་ནི། དོན་གཉིས་མཐར་ཕྱིན་རྣམ་འདྲེན་ཟས་གཙང་སྲས། །རྒྱལ་ཚབ་མ་ཕམ་ཐོགས་མེད་དབྱིག་གི་གཉེན། །རྣམ་གྲོལ་གྲོལ་སྡེ་མཆོག་སྡེ་དུལ་བའི་སྡེ། །གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །སྣང་མཛད་སེང་བཟང་སངས་རྒྱས་ཡེ་ཤེས་ཞབས། །གུ་ཎ་མི་ཏྲ་རིན་ཆེན་ཟླ་བ་དང༌། །བསྟན་སྐྱོང་རྔོག་ལོ་འབྲེ་ཆེན་ཤེས་རབ་འབར། །གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །བྱང་ཆུབ་ཡེ་ཤེས་གཞོན་ཚུལ་ཞང་གཡེ་བ། །གཉལ་ཞིག་འཆིང་རུ་ཆུ་མིག་སེང་གེ་དཔལ། །ལྷོ་བྲག་པ་དང་བཙན་དགོན་དབེན་དགེ་བ། །གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག །ཆོས་དཔལ་རྒྱལ་མཚན་ཀུན་མཁྱེན་ཆོས་ཀྱི་རྗེ། །ཁྱབ་བདག་ལྷུན་གྲུབ་མན་འདྲ། འདི་གཉིས་རིག་འཛིན་གཏེར་བདག་གླིང་པས་མཛད་པ་ལ་བརྒྱུད་པའི་ཁྱད་པར་ཁ་བསྐང་བ་པོ་ནི་ཛྙཱ་ནའོ།། །། ༈ །བྱ་རྒྱུད་སྨན་བླའི་རྗེས་གནང་བརྒྱུད་འདེབས་ཁ་སྐོང༌། བཀའ་མ་༼ཀ༽ ༧༤༣།ན ༈ བློ་གྲོས་མཐའ་ཡས་བསྟན་པའི་རྒྱལ་མཚན་རྗེ། །རྡོ་རྗེ་འཛིན་པ་འགྱུར་མེད་ངེས་དོན་དབང༌། །རྩ་བའི་བླ་མ་སོགས། གོང་གི་མཁྱེན་བརྩེ་ནས་བརྒྱུད་རིམ་ཁ་སྐོང་ཚིག་གཉིས་པོ་ཛྙཱ་ནས་སོ།། །། ༈ །འོད་ཟེར་དྲི་མེད་དཀྱིལ་ཆོག་བླ་བརྒྱུད་ཕྱག་འཚལ་ཁ་སྐོང༌། ༼ཁ༽ ༡༩༦།བ།༡ ༈ ཡང་ན། བསོད་ནམས་མཆོག་གྲུབ་ཀྱི་རྗེས་སུ། ཞ་ལུ་བླ་ཆེན་རིན་ཆེན་དཔལ་བཟང་པོ། །བྱང་སེམས་བླ་མ་གསུམ་ལ༴ སྨྲ་དབང་ལོ་ཆེན་ཆོས་དཔལ་རྒྱ་མཚོའི་སྡེ། །མཚུངས་མེད་རྒྱལ་སྲས་རིན་ཆེན་རྣམ་པར་རྒྱལ། །རབ་འབྱམས་སྨྲ་བ་འགྱུར་མེད་བསླབ་གསུམ་དཔལ། །མཉམ་མེད་བསྟན་འཛིན་གསུམ་ལ༴ མཁས་བཙུན་ཁྱུ་མཆོག་ཚེ་དབང་རིག་འཛིན་བཟང༌། །བྱང་སེམས་མཁན་ཆེན་པདྨ་བཀྲ་ཤིས་དཔལ། །རྒྱལ་སྲས་གཞན་ཕན་ཕ་མཐའ་ཡས་པའི་སྡེ། །འགྲན་མེད་བསྟན་འཛིན་གསུམ་ལ༴ མང་ཐོས་མཁན་ཆེན་པདྨ་རྡོ་རྗེའི་ཞབས། །རྣམ་འདྲེན་ལུང་རྟོགས་བསྟན་པའི་ཉི་མ་བཟང༌། །བསྟན་པའི་རྒྱལ་མཚན་གསུམ་ལ༴ མཁས་གྲུབ་མདོ་སྔགས་བསྟན་འཛིན་ནོར་བུའི་སྡེ། །ཁྱབ་བདག་འགྱུར་མེད་ཕན་བདེའི་འོད་ཟེར་ཞབས། །བྱང་སེམས་ངག་དབང་མཁྱེན་བརྩེའི་ནོར་བུ་སྡེ། །དྲིན་ཅན་བླ་མ་གསུམ་ལ་ཕྱག་འཚལ་ལོ། །ཞེས་ཛྙཱ་ནས་ཁ་བསྐང་པའོ།། །། ༈ །སངས་རྒྱས་མཉམ་སྦྱོར་བརྒྱུད་འདེབས་ཁ་བསྒྱུར། བཀའ་མ་༼ག༽ ༦༡།ན ༈ ཨོ་རྒྱན་བསྟན་འཛིན་ཕྲིན་ལས་རྣམ་པར་རྒྱལ། །ཕྲིན་ལས་ཆོས་སྒྲོན་སངས་རྒྱས་ཀུན་དགའི་ཞབས། །བསྟན་འཛིན་ནོར་བུ་ཕན་བདེ་འོད་ཟེར་ལ། །གསོལ་བ༴ བརྒྱུད་སྲོལ་ཀུན་འདུས་སོགས། ཅེས་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་མཛད་པའི་བརྒྱུད་འདེབས་ལ་བརྒྱུད་པའི་ཁྱད་པར་གྱིས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ནས་བདག་གི་རིགས་བདག་འགྱུར་མེད་ཕན་བདེའི་འོད་ཟེར་བར་ཁ་བསྒྱུར་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། །། ༈ །སངས་རྒྱས་མཉམ་སྦྱོར་སྨན་མཆོད་བརྒྱུད་འདེབས་ཁ་བསྒྱུར། བཀའ་མ་༼ག༽ ༡༠༨།བ།༣ ༈ ཀུན་བཟང་རིགས་ལྔ་གསང་བདག་དྲི་མེད་གྲགས། །ཨིནྡྲ་བྷུ་ཏི་ཨུ་པ་རཱ་ཛ་དང༌། །ཀུ་ཀུ་རཱ་ཛ་མུ་དི་ཏ་རྣམས་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཨརྐ་སོ་མ་བཛྲ་བ་ཧུ་ཏ། །མུས་ཏོ་བ་ཧུ་ཏཿདང་གུས་ཀོ་ཏཿ དྲི་མེད་བཤེས་གཉེན་རྨ་ལོ་རིན་མཆོག་ལ། །སྨན་མཆོད༴ སརྦ༴ མཁས་པའི་དབང་པོ་གཅུག་གྱེར་རྣམ་གཉིས་དང༌། །ཚུལ་ཁྲིམས་བྱང་ཆུབ་ཐུགས་སྲས་རྣམ་པ་གསུམ། །བྱང་ཆུབ་འོད་དང་བློ་གྲོས་རྒྱལ་མཚན་ལ། །སྨན་མཆོད༴ སརྦ༴ རིན་ཆེན་ཚུལ་ཁྲིམས་རོང་སྟོན་ཆོས་བཟང་དང༌། །ཡམ་ཤུད་བློ་བཟང་འགོས་སྟོན་ཟླ་བ་འབར། །ཟླ་བ་འབུམ་གྲགས་དངོས་གྲུབ་རྒྱལ་མཚན་ལ། །སྨན་མཆོད༴ སརྦ༴ འགོས་སྟོན་ཆོས་རྡོར་འགོས་པ་དངོས་གྲུབ་མགོན། །དབུས་པ་སངས་འབུམ་གསེར་སྟེང་ཆོས་འོད་བཟང༌། །མི་བསྐྱོད་རྡོ་རྗེ་མཁན་ཆེན་བསོད་འཕེལ་ལ། །སྨན་མཆོད༴ སརྦ༴ བག་སྟོན་ཚུལ་རྒྱ་བླ་ཆེན་བསོད་ནམས་དཔལ། །འཇམ་དབྱངས་ཀུན་བློ་ནམ་མཁའ་ཚུལ་ཁྲིམས་དང༌། །རོང་པ་བློ་བཟང་མཁྱེན་རབ་ཆོས་རྗེ་ལ། །སྨན་མཆོད༴ སརྦ༴ སཾ་བྷ་ཤྲཱི་ཚུལ་ཁྲིམས་འོད་ཟེར་འབར། །བསོད་ནམས་དཔལ་འབྱོར་རིན་ཆེན་བཀྲ་ཤིས་སྡེ། །བློ་གསལ་རྒྱ་མཚོ་འཇམ་དབྱངས་མཁྱེན་བརྩེ་ལ། །སྨན་མཆོད༴ སརྦ༴ དབང་ཕྱུག་རབ་བརྟན་བསོད་ནམས་མཆོག་ལྡན་དཔལ། །ངག་དབང་ཨོ་རྒྱན་རིག་འཛིན་གཏེར་བདག་གླིང༌། །འགྱུར་མེད་རྒྱ་མཚོ་རིན་ཆེན་རྣམ་རྒྱལ་ལ། །སྨན་མཆོད༴ སརྦ༴ ཨོ་རྒྱན་བསྟན་འཛིན་ཕྲིན་ལས་རྣམ་པར་རྒྱལ། །ཕྲིན་ལས་ཆོས་སྒྲོན་སངས་རྒྱས་ཀུན་དགའི་ཞབས། །བསྟན་འཛིན་ནོར་བུ་ཕན་བདེ་འོད་ཟེར་ལ། །སྨན་མཆོད༴ སརྦ༴ བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་དང༌། །བདེ་གཤེགས་སྒྱུ་མ་བདེ་མཆོག་ཡི་དམ་ལྷ། །མ་སྲིང་མཁའ་འགྲོ་དམ་ཅན་རྒྱ་མཚོ་ལ། །སྨན་མཆོད༴ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་ཕུལ་བའི་མཐར། ཨོཾ་ཨཱཿཧཱུཾ་གིས་དངོས་གྲུབ་བླང་ངོ། །སྨན་མཆོད་བརྒྱུད་འདེབས་ལྟར་ཁ་བསྒྱུར་ཛྙཱ་ནས་སོ། །མཆན། ༈ །ཡང་དག་གི་བརྒྱུད་འདེབས་ཁ་བསྒྱུར། བཀའ་མ་༼ག༽ ༢༥༧།ན ༈ འགྱུར་མེད་རྒྱ་མཚོ་ནས། རིན་ཆེན་རྣམ་རྒྱལ་ཨོ་རྒྱན་བསྟན་འཛིན་རྗེ། །ཕྲིན་ལས་རྣམ་རྒྱལ་ཕྲིན་ལས་ཆོས་ཀྱི་སྒྲོན། །གསོལ་བ༴ སངས་རྒྱས་ཀུན་དགའ་བསྟན་འཛིན་ནོར་བུའི་སྡེ། །རིགས་བདག་འགྱུར་མེད་ཕན་བདེའི་འོད་ཟེར་ཞབས། །བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་ལ། །གསོལ་བ༴ ཅེས་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་མཛད་པའི་བརྒྱུད་འདེབས་ལ་བརྒྱུད་པའི་ཁྱད་པར་གྱིས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ནས་བདག་གི་རིགས་བདག་འགྱུར་མེད་ཕན་བདེའི་འོད་ཟེར་བར་ཁ་བསྒྱུར་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། །། ༈ །ཡང་དག་གི་སྨན་མཆོད་བརྒྱུད་འདེབས་ཁ་བསྒྱུར། བཀའ་མ་༼ག༽ ༢༨༩།ན།༣ ༈ སྟོན་པ་ཀུན་བཟང་རྡོ་རྗེ་སེམས་དཔའ་ཆེ། །དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་དང༌། །རོ་ལངས་བདེ་བ་སངས་རྒྱས་གསང་བ་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱི་ཙྪ་ཧོཿཁ་རཾ་ཁཱ་ཧི། བལ་པོ་ཧཱུཾ་མཛད་པདྨ་སཾ་བྷ་ཝ། །ནམ་མཁའི་སྙིང་པོ་ཡེ་ཤེས་གཞོན་ནུ་དང༌། །དཔལ་གྱི་ཡེ་ཤེས་གནུབས་ཆེན་སངས་རྒྱས་ལ། །སྨན་མཆོད༴ ཨོཾ་སརྦ༴ ཡེ་དབང་ཀལྤོ་དབང་གི་གཙུག་གཏོར་དང༌། །སོ་སྟོན་རྒྱལ་པོ་ཆོས་སེང་རཱ་ཛ་འབར། །ཆོས་ཡེ་བསྟན་པ་རྒྱལ་ཚ་མགོན་པོ་ལ། །སྨན་མཆོད༴ ཨོཾ་སརྦ༴ པདྨ་རྒྱལ་མཚན་བདེ་གཤེགས་པད་འབྱུང་དང༌། །རཏྣ་ཤྲཱི་ཆོས་མཆོག་ཆོས་ལྡན་ཞབས། །གསང་བདག་སེ་སྟོན་དཔལ་འབུམ་མགོན་བཟང་ལ། །སྨན་མཆོད༴ ཨོཾ་སརྦ༴ རིན་ཆེན་རྒྱལ་མཚན་མགོན་པོ་ཟླ་བ་དང༌། །ངག་དབང་རྡོ་རྗེ་དཔལ་ལྡན་བཀྲ་ཤིས་ཞབས། །ལེགས་གྲུབ་ཚེ་རིང་རྡོ་རྗེ་ཆོས་དབྱིངས་ལ། །སྨན་མཆོད༴ ཨོཾ་སརྦ༴ གཏེར་བདག་གླིང་པ་འགྱུར་མེད་རྒྱ་མཚོའི་སྡེ། །རིན་ཆེན་རྣམ་རྒྱལ་ཨོ་རྒྱན་བསྟན་འཛིན་རྗེ། །ཕྲིན་ལས་རྣམ་རྒྱལ་ཕྲིན་ལས་ཆོས་ཀྱི་སྒྲོན། །སྨན་མཆོད༴ ཨོཾ་སརྦ༴ སངས་རྒྱས་ཀུན་དགའ་བསྟན་འཛིན་ནོར་བུའི་སྡེ། །རིགས་བདག་འགྱུར་མེད་ཕན་བདེའི་འོད་ཟེར་ཞབས། །བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་ལ། །སྨན་མཆོད༴ ཨོཾ་སརྦ༴ རབ་འབྱམས་དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་ཆེ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་འཁོར་ལོའི་ལྷ། །ཌཱ་ཀི་ཆོས་སྐྱོང་རྒྱ་མཚོ་ཚོགས་བཅས་ལ། །སྨན་མཆོད༴ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ༴ སྨན་མཆོད་བརྒྱུད་འདེབས་ལྟར་ཁ་བསྒྱུར་ཛྙཱ་ནས་སོ། །མཆན། ༈ །གཤིན་རྗེ་ཁ་ཐུན་གྱི་བརྒྱུད་འདེབས་ཁ་བསྒྱུར། བཀའ་མ་༼ང༽ ༦༥༧།ན ༈ པདྨ་མངྒ་ལ་ནས། གཞན་ཕན་མཐའ་ཡས་པདྨ་བཛྲ་རྩལ། །བསྟན་པའི་ཉི་མ་རྣམས་ལ་གསོལ་བ་འདེབས། །འཇིགས་མེད་ཀུན་དགའ་བསྟན་འཛིན་ནོར་བུའི་སྡེ། །ཁྱབ་བདག་འགྱུར་མེད་ཕན་བདེའི་འོད་ཟེར་ཞབས། །བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་དང༌། །ཡི་དམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། ། ཞེས་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་མཛད་པའི་བརྒྱུད་འདེབས་ལ་བརྒྱུད་པའི་ཁྱད་པར་གྱིས་གཞན་ཕན་མཐའ་ཡས་ནས་བདག་གི་རིགས་བདག་འགྱུར་མེད་ཕན་བདེའི་འོད་ཟེར་བར་ཁ་བསྒྱུར་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། །། ༈ །གཤིན་རྗེ་གཤེད་དམར་གྱི་བརྒྱུད་འདེབས་ཁ་བསྒྱུར། བཀའ་མ་༼ཆ༽ ༣༧༦།ན རིན་ཆེན་རྣམ་རྒྱལ་པདྨ་བསྟན་འཛིན་ཞབས། །ཨོ་རྒྱན་བསྟན་འཛིན་རྣམས་ལ་གསོལ་བ་འདེབས། །ཀརྨ་བི་ཛ་པདྨ་དབང་རྒྱལ་དང༌། །དཔལ་གྱི་རྡོ་རྗེ་པདྨ་མངྒ་ལ། །གཞན་ཕན་མཐའ་ཡས་པདྨ་བཛྲ་རྩལ། །བསྟན་པའི་ཉི་མ་རྣམས་ལ༴ འཇིགས་མེད་ཀུན་དགའ་བསྟན་འཛིན་ནོར་བུའི་སྡེ། །ཁྱབ་བདག་འགྱུར་མེད་ཕན་བདེའི་འོད་ཟེར་ཞབས། །བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་དང༌། །ཡི་དམ་སོགས། ཅེས་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་གསུང་ལ་བརྒྱུད་པའི་ཁྱད་པར་གྱིས་གཏེར་ཆེན་ནས་བདག་གི་རིགས་བདག་བླ་མའི་བར་ཁ་བསྒྱུར་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ། །དགེའོ།། །། ༈ གཤིན་རྗེ་གདོང་དྲུག་གི་བརྒྱུད་འདེབས་གསུང་འབུམ་ལྡི་ལི་སྤར་མ་ན་བཞུགས། ༈ །རྒྱུད་ཕུར་བརྒྱུད་འདེབས་ཁ་སྐོང༌། བཀའ་མ་༼ཇ༽ ༣༡།ན ༈ ཀུན་མཁྱེན་འཇིགས་གླིང་ནས། ཕྲིན་ལས་འོད་ཟེར་འཇིགས་མེད་ཆོས་ཀྱི་གྲགས། །གཞན་ཕན་མཐའ་ཡས་ཐུབ་བསྟན་རྒྱལ་མཚན་དཔལ། །དཔལ་ལྡན་ཆོས་གྲགས་ཕན་བདེའི་འོད་ཟེར་ཞབས། །གསོལ་བ་འདེབས་སོ༴ ཁ་སྐོང་ཤོ་ལོ་ཀ་འདི་ཛྙཱ་ནས་སོ།། །། ༈ རྒྱུད་ཕུར་སྨན་མཆོད་ཁ་སྐོང༌། ཕྲིན་ལས་འོད་ཟེར་འཇིགས་མེད་ཆོས་ཀྱི་གྲགས། །གཞན་ཕན་མཐའ་ཡས་ཐུབ་བསྟན་རྒྱལ་མཚན་དཔལ། །དཔལ་ལྡན་ཆོས་གྲགས་ཕན་བདེའི་འོད་ཟེར་ཞབས། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཁ་སྐོང་ཤློ་ཀ་འདི་ཛྙཱ་ནས་སོ། །བདག་ཉིད་སོགས། ༈ །རོང་ཕུར་བརྒྱུད་འདེབས་ཁ་སྐོང༌། བཀའ་མ་༼ཉ༽ ༥༥༥།ན ༈ པདྨ་མངྒ་ནས། གཞན་ཕན་མཐའ་ཡས་པདྨ་རྡོ་རྗེ་དང༌། །བསྟན་པའི་ཉི་མ་འཇིགས་མེད་ཀུན་དགའ་དཔལ། །མདོ་སྔགས་བསྟན་འཛིན་རིགས་བདག་འཁོར་ལོའི་མགོན། །ཕན་བདེའི་འོད་ཟེར་ཞབས་ལ༴ བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་དང༌། །མཐའ་ཡས་སོགས། ཞེས་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་མཛད་པའི་བརྒྱུད་འདེབས་ལ་བརྒྱུད་པའི་ཁྱད་པར་གྱི་གཞན་ཕན་མཐའ་ཡས་ནས་རིགས་བདག་འགྱུར་མེད་ཕན་བདེའི་འོད་ཟེར་བར་ཁ་སྐོང་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། །། ༈ །རོག་ཕུར་བརྒྱུད་འདེབས་ཁ་སྐོང༌། བཀའ་མ་༼ཏ༽ ༤༥༤།ན ༈ འཁྲུལ་ཞིག་ཀློང་ཡངས་ནས། འགྱུར་མེད་རྡོ་རྗེ་ལོ་ཆེན་དྷརྨ་ཤྲཱི། །རིན་ཆེན་རྣམ་རྒྱལ་པདྨ་བསྟན་འཛིན་རྗེ། །ཕྲིན་ལས་རྣམ་རྒྱལ་པདྨ་དབང་གི་རྒྱལ། །གསོལ་བ་འདེབས་སོ་ཕྲིན་ལས་མཐར་ཕྱིན་ཤོག །གཞན་ཕན་མཐའ་ཡས་པདྨ་རྡོ་རྗེ་དང༌། །བསྟན་པའི་ཉི་མ་འཇིགས་མེད་ཀུན་དགའ་བཟང༌། །མདོ་སྔགས་བསྟན་འཛིན་ཕན་བདེའི་འོད་ཟེར་ཞབས། །གསོལ་བ་འདེབས་སོ་ཕྲིན་ལས་མཐར་ཕྱིན་ཤོག །བརྒྱུད་སྲོལ་ཀུན་འདུས་སོགས། ཅེས་རོག་གི་རིག་པ་འཛིན་པ་རྣམས་ཀྱི་ཞལ་གཟིགས་མར་གྲགས་པའི་ཕུར་པ་སྣ་སྣམ་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་འདི་ཡང་མཆེད་པོ་འགའི་གསུང་གི་བསྐུལ་ཏེ་སྨྱོས་བཙུན་དྷརྨཱ་ཤྲཱིས་སྦྱར་བར་མཛད་པ་ལ། གཏེར་ཆེན་མན་གྱི་བརྒྱུད་པའི་རྣམ་གྲངས་མང་དུ་ཡོད་ཀྱང་འདིར་གཙོ་ཆེ་བ་ཕྱོགས་གཅིག་གི་ལུགས་སུ་བདག་གི་རིགས་བདག་བླ་མའི་བར་དུ་ཁ་སྐོང་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། །། ༈ །སྒྱུ་འཕྲུལ་ཞི་བའི་བརྒྱུད་འདེབས་ཁ་སྐོང༌། བཀའ་མ་༼ད༽ ༡༡༥།ན ༈ ཆོས་རྒྱལ་རྡོ་རྗེ་ནས། རྒྱ་སྟོན་འོད་གསལ་རང་གྲོལ་གཏེར་བདག་གླིང༌། །ཆོས་དཔལ་རྒྱ་མཚོ་རིན་ཆེན་རྣམ་པར་རྒྱལ། །བསྟན་འཛིན་རྡོ་རྗེ་ཕྲིན་ལས་རྣམ་རྒྱལ་ཞབས། །ཕྲིན་ལས་ཆོས་སྒྲོན་རྣམས་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་དགའ་མདོ་སྔགས་བསྟན་འཛིན་དང༌། །རིགས་བདག་འགྱུར་མེད་ཕན་བདེའི་འོད་ཟེར་ཞབས། །སྨིན་གྲོལ་ཡོངས་རྫོགས་གདམས་པའི་ཆུ་བོ་ཀུན། །འཛིན་མཛད་རྩ་བརྒྱུད་བླ་མར་གསོལ་བ་འདེབས། །གཞི་རྒྱུད་སོགས། ཅེས་སྒྱུ་འཕྲུལ་དབང་བརྒྱུད་ལུགས་གཅིག་ལ་གསོལ་བ་འདེབས་པའི་ཚིགས་བཅད་འདི་ཡང་རྗེ་གཏེར་ཆེན་བླ་མའི་གསུང་སོར་བཞག་ལ། དེ་མན་གྱི་བརྒྱུད་རིམ་ཁ་སྐོང་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། །། ༈ །སྨན་མཆོད་ཁ་སྐོང༌། བཀའ་མ་༼ད༽ ༡༦༥།ན།༡ འགྱུར་མེད་རྡོ་རྗེ་ཆོས་དཔལ་རྒྱ་མཚོ་དང༌། །རིན་ཆེན་རྣམ་རྒྱལ་ཨོ་རྒྱན་བསྟན་འཛིན་རྗེ། །ཕྲིན་ལས་རྣམ་རྒྱལ་ཕྲིན་ལས་ཆོས་སྒྲོན་ལ། །སྨན་མཆོད་འབུལ་ལོ་མཐུ་དབང༴ ཨོཾ་ས་རྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ༴ སངས་རྒྱས་ཀུན་དགའ་མདོ་སྔགས་བསྟན་འཛིན་དང༌། །རིགས་བདག་འགྱུར་མེད་ཕན་བདེའི་འོད་ཟེར་ཞབས། །བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། གཏེར་ཆེན་མན་གྱི་ཁ་སྐོང་ཛྙཱ་ནས་སོ། །མཆན། བདག་ཉིད་ཆེན་པོ་སོགས། ༈ །ལུང་ལུགས་ཚེ་དཔག་མེད་ཀྱི་བརྒྱུད་འདེབས་ཁ་བསྒྱུར། བཀའ་མ་༼ད༽ ༤༠༩།ན ༈ ཀློང་ཡངས་འོད་རྗེས། འགྱུར་མེད་རྡོ་རྗེ་རིན་ཆེན་རྣམ་པར་རྒྱལ། །ཨོ་རྒྱན་བསྟན་འཛིན་རྡོ་རྗེར་༴ ཕྲིན་ལས་རྣམ་རྒྱལ་ཕྲིན་ལས་ཆོས་ཀྱི་སྒྲོན། །སངས་རྒྱས་ཀུན་དགའ་བསྟན་འཛིན་ནོར་བུའི་དཔལ། །ཁྱབ་བདག་འགྱུར་མེད་ཕན་བདེ་འོད་ཟེར་སོགས། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཐུགས་རྗེ་སོགས། ཞེས་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་གསུང་ལ་བརྒྱུད་པའི་ཁྱད་པར་གྱིས་གཏེར་ཆེན་ནས་བདག་གི་རིགས་བདག་བླ་མའི་བར་ཁ་བསྒྱུར་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། །། ༈ །སྒྱུ་འཕྲུལ་ཁྲོ་བོའི་བརྒྱུད་འདེབས་ཁ་སྐོང༌། བཀའ་མ་༼ན༽ ༥།ན ༈ ཆོས་དཔལ་རྒྱ་མཚོ་རིན་ཆེན་རྣམ་པར་རྒྱལ། །ཨོ་རྒྱན་བསྟན་འཛིན་ཕྲིན་ལས་རྣམ་རྒྱལ་ཞབས། །ཕྲིན་ལས་ཆོས་སྒྲོན་སངས་རྒྱས་ཀུན་དགའ་ལ། །གསོལ་བ༴ མདོ་སྔགས་བསྟན་འཛིན་རིགས་བདག་ཕན་བདེའི་མཚན། །སྨིན་གྲོལ་ཡོངས་རྫོགས་གདམས་པའི་ཆུ་བོ་ཀུན། །འཛིན་མཛདརྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། །གསོལ་བ༴ གཞི་རྒྱུད་སོགས། གཏེར་ཆེན་མན་གྱི་བརྒྱུད་རིམ་ཁ་སྐོང་བ་པོ་ཛྙཱ་ནའོ།། །། ༈ །སྨན་མཆོད་ཁ་སྐོང༌། བཀའ་མ་༼ན༽ ༦༧།ན།༤ ༈ འགྱུར་མེད་༼ཆོས་དཔལ་༽རྒྱ་མཚོ་རིན་ཆེན་རྣམ་པར་རྒྱལ། །ཨོ་རྒྱན་བསྟན་འཛིན་ཕྲིན་ལས་རྣམ་རྒྱལ་ཞབས། །ཕྲིན་ལས་ཆོས་སྒྲོན་སངས་རྒྱས་ཀུན་དགའ་ལ། །སྨན་མཆོད༴ ཨོཾ་སརྦ༴ །མདོ་སྔགས་བསྟན་འཛིན་རིགས་བདག་ཕན་བདེའི་མཚན། །སྨིན་གྲོལ་ཡོངས་རྫོགས་གདམས་པའི་ཆུ་བོ་ཀུན། །འཛིན་མཛད་རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། །སྨན་མཆོད༴ ཨོཾ་སརྦ༴ །ཚོགས་རྗེ་སོགས། གཏེར་ཆེན་མན་གྱི་ཁ་སྐོང་ཛྙཱ་ནས་སོ།། །། ༈ །དོང་སྤྲུགས་བརྒྱུད་འདེབས་གསལ་ཆ་ཅན། བཀའ་མ་༼པ༽ ༡༢༧།ན ༈ རྣལ་འབྱོར་གྱི་སྤྱི་ཁྲུས་དོང་སྤྲུགས་ཀྱི་བརྒྱུད་འདེབས་ནི། ཀུན་བཟང་ཕྱག་རྡོར་ཀུ་ཀུ་རཱ་ཛ་ཆེ། །ཨིནྡྲ་བྷུ་ཏི་ཤཱཀྱ་པུ་ཏྲིའི་ཞབས། །སིངྷ་རཱ་ཛ་ཨུ་པ་རཱ་ཛ་ལ། །གསོལ་བ་འདེབས་སོ་ངན་སོང་དོང་སྤྲུགས་ཤོག །གོ་མི་དེ་བི་རྡོ་རྗེ་ཧཱུཾ་མཛད་རྩལ། །སངས་རྒྱས་གསང་བ་བི་མ་ལ་མི་ཏྲ། །གཉགས་ལོ་གཞོན་ནུ་སོག་པོ་ལྷ་དཔལ་ལ། །གསོལ་བ༴ གནུབས་ཆེན་སངས་རྒྱས་ཡེ་ཤེས་སྲུ་ལེགས་སྒྲོན། །སྲས་མཆོག་གཞོན་སྙིང་ཞུ་སྟོན་བསོད་ནམས་མཚན། །བདེ་གཤེགས་ཟུར་ཆེན་ཟུར་ཆུང་ཤེས་རབ་གྲགས། །གསོལ་བ༴ གླན་དང་འགར་སྟོན་རྡོ་རྗེ་རྒྱལ་མཚན་དཔལ། །རྡོར་འོད་བསོད་ནམས་རྒྱལ་མཚན་ཆོས་སེང་ཞབས། །སངས་རྒྱས་དཔལ་བ་བསོད་ནམས་མགོན་པོ་ལ། །གསོལ་བ༴ སྒྲོལ་ཆེན་བསམ་སྒྲུབ་ཐུགས་སྲས་སངས་རིན་ཞབས། །འགོས་ལོ་གཞོན་དཔལ་བསོད་ནམས་རྒྱ་མཚོའི་སྡེ། །སེ་སྟོན་རིན་རྒྱན་རྒྱ་ཤོར་རྡོ་རྗེ་རྩལ། གསོལ་བ༴ པཎ་ཆེན་པདྨ་དབང་རྒྱལ་བདུད་འཇོམས་རྗེ། །ཚེ་རིང་དབང་པོ་ངག་དབང་ཕུན་ཚོགས་མཚན། །བརྒྱུད་སྲོལ་ཀུན་འདུས་རིག་འཛིན་གཏེར་བདག་གླིང༌། །གསོལ་བ༴ ལོ་ཆེན་ཆོས་དཔལ་རྒྱལ་སྲས་རིན་རྣམ་ཞབས། །པདྨ་བསྟན་འཛིན་ཕྲིན་ལས་རྣམ་པར་རྒྱལ། །ཕྲིན་ལས་ཆོས་སྒྲོན་སངས་རྒྱས་ཀུན་དགའི་དཔལ། །གསོལ་བ༴ བསྟན་འཛིན་ནོར་བུ་ཕན་བདེའི་འོད་ཟེར་འབར། །ཁྱབ་བདག་དྲིན་ཆེན་རྩ་བའི་བླ་མ་དང༌། །རབ་འབྱམས་ཞི་ཁྲོ་དཀྱིལ་འཁོར་འཁོར་ལོའི་ལྷར། །གསོལ་བ༴ བརྒྱུད་གསུམ་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །ཉམས་ཆག་རྟོག་སྒྲིབ་མུན་པ་དབྱིངས་སུ་དག །སྨིན་གྲོལ་ལམ་བཟང་རང་རིག་ངོ་བོར་འདྲེས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་རྒྱལ་ཁམས་པ་འགྱུར་མེད་རྡོ་རྗེས་སོ། །དེ་ལྟར་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གསུང་ལ་བརྒྱུད་པའི་མཚན་རིམ་གསལ་ཆ་ཅུང་ཟད་དང་བཅས་གཏེར་ཆེན་ནས་བདག་གི་བླ་མའི་བར་ཁ་སྐོང་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། །། ༈ བརྒྱུད་པའི་ཕྱག་འཚལ་ནི། ཁྲོམ་དཀྲུགས། བཀའ་མ་༼པ༽༡༧༥།ན།༣ བཀའ་མ་༼པ༽སྤྱི་ཁྲུས། ༣༢༠།བ།༡ ཀུན་བཟང་ཕྱག་རྡོར་ཀུ་ཀུ་རཱ་ཛ་ཆེ། །ཨིནྡྲ་བྷུ་ཏི་ཤཱཀྱ་པུ་ཏྲིའི་ཞབས། །སིངྷ་རཱ་ཛ་ཨུ་པ་རཱ་ཛ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །གོ་མི་དེ་བི་རྡོ་རྗེ་ཧཱུཾ་མཛད་རྩལ། །སངས་རྒྱས་གསང་བ་བི་མ་ལ་མི་ཏྲ། །གཉགས་ལོ་གཞོན་ནུ་སོག་པོ་ལྷ་དཔལ་ལ། །སྒོ་གསུམ་གུས་པས༴ གནུབས་ཆེན་སངས་རྒྱས་ཡེ་ཤེས་སྲུ་ལེགས་སྒྲོན། །སྲས་མཆོག་གཞོན་སྙིང་ཞུ་སྟོན་བསོད་ནམས་མཚན། །བདེ་གཤེགས་ཟུར་ཆེན་ཟུར་ཆུང་ཤེས་རབ་གྲགས། །སྒོ་གསུམ་གུས་པས༴ གླན་དང་འགར་སྟོན་རྡོ་རྗེ་རྒྱལ་མཚན་དཔལ། །རྡོར་འོད་བསོད་ནམས་རྒྱལ་མཚན་ཆོས་སེང་ཞབས། །སངས་རྒྱས་དཔལ་བ་བསོད་ནམས་མགོན་པོ་ལ། །སྒོ་གསུམ་གུས་པས༴ སྒྲོལ་ཆེན་བསམ་སྒྲུབ་ཐུགས་སྲས་སངས་རིན་ཞབས། །འགོས་ལོ་གཞོན་དཔལ་བསོད་ནམས་རྒྱ་མཚོའི་སྡེ། །སེ་སྟོན་རིན་རྒྱན་རྒྱ་ཤོར་རྡོ་རྗེ་རྩལ། །སྒོ་གསུམ་གུས་པས༴ པཎ་ཆེན་པདྨ་དབང་རྒྱལ་བདུད་འཇོམས་རྗེ། །ཚེ་རིང་དབང་པོ་ངག་དབང་ཕུན་ཚོགས་མཚན། །བརྒྱུད་སྲོལ་ཀུན་འདུས་རིག་འཛིན་གཏེར་བདག་གླིང༌། སྒོ་གསུམ་གུས་པས༴ །ལོ་ཆེན་ཆོས་དཔལ་རྒྱལ་སྲས་རིན་རྣམ་ཞབས། །པདྨ་བསྟན་འཛིན་ཕྲིན་ལས་རྣམ་པར་རྒྱལ། །ཕྲིན་ལས་ཆོས་སྒྲོན་སངས་རྒྱས་ཀུན་དགའི་དཔལ། །སྒོ་གསུམ་གུས་པས༴ བསྟན་འཛིན་ནོར་བུ་ཕན་བདེའི་འོད་ཟེར་འབར། །ཁྱབ་བདག་དྲིན་ཆེན་རྩ་བའི་བླ་མ་དང༌། །རབ་འབྱམས་ཞི་ཁྲོ་དཀྱིལ་འཁོར་འཁོར་ལོའི་ལྷར། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི།། །། ༈ བརྒྱུད་མཆོད་ནི། བཀའ་མ་༼པ༽ཁྲོམ་དཀྲུགས། ༡༨༢།བ།༤ བཀའ་མ་༼པ༽སྤྱི་ཁྲུས། ༣༢༧།ན།༦ ཀུན་བཟང་ཕྱག་རྡོར་ཀུ་ཀུ་རཱ་ཛ་ཆེ། །ཨིནྡྲ་བྷུ་ཏི་ཤཱཀྱ་པུ་ཏྲིའི་ཞབས། །སིངྷ་རཱ་ཛ་ཨུ་པ་རཱ་ཛ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། གོ་མི་དེ་བི་རྡོ་རྗེ་ཧཱུཾ་མཛད་རྩལ། །སངས་རྒྱས་གསང་བ་བི་མ་ལ་མི་ཏྲ། །གཉགས་ལོ་གཞོན་ནུ་སོག་པོ་ལྷ་དཔལ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། གནུབས་ཆེན་སངས་རྒྱས་ཡེ་ཤེས་སྲུ་ལེགས་སྒྲོན། །སྲས་མཆོག་གཞོན་སྙིང་ཞུ་སྟོན་བསོད་ནམས་མཚན། །བདེ་གཤེགས་ཟུར་ཆེན་ཟུར་ཆུང་ཤེས་རབ་གྲགས། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། གླན་དང་འགར་སྟོན་རྡོ་རྗེ་རྒྱལ་མཚན་དཔལ། །རྡོར་འོད་བསོད་ནམས་རྒྱལ་མཚན་ཆོས་སེང་ཞབས། །སངས་རྒྱས་དཔལ་བ་བསོད་ནམས་མགོན་པོ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། སྒྲོལ་ཆེན་བསམ་སྒྲུབ་ཐུགས་སྲས་སངས་རིན་ཞབས། །འགོས་ལོ་གཞོན་དཔལ་བསོད་ནམས་རྒྱ་མཚོའི་སྡེ། །སེ་སྟོན་རིན་རྒྱན་རྒྱ་ཤོར་རྡོ་རྗེ་རྩལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། པཎ་ཆེན་པདྨ་དབང་རྒྱལ་བདུད་འཇོམས་རྗེ། །ཚེ་རིང་དབང་པོ་ངག་དབང་ཕུན་ཚོགས་མཚན། །བརྒྱུད་སྲོལ་ཀུན་འདུས་རིག་འཛིན་གཏེར་བདག་གླིང༌། སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །ལོ་ཆེན་ཆོས་དཔལ་རྒྱལ་སྲས་རིན་རྣམ་ཞབས། །པདྨ་བསྟན་འཛིན་ཕྲིན་ལས་རྣམ་པར་རྒྱལ། །ཕྲིན་ལས་ཆོས་སྒྲོན་སངས་རྒྱས་ཀུན་དགའི་དཔལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། བསྟན་འཛིན་ནོར་བུ་ཕན་བདེའི་འོད་ཟེར་འབར། །ཁྱབ་བདག་དྲིན་ཆེན་རྩ་བའི་བླ་མ་དང༌། །རབ་འབྱམས་ཞི་ཁྲོ་དཀྱིལ་འཁོར་འཁོར་ལོའི་ལྷར། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ༈ །བཀའ་བརྒྱད་རྫོང་འཕྲང་གི་བརྒྱུད་འདེབས་ཁ་སྐོང༌། བཀའ་མ་༼པ༽ ༥༩༡།ན ༈ རིན་ཆེན་རྣམ་རྒྱལ་ཨོ་རྒྱན་རིག་འཛིན་དང༌། །ཐེག་མཆོག་བསྟན་འཛིན་རྣམས་ལ༴ བསྟན་པའི་རྒྱལ་མཚན་རིག་འཛིན་རྒྱ་མཚོ་དང༌། །ཕྲིན་ལས་དར་རྒྱས་པདྨ་བཀྲ་ཤིས་དཔལ། །པདྨ་རྡོ་རྗེ་ཀུན་བཟང་ཆོས་ཀྱི་གྲགས། །ཁྱབ་བདག་ཕན་བདེའི་འོད་ཟེར་ལ་གསོལ་བ་འདེབས། །མཁྱེན་བརྩེའི་སོགས། ཞེས་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་གསུང་ལ་བརྒྱུད་པའི་ཁྱད་པར་གྱིས་གཏེར་ཆེན་ནས་རང་གི་བླ་མའི་བར་བརྒྱུད་རིམ་ཁ་སྐོང་བ་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། །། ༈ །འདུས་པ་མདོའི་བརྒྱུད་འདེབས་ཁ་སྐོང༌། བཀའ་མ་༼ཕ༽ ༣༤༧།ན།༦ ༈ ངག་དབང་ཆོས་དཔལ་རིན་ཆེན་རྣམ་པར་རྒྱལ། །ཨོ་རྒྱན་བསྟན་འཛིན་ཕྲིན་ལས་རྣམ་རྒྱལ་སྡེ། །པདྨ་དབང་རྒྱལ་སངས་རྒྱས་ཀུན་དགའ་བཟང༌། །མདོ་སྔགས་བསྟན་འཛིན་རྣམས་ལ༴ རིགས་ཀུན་ཁྱབ་བདག་ཕན་བདེའི་འོད་ཟེར་ཞབས། །བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་དང༌། །ཡི་དམ་ཞི་ཁྲོ་རབ་འབྱམས་འཁོར་ལོའི་སྤྲིན། །མཁའ་འགྲོ་དམ་ཅན་རྣམས་ལ་གསོལ་བ་འདེབས། །སེམས་ཀྱི་ཆོས་ཉིད་སོགས། ཅེས་འདུས་མདོའི་བརྒྱུད་འདེབས་གཏེར་ཆེན་རིན་པོ་ཆེའི་གསུང་སོར་བཞག་ལ་བརྒྱུད་པའི་ཁྱད་པར་གྱིས་གཏེར་ཆེན་ནས་རང་གི་རིགས་བདག་བླ་མའི་བར་ཁ་སྐོང་བ་པོ་ནི་ཛྙཱ་ནའོ།། །། ༈ སྨན་མཆོད་ཁ་སྐོང༌། བཀའ་མ་༼ཕ༽ ༤༡༡།ན།༢ ༈ ཆོས་དཔལ་རྒྱ་མཚོ་རིན་ཆེན་རྣམ་པར་རྒྱལ། །བསྟན་འཛིན་རྡོ་རྗེ་ཀརྨ་བི་ཛ་ཡ། །པདྨ་དབང་རྒྱལ་སངས་རྒྱས་ཀུན་དགའ་ལ། །སྨན་མཆོད༴ ཨོཾ་མ་ཧཱ༴ མཚུངས་མེད་མདོ་སྔགས་བསྟན་འཛིན་ནོར་བུའི་སྡེ། །ཁྱབ་བདག་འགྱུར་མེད་ཕན་བདེ་འོད་ཟེར་ཞབས། །བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་ལ། །སྨན་མཆོད༴ ཨོཾ་མ་ཧཱ༴ ལོ་ཆེན་མན་གྱི་བརྒྱུད་རིམ་ཁ་སྐོང་ཛྙཱ་ནས་སོ།། །། ༈ དངོས་གྲུབ་ཉེ་བར་བསྐུལ་བའི་ཁ་སྐོང༌། བཀའ་མ་༼ཕ༽ ༦༢༢།བ།༤ ཤེས་བྱ་ཀུན་མཁྱེན་ཕོ་བྲང་དུ། །རྒྱུད་ལུང་མན་ངག་རྒྱ་མཚོའི་མཛོད། །ངེས་པ་དོན་གྱི་ཐམས་ཅད་མཁྱེན། །ལོ་ཆེན་ཆོས་དཔལ་རྒྱ་མཚོའི་སྡེ། །དེ་ཡི་དངོས་གྲུབ༴ དེ་རིང་གསང་བའི༴ སྒྲུབ་མཆོག༴ ཆོས་འཁོར་ལྷུན་པོའི་གཞལ་མེད་དུ། །བཀའ་གཏེར་རྒྱ་མཚོའི་སྲོག་རྩ་འཛིན། །རྒྱལ་སྲས་རིན་ཆེན་རྣམ་པར་རྒྱལ། །དེ་ཡི་དངོས་གྲུབ༴ དེ་རིང་གསང་བའི༴ སྒྲུབ་མཆོག༴ འོག་མིན་གྲུབ་པའི་བསྟི་གནས་སུ། །གསང་ཆེན་མཛོད་ལ་མངའ་དབང་བསྒྱུར། །གྲུབ་མཆོག་པདྨ་བསྟན་འཛིན་རྗེ། །དེ་ཡི་དངོས་གྲུབ༴ དེ་རིང་གསང་བའི༴ སྒྲུབ་མཆོག་བདག་ལ་སྩལ༴ ངེས་དོན་ཆོས་ཀྱི་དགའ་ཚལ་དུ། །མདོ་སྔགས་བསྟན་པའི་འཁོར་ལོས་སྒྱུར། །ཨོ་རྒྱན་བསྟན་འཛིན་རྡོ་རྗེ་མཆོག །དེ་ཡི་དངོས་གྲུབ༴ དེ་རིང་གསང་བའི༴ སྒྲུབ་མཆོག༴ མཁའ་སྤྱོད་དཔལ་རིའི་ཕོ་བྲང་དུ། །ཐེག་མཆོག་མཛོད་ལ་རང་དབང་བསྒྱུར། །སྨྱོས་སྟོན་ཕྲིན་ལས་རྣམ་པར་རྒྱལ། །དེ་ཡི་དངོས་གྲུབ༴ དེ་རིང་གསང་བའི༴ སྒྲུབ་མཆོག༴ གར་བཞུགས་ཆོས་ཀྱི་ཕོ་བྲང་དུ། །གསང་ཆེན་བདུད་རྩིའི་གྲུ་ཆར་འབེབས། །རིག་འཛིན་པདྨ་དབང་གི་རྒྱལ། །དེ་ཡི་དངོས་གྲུབ༴ དེ་རིང་གསང་བའི༴ སྒྲུབ་མཆོག༴ བདེ་ཆེན་འབར་བའི་གཞལ་མེད་དུ། །རྒྱུད་ལུང་མན་ངག་གསང་མཛོད་འཛིན། །ཁྲི་ཆེན་སངས་རྒྱས་ཀུན་དགའི་ཞབས། །དེ་ཡི་དངོས་གྲུབ༴ དེ་རིང་གསང་བའི༴ སྒྲུབ་མཆོག༴ དབང་ཆེན་གྲུབ་པའི་ཕོ་བྲང་དུ། །དགོངས་བརྒྱུད་བདུད་རྩིའི་བང་མཛོད་འཆང༌། །མདོ་སྔགས་བསྟན་འཛིན་ནོར་བུའི་སྡེ། །དེ་ཡི་དངོས་གྲུབ༴ དེ་རིང་གསང་བའི༴ སྒྲུབ་མཆོག༴ དག་པ་རབ་འབྱམས་གཞལ་མེད་དུ། །ཆོས་སྐུའི་ཡེ་ཤེས་ཕ་ཕོག་གཏེར། །འགྱུར་མེད་ཕན་བདེའི་འོད་ཟེར་དཔལ། །དེ་ཡི་དངོས་གྲུབ་ཆ་གཅིག་ཀྱང༌། །དེ་རིང་གསང་བའི་གནས་འདི་རུ། །སྒྲུབ་མཆོག་བདག་ལ་སྩལ་དུ་གསོོལ། །ལོ་ཆེན་ནས་བདག་གི་འདྲེན་མཆོག་ཕན་བདེའི་འོད་ཟེར་བར་གྱི་བརྒྱུད་པའི་ཞལ་སྐོང་ཛྙཱ་ནས་སོ། །མཆན། སྤྱི་གཙུག་ཉི་ཟླའི་སོགས། ༈ །རྩ་དཀྱིལ་དབང་གི་གླེང་གཞིའི་ཁ་སྐོང༌། བཀའ་མ་༼མ༽ ༣༤༣།ན།༢ ༈ དེའི་ཞལ་སྔ་ནས་གཅུང་ལོ་ཙཱ་བ་ཆེན་པོ་དྷརྨ་ཤྲཱི་དང༌། སྐུའི་སྲས་པདྨ་འགྱུར་མེད་རྒྱ་མཚོ་ལ། དེ་གཉིས་ཀས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ལ། དེས་ཁྲི་ཆེན་པདྨ་བསྟན་འཛིན་དང༌། མཁན་ཆེན་ཨོ་ཌི་ཡཱ་ན་ལ། ཕྱི་མས་ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ་ལ། དེས་ཁྲི་ཆེན་པདྨ་དབང་རྒྱལ་ལ། དེས་ཁྲི་ཆེན་སངས་རྒྱས་ཀུན་དགའ་ལ། དེས་མདོ་སྔགས་བསྟན་འཛིན་ནོར་བུ་ལ། དེས་ཁྱབ་བདག་འཁོར་ལོའི་མགོན་པོ་ངེས་པ་དོན་གྱི་རྡོ་རྗེ་འཆང་འགྱུར་མེད་ཕན་བདེའི་འོད་ཟེར་ཏེ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སོགས་གདུལ་བྱར་གྱུར་པ་རྣམས་སོགས། ལོ་ཆེན་ནས་བདག་གི་རྣམ་འདྲེན་བར་གྱི་བརྒྱུད་པའི་ཞལ་སྐོང་ཛྙཱ་ནས་སོ། །མཆན། ༈ །སློབ་དཔོན་དབང་གི་ཁ་སྐོང༌། བཀའ་མ་༼མ༽ ༥༢༥།ན།༤ ༈ ལོ་ཆེན་ཆོས་དཔལ་རྒྱ་མཚོ་ཡི། །གསང་མཚན་རྡོ་རྗེ་གཟི་འབར་རྩལ། །འོག༴ །འདིར༴ །ཨོཾ༴ རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གྱི། །གསང་མཚན་རྡོ་རྗེ་བདུད་འདུལ་རྩལ། །འོག༴ །འདིར༴ །ཨོཾ༴ གྲུབ་མཆོག་པདྨ་བསྟན་འཛིན་གྱི། །གསང་མཚན་གར་དབང་རྡོ་རྗེ་རྩལ། །འོག༴ །འདིར༴ །ཨོཾ༴ མཁན་ཆེན་ཨོ་ཌི་ཡཱ་ན་ཡི། །གསང་མཚན་བསྟན་འཛིན་རྡོ་རྗེ་རྩལ། །འོག༴ །འདིར༴ །ཨོཾ༴ སྨྱོས་སྟོན་ཕྲིན་ལས་རྣམ་རྒྱལ་གྱི། །གསང་མཚན་རྡོ་རྗེ་བདུད་འདུལ་རྩལ། །འོག༴ །འདིར༴ །ཨོཾ༴ རིག་འཛིན་པདྨ་དབང་རྒྱལ་གྱི། །གསང་མཚན་རྡོ་རྗེ་བདུད་འདུལ་རྩལ། །འོག༴ །འདིར༴ །ཨོཾ༴ ཁྲི་ཆེན་སངས་རྒྱས་ཀུན་དགའ་ཡི། །གསང་མཚན་རྡོ་རྗེ་མི་འགྱུར་རྩལ། །འོག༴ །འདིར༴ །ཨོཾ༴ མདོ་སྔགས་བསྟན་འཛིན་ནོར་བུ་ཡི། །གསང་མཚན་རྡོ་རྗེ་སེམས་དཔའ་རྩལ། །འོག༴ །འདིར༴ །ཨོཾ༴ འགྱུར་མེད་ཕན་བདེའི་འོད་ཟེར་གྱི། །གསང་མཚན་རྡོ་རྗེ་གཤོག་རྒོད་རྩལ། །འོག༴ །འདིར༴ །ཨོཾ༴ ལོ་ཆེན་ནས་བདག་གི་འདྲེན་མཆོག་ཕན་བདེའི་འོད་ཟེར་བར་གྱི་བརྒྱུད་པའི་ཞལ་སྐོང་ཛྙཱ་ནས་སོ། །མཆན། ༈ །སྙན་བརྒྱུད་ཀྱི་གཏད་རྒྱའི་ཁ་སྐོང༌། བཀའ་མ་ ༼མ༽ ༦༤༦།བ།༡ ༈ གཅུང་གཡུ་སྒྲའི་རྣམ་རོལ་ལོ་ཆེན་དྷརྨ་ཤྲཱི། དེ་གཉིས་ཀས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། དེ་ནས་རིམ་པར་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཁྲི་ཕྲིན་ལས་རྣམ་རྒྱལ། ཁྲི་པདྨ་དབང་རྒྱལ། ཁྲི་སངས་རྒྱས་ཀུན་དགའ། མདོ་སྔགས་བསྟན་འཛིན་ནོར་བུ། འདྲེན་མཆོག་འཁོར་ལོའི་མགོན་པོ་འགྱུར་མེད་ཕན་བདེའི་འོད་ཟེར་གང་གི་ཞལ་སྔ་ནས། བསྟན་པ་གསལ་བར་བྱེད་པའི་བཤེས་གཉེན་དུ་མ་དང་བཅས་ཏེ་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སོགས་སྐལ་ལྡན་གྱི་ཚོགས་པ་རྣམས་ལ་འདུས་པ་ཆེན་པོ་དབང་གཏད་རྒྱ་དང་བཅས་པ་རྫོགས་པར་བཀའ་དྲིན་དུ་སྩལ་བ་ལགས། འདིར་ལོ་ཆེན་ནས་བདག་གི་རིགས་བདག་བར་གྱི་བརྒྱུད་རིམ་ཁ་སྐོང་ཛྙཱ་ནས་སོ། །མཆན། ༈ །སེམས་སྡེའི་བརྒྱུད་འདེབས་ཁ་སྐོང༌། བཀའ་མ་༼ཙ༽ ༥༢༨།བ།༣ ༈ གཞན་ཕན་མཐའ་ཡས་ནས། འཇམ་དབྱངས་བླ་མའི་དགོངས་བརྒྱུད་འཕོས་པ་ལས། །མཁྱེན་བརྩེ་ནུས་པའི་དབང་པོ་ཐམས་ཅད་མཁྱེན། །བི་མ་ལ་དངོས་རྡོ་རྗེ་གཟི་བརྗིད་ལ། །གསོལ་བ༴ ཀུན་མཁྱེན་ཡེ་ཤེས་བློ་གྲོས་རྒྱ་མཚོའི་གཏེར། །མཐའ་ཡས་འགྲོ་ལ་སྨིན་གྲོལ་ཆར་དུ་འབེབས། །བཻ་རོ་དངོས་སྣང་པདྨ་གར་དབང་ལ། །གསོལ་བ༴ རྒྱལ་དབང་པདྨའི་ཕྲིན་ལས་ཕོ་ཉ་བ། །མི་འཇིགས་བྱམས་པའི་དཔལ་གྱི་འབྱུང་གནས་ཆེ། །ལང་གྲོ་དངོས་བྱོན་ནམ་མཁའི་རྡོ་རྗེ་ལ། །གསོལ་བ༴ འདི་ཡན་ཤྭ་ལོ་ཀ་གསུམ་ཛྙཱ་ནས་སོ།། །། ༈ །སེམས་སྡེའི་དབང་ཆོག་སྐབས་ཕྱག་བཞེས་བླ་མ་བརྒྱུད་པའི་བྱིན་རླབས་དང་འབྲེལ་ཚུལ་གྱི་ཁ་སྐོང༌། བཀའ་མ་༼ཙ༽ ༥༣༨།བ།༦ ༈ མཁས་གྲུབ་བྲའོ་ཆོས་འབུམ། བཤེས་གཉེན་དཀོན་མཆོག་བཟང་པོ། ཀཿཐོག་པ་རྡོ་རྗེ་བཟང་པོ། འཕགས་མཆོག་བྱ་བཏང་ཆེན་པོ། མཁས་གྲུབ་ཤ་མི་རྡོར་རྒྱལ། སྔགས་འཆང་གཡུ་འབྲུག་རྡོ་རྗེ། མཚུངས་མེད་བློ་གྲོས་རྒྱལ་མཚན། ཟབ་ལུང་པ་དབང་གི་རྒྱལ་པོ། ལྷ་བཙུན་ནམ་མཁའ་འཇིགས་མེད། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། ལོ་ཆེན་དྷརྨ་ཤྲཱི། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་ཆེན་པདྨ་བསྟན་འཛིན། སྒོམ་རི་བ་ཨོ་རྒྱན་ཀློང་ཡངས། ཀུན་མཁྱེན་གཉིས་པ་འཇིགས་མེད་གླིང་པ། གྲུབ་དབང་ཀུན་བཟང་གཞན་ཕན། མི་འགྱུར་ནམ་མཁའི་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས། ཀུན་མཁྱེན་གསུམ་པ་པདྨ་འོད་གསལ་མདོ་སྔགས་གླིང་པ། འཇམ་མགོན་པདྨ་གར་གྱི་དབང་ཕྱུག རིགས་བདག་བདུད་འཇོམས་ནམ་མཁའི་རྡོ་རྗེའི་བར་བརྒྱུད་དེ། བྱིན་རླབས་ཀྱི་ན་བུན་མ་ཡལ། དབང་དང་གདམས་ངག་གི་ཆར་རྒྱུན་མ་ཆད། གསོལ་འདེབས་ཀྱི་འབྲུག་སྒྲ་མ་ཆག་པ་ཡིན་ནོ། །འདིར་ཟུར་ཤཱཀྱ་བཤེས་གཉེན་ནས་བདག་གི་རིགས་བདག་བར་གྱི་བརྒྱུད་རིམ་ཕྱོགས་གཅིག་གི་ཁ་སྐོང་ཛྙཱ་ནས་སོ།། །། ༈ །ཀློང་སྡེའི་བརྒྱུད་འདེབས་ཁ་སྐོང༌། བཀའ་མ་༼ཛ༽ ༤༧༦།ན།༡ ༈ འགྱུར་མེད་རྡོ་རྗེ་རིན་ཆེན་རྣམ་རྒྱལ་དང༌། པདྨ་བསྟན་འཛིན་ཨོ་ཌི་ཡཱ་ན་ལ། །གསོལ་བ༴ རིག་འཛིན་བཟང་པོ་པདྨ་མངྒ་ལ། །རིག་པའི་རྡོ་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང༌། །ངེས་དོན་དབང་པོ་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རང་སེམས་སོགས། ཞེས་སྙན་བརྒྱུད་རྡོ་རྗེ་ཟམ་པའི་བླ་བརྒྱུད་གསོལ་འདེབས་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གསུང་ལ་གཏེར་ཆེན་མན་ཁ་སྐོང་ཛྙཱ་ནས་སོ།། །། ༈ །སྒྱུ་འཕྲུལ་བཤད་བརྒྱུད་བླ་མའི་གསོལ་འདེབས་ཁ་སྐོང༌། བཀའ་མ་༼ཤ༽ ༤༧༠།བ།༣ ༈ རིན་ཆེན་རྣམ་རྒྱལ་བསྟན་འཛིན་རྡོ་རྗེ་དང༌། །ཕྲིན་ལས་རྣམ་རྒྱལ་ཕྲིན་ལས་ཆོས་ཀྱི་སྒྲོན། །སངས་རྒྱས་ཀུན་དགའ་མདོ་སྔགས་བསྟན་འཛིན་དང༌། །ཕན་བདེའི་འོད་ཟེར་རྣམས་ལ་གསོལ་བ་འདེབས། །ཁྱད་པར་རྒྱུད་ཀྱི་སོགས། ཅེས་པའང་སྒྱུ་འཕྲུལ་བརྒྱུད་འདེབས་ལ་བཤད་དཀའི་ཕྱོགས་ཀྱི་ཁ་སྐོང་དང་སྨོན་ལམ་བཅས་མི་ཕམ་འཇམ་དཔལ་དགྱེས་པས་མཛད་པ་ལ། བརྒྱུད་པའི་ཁྱད་པར་གྱིས་ལོ་ཆེན་མན་ཁ་སྐོང་བ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། །།