ཚེས་བཅུའི་འཆམས་ཆས་སྐོར།

From Dudjom Wiki
Revision as of 21:16, 9 November 2026 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-SUNGTHORBU-01-AA-015
Wylie title tshes bcu'i 'chams chas skor
Location bdud 'joms rin po che'i gsung thor bu
Volume 1, Text 15, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Tshes bcu'i 'chams chas skor. In Bdud 'joms 'jigs bral ye shes rdo rje yi gsung gi thor bu chos sku'i ring bsrel. Kathmandu: Pal Ngagyur Shedrup Dojoling, 2026.
Side notes  
More details More details
Genre

[edit]
༄༅། །ཚེས་བཅུའི་འཆམས་ཆས་སྐོར་བཞུགས་སོ།། །།

ཚེས་བཅུའི་འཆམས་ཆས་ལ། ཞྭ་ནག་གསེར་སྐྱེམས་ཕོད་ཀ་མཐིང་ནག་རྡོར་གོང་ཟོར་པང་རང་འགྲིགས། འདི་སྨན་གླིང་དུ་སློབ་དཔོན་གཅིག་རང་མ་གཏོགས་ཐོན་སྲོལ་མེད། གཞན་པས་བརྒྱད་དགུ་བཅུ་གྲངས་གང་འཛོམས་ལས་གྲངས་ཀའི་ཐ་སྙད་མེད། དེ་ལྟ་ན་ཕུད་སྐོང་འཆམས་པའི་གྲངས་དང༌། ཕུད་གཞོང་ཆེན་པོ་སོགས་དགོས་མཁོ་མང༌། མཚམས་གཅོད་ཁྲོ་བཅུ་དང༌། ཚོགས་ལེན་གཉིས་ཕོད་ཀ་ཚོན་ཕྲ་སྣ་ཚོགས་སྤྱི་མཚུངས་དང༌། རྡོར་གོང་མ་གཏོགས་ཟོར་པང་མི་དགོས། བྱིན་འབེབས་དང༌། བཀྲིན་ཅན་མ། མཁའ་འགྲོ་སྡེ་ལྔ་བཅས་ལ་གར་པ་བརྒྱད་དམ་བཅུ་དྲུག གར་གོས་སླེ་ཁྱི་སྣ་ཅན། པང་གདན་གཞི་གོས་ཚོན་ཁྲ་དམར་སེར་གང་རུང་ལ་གཡས་གཡོན་མཐའ་ལྗགས་སྔོ་ལྗང་གང་རུང་སོར་བཞི་རེ་ཙམ་དང༌། གཙོ་བོར་ཕོད་ཀ་མཐིང་ནག ཆོས་གོས་དམར་པོ། ཟབ་བེར་དམར་སྨུག མཁའ་འགྲོ་གཉིས་གར་ཕོད། མཚོ་སྐྱེས་རྡོ་རྗེ། ཉི་མ་འོད་ཟེར་གཉིས་གར་ཕོད། པདྨ་རྒྱལ་པོ་དང་བློ་ལྡན་མཆོད་སྲེད་རྒྱལ་ཆས་གཡང་ལུགས་མ་ཕུ་དུང་ཆེན་པོ་ཅན། གྲོ་ལོད༼ཆོས་གོས༽སེང་སྒྲོག་སྨད་ཕོད་ཀ་ལྟར་གཡས་གཡོན་སུལ་ལྟེབ་ཅན་ལ་ཕུ་དུང་ཕྲ་མོ་ཅན་རྔུན་མཐུ་བཀབ་རྒྱུ་ཡོད་པ། སྟོད་མཐའ་སི་སྐུད་འཛར་ལྡན།གཉིས་ཕོད་ཀ་དམར་སྔོ། ཟོར་པང་མེད། ཤཱཀྱ་སེང་པདྨ་སམྦྷ་ལ་ཆོས་གོས་དམར་པོ་རེ། ཚངས་པ་བརྒྱ་བྱིན་གཉིས་ལ་སྤྱི་མཚུངས་གར་གོས་ཀྱིས་འགྲིགས། མཚམས་གཅོད་དང་ཚོགས་ལེན་འཆམས་གོས་གཅིག་འཐུས། བྱིན་འབེབས་དང་བཀྲིན་ཅན་མ་གཅིག་འཐུས།« ༼ ༧སྐྱབས་རྗེའི་ཕྱག་བྲིས་དངོས་ལས་ཞལ་བཤུས།༽