TTDL-ZABTER-12-NA-003

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-003

༠༠༠༠༠༠བརྡ་ཡིག༥མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ རིག་འཛིན་བླ་མའི་སྒྲུབ་པ་ནོར་བུའི་ཕྲེང་བ་བཞུགས་སོ༔ ༠༠༠༠༠༠བརྡ་ཡིག༦ན་མོ་གུ་རུ་པདྨ་ཀ་ར་ཡེ༔ པདྨ་འབྱུང་གནས་བརྒྱུད་འཛིན་པའི༔ སྐལ་བར་ལྡན་པའི་སྐྱེས་བུ་ལ༔ དགོས་འདོད་ཡིད་བཞིན་འབྱུང་བའི་གནས༔ བླ་མ་སྒྲུབ་པའི་མན་ངག་གཅེས༔ དེ་ཕྱིར་གདམས་པ་ཟབ་མོའི་གནད༔ དམིགས་པ་གཞན་དུ་མ་ཡེངས་པར༔ རྩེ་གཅིག་བསྒོམ་བཟླས་དག་ལ་འབད༔ དངོས་གྲུབ་རྣམ་གཉིས་མྱུར་ཐོབ་འགྱུར༔ ས་མ་ཡ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ དེང་བཟུང་བྱང་ཆུབ་མ་ཐོབ་བར༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ལན་གསུམ༔ དེ་ནས་སེམས་བསྐྱེད་པ་ནི༔ ཧོ༔ རིག་འཛིན་བླ་མའི་དཀྱིལ་འཁོར་དུ༔ བདག་གིས་བྱང་ཆུབ་ངེས་བསྒྲུབ་ཅིང་༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་ཀུན་བསྒྲལ་བར་དམ་བཅའ་འོ༔ ལན་གསུམ༔ དེ་ནས་ལྷ་བསྐྱེད་ནི༔ ཡུལ་གྱི་ཞེན་པ་བཟློག་པའི་ཕྱིར༔ ཨཱཿསྣང་བ་ཐམས་ཅད་པདྨ་འོད༔ སྲིད་པ་དག་མཉམ་སྤྲུལ་པའི་གར༔ གནས་ཁང་ཞེན་པ་བཟློག་པའི་ཕྱིར༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་ཁང་༔ རྒྱན་དང་བཀོད་པ་རྫོགས་པའི་དབུས༔ ཁྲི་གདན་ཞེན་པ་བཟློག་པའི་ཕྱིར༔ མ་ཆགས་སྐྱོན་བྲལ་པད་ཉིའི་སྟེང་༔ ངར་འཛིན་ཞེན་པ་ཟློག་པའི་ཕྱིར༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ དུས་གསུམ་སངས་རྒྱས་འདུས་པའི་དཔལ༔ སྣང་སྲིད་ཟིལ་གནོན་པདྨ་འབྱུང་༔ དཀར་དམར་མདངས་ལྡན་ཞི་མ་ཁྲོ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་དང་༔ གཡོན་པས་བྷནྡྷ་ཚེ་བུམ་བསྣམས༔ མཆན་ཁུང་གཡོན་དུ་ཁ་ཊྭཱྃ་བརྟེན༔ པད་ཞྭ་ཕོད་ཁ་ཟ་བེར་དང་༔ ཆོས་གོས་ཐང་ཤམ་སག་ལྷྭམ་གསོལ༔ རིན་པོ་ཆེ་ཡི་སྙན་ཆ་མཛེས༔ རྒྱལ་པོ་རོལ་པའི་སྟབས་སུ་འགྱིང་༔ ཡེ་ཤེས་འོད་ཕུང་གཟི་བརྗིད་འབར༔ སྐུ་ལ་རྒྱུད་སྡེའི་དཀྱིལ་འཁོར་རྫོགས༔ འབུམ་ཕྲག་ཡངས་པའི་མཁའ་འགྲོས་བསྐོར༔ དམ་ཅན་སྲུང་མས་བཀའ་ཉན་འདུད༔ འཁོར་འདས་སྤྱི་དཔལ་མཆོག་ཏུ་བསྐྱེད༔ གསང་བའི་སྙིང་པོ་འབྲུ་གསུམ་ལས༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་བསྟིམ༔ དེ་ནས་སྤྱན་དྲངས་པ་ནི༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་བརླབས་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་གསོལ་ཕྱག་འཚལ་མཆོད་འབུལ་ལ༔ ཧཱུྃ༔ གདོད་ནས་ལྷན་སྐྱེས་ཡེ་ཤེས་ལྷ༔ གཉིས་མེད་རོལ་པར་བརྟན་བཞུགས་གསོལ༔ སྒྱུ་འཕྲུལ་གར་གྱིས་ཕྱག་འཚལ་ལོ༔ སྣང་སྲིད་མཆོད་པའི་ཕྱག་རྒྱར་འབུལ༔ ས་མ་ཏི་སྟྭཾ༔ ན་མོ་ན་མ་ཧོཿམ་ཧཱ་སརྦ་པཱུ་ཛ་ག་ཎ་ཙཀྲ་ཧོ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ གཞི་དབྱིངས་སྤྲོས་མཐའ་བྲལ་བ་ཆོས་ཀྱི་སྐུ༔ གཞི་སྣང་ལྷུན་གྲུབ་བདེ་ཆེན་ལོངས་སྤྱོད་རྫོགས༔ ཐུགས་རྗེས་གདུལ་དཀར་འདུལ་མཛད་སྤྲུལ་པའི་སྐུ༔ སྐུ་གསུམ་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ དེ་ནས་འཛབ་དགོངས་ནི༔ ཧཱུྃ༔ རང་ཉིད་པདྨ་འབྱུང་གནས་ཀྱི༔ ཐུགས་ཀར་པད་ཟླའི་གདན་སྟེང་དུ༔ གསེར་གྱི་རྡོ་རྗེའི་ལྟེ་བ་རུ༔ སྲོག་གི་སྙིང་པོ་ཧྲཱིཿཡིག་དཀར༔ དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་མཆོག་ཐུན་དངོས་གྲུབ་ཀུན༔ བསྡུས་ཏེ་སྲོག་གི་སྙིང་པོར་བསྟིམ༔ གཟི་བྱིན་ནུས་སྟོབས་འབར་བར་བསྒོམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བསྙེན་ཅིང་བསྒྲུབ་པའི་འཛབ་དགོངས་ནི༔ དེ་ལྟར་གསལ་བའི་འོད་ཟེར་གྱིས༔ རྒྱལ་བ་རྒྱ་མཚོའི་ནུས་བཅུད་བསྡུ༔ སྣོད་བཅུད་དག་མཉམ་རོལ་པར་ཞི༔ དཀྱིལ་འཁོར་གསུམ་དུ་རྫོགས་སངས་རྒྱས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དེ་ནས་ལས་ལ་སྦྱོར་བ་ནི༔ བདག་ཉིད་ལྷའི་ཐུགས་ཀ་ནས༔ འོད་འཕྲོས་ལྷ་དང་སྲུང་མ་བསྐུལ༔ ཕོ་ཉ་ལས་མཁན་ཐུན་མཚོན་འཕྲོས༔ དགྲ་བགེགས་ལོག་འདྲེན་གནོད་བྱེད་ཀུན༔ བསྲེགས་གཏུབ་རྔམས་ཟས་བྱས་ནས་ཀྱང་༔ རྗེས་ཤུལ་ལྷག་མ་མེད་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་བྷྱོ༔ དེར་བརྟེན་ཁ་ཆར་གཅོད་འདོད་ན༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་དང་འོད་ཟེར་དཔག་མེད་འཕྲོས༔ ས་གཞི་ལྕགས་སྲེག་མེ་འབར་བ༔ སྲུབ་དང་སྒོ་མེད་རང་བཞིན་ཅན༔ སྤྲིན་ཡང་མེ་ལྕེའི་འཁོར་ལོར་གྱུར༔ ནམ་མཁའི་དབྱིངས་སུ་ཡལ་བར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀ་མུ་ཀ་མེ་ལུ་ཀ་ལུ་ལེ༔ ལུ་སྟྭཾ་བྷ་ཡ༔ ཤི་ལ་བར་ཤ་ཀྲུ་ཤྭ་ར༔ བར་ཤ་བི་ལུ་བི་སྭཱ་ཧཱ༔ ཞེས་བཟླས་ཤིང་ནམ་མཁའ་ལ་ཕུ་བཏབ་ཅིང་སྡིགས་མཛུབ་ཀྱི་རི་མོ་བྱས་པ་ངེས་པར་ཆད་དོ༔ དགྲ་ཇག་ཆོམ་རྐུན་སྲུང་འདོད་ན༔ རང་ཉིད་པདྨ་འབྱུང་གནས་ཀྱི༔ ཐུགས་ཀའི་འོད་ཟེར་རབ་འཕྲོས་པས༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་བསྐུལ༔ མི་སྡུག་དྲག་པོའི་ཆོ་འཕྲུལ་གྱིས༔ དགྲ་མིག་ཁྲག་གིས་བཀང་ནས་སུ༔ སྒོ་གསུམ་མནན་བཅིང་བྱད་དུ་བཅུག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨཿཡཿམཿདུཿརུཿཙཿཤཿནཿས་མ་ཡ་དགྲ་ཇག་ཆོམ་རྐུན་ཐམས་ཅད་ཆིངས་ཆིང་ཧུར་ཐུམ་རྦད༔ ཙཀྵུ་མུ་ཁཾ་བྷནྡྷ་བྷནྡྷ་སྭཱ་ཧཱ༔ མང་དུ་བཟླས་པས་ངེས་པར་ཐུབ༔ ནད་གདོན་ཀུན་ཐུབ་ཟབ་མོའི་སྔགས༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་ཟེར་དཔག་མེད་རབ་འཕྲོས་པས༔ ནད་གདོན་གནོད་བྱེད་མ་ལུས་པ༔ སྦུར་མ་མེ་ལ་བསྲེག་པ་ལྟར༔ རྗེས་ཤུལ་མེད་པར་བརླག་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བྷི་ན་རྦད༔ ནཱ་ག་རྦད༔ ཏྲི་ཏྲི་ཧུར་ཐུམ་རྦད༔ པཪྤ་རྦད༔ ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བར་ཆད་ཐམས་ཅད་བསྲུང་བ་ལ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ སྟེང་འོག་བར་གསུམ་ཐམས་ཅད་ཀུན༔ ཁྲོ་ཚོགས་མེ་དཔུང་མཚོན་ཐུན་གྱིས༔ བར་མཚམས་མེད་པར་རབ་གང་ནས༔ བར་ཆད་ཐམས་ཅད་བསྲུང་བཟློག་དམིགས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཏདྱ་ཐཱ༔ ཨཱ་ལི་ཀཱ་ལི་མུད་ཙིཏྟ་སྭཱ་ཧཱ༔ རྒྱུན་དུ་བཟླས་ཤིང་རང་གཞན་གྱི་མི་ནོར་བསྲུང་ཚེ་ཉི་མ་ལ་ཁ་ལྟས་ཏེ་སྔགས་ཉེར་གཅིག་བཟླས་ཤིང་ཆུ་ལ་བཏབ་སྟེ་གནས་ཁང་སོགས་ལ་གཏོར་བས་བར་ཆད་ཐམས་ཅད་ངེས་པར་ཐུབ་བོ༔ དེ་ལྟར་ཉམས་སུ་ལེན་པ་ལ༔ བསྐྱེད་དང་དམིགས་པ་གནད་ལྡན་པས༔ བསྙེན་པ་འབྲུ་འབུམ་སྒྲུབ་པ་བྱེ༔ ལས་སྔགས་འབུམ་ཕྲག་རེ་རེ་བཟླས༔ དེ་མཐར་ལས་གང་སྦྱོར་ཀྱང་འགྲུབ༔ ཐེ་ཚོམ་མེད་དོ་རྡོ་རྗེའི་ཚིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཨ་ལྕགས་འབྲུ་ཡི་བཙུན་ཆུང་བསོད་ནམས་ཡེ་ཤེས་ཀྱིས་ནན་དུ་བསྐུལ་ངོར་སྦས་པའི་རྣལ་འབྱོར་བདུད་འཇོམས་རྡོ་རྗེས་མཁའ་འགྲོའི་ཀློང་མཛོད་ལས་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་ཀྱིས་སོ།།མངྒ་ལཾ།།