TTDL-ZABTER-12-NA-004

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-004

༠༠༠༠བརྡ་ཡིག༡༣མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ རིག་འཛིན་རྡོ་རྗེ་གཤོག་རྒོད་ཀྱི་ཚོགས་མཆོད་དངོས་གྲུབ་འབྱུང་གནས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠༠བརྡ་ཡིག༡༣གསང་སྔགས་སྒོར་ཞུགས་སྐྱེས་བུ་ཡི༔ དམ་ཚིག་ཉམས་ཆག་བསྐང་བ་དང་༔ ཚོགས་གཉིས་ཡོངས་སུ་རྫོགས་པའི་ཕྱིར༔ ཚོགས་ཀྱི་མཆོད་པ་ཕུལ་བ་ལ༔ འབྱོར་ཚོགས་ཟས་སྣ་སྣ་ཚོགས་བསགས༔ ཤ་དང་ཆང་ནི་མེད་མི་རུང་༔ སྤོད་དང་རོ་ལྡན་ཟས་ཚོགས་དང་༔ མདོར་ན་བཟའ་བར་འོས་སོ་ཅོག༔ བཤམས་ཏེ་བྱིན་གྱིས་བརླབ་པ་ལ༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འབྱུང་བའི་སྙིང་པོ་རཾ་ཡཾ་ཁཾ༔ འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ དེ་ནས་སྤྱན་འདྲེན་པ་ལ༔ ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ནས༔ དཀྱིལ་འཁོར་གཙོ་མཆོག་བླ་མ་ལ༔ རིག་འཛིན་བླ་མའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཟངས་མདོག་དཔལ་གྱི་རི་བོ་ནས༔ རྗེ་བཙུན་པདྨ་འབྱུང་གནས་ལ༔ དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་མཆོག་ཉེར་བཞི་ཡུལ་སོ་གཉིས༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་༔ ཧེ་རུ་ཀ་ཡི་གནས་བཅུ་ན༔ བཞུགས་པའི་དཔའ་བོ་མཁའ་འགྲོའི་ཚོགས༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་ཚོགས་ཕུད་འབུལ་བ་ལ༔ ཧོཿརྩ་གསུམ་རྒྱ་མཚོའི་སྤྱི་དཔལ་མཆོག༔ གུ་རུ་པདྨ་འབྱུང་གནས་དང་༔ བརྒྱུད་གསུམ་རིག་འཛིན་བླ་མ་ལ༔ བདུད་རྩིའི་ཚོགས་ཀྱི་མཆོད་པ་འབུལ༔ སརྦ་མ་ཧཱ་གུ་རུ་ཧཿརིཿནིཿསཿཔཉྩ་སུ་ཀ་ཛྙཱ་ན་ཨ་མྲྀ་ཏ་ག་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ལ༔ ཧོཿདུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག༔ རྡོ་རྗེའི་བླ་མ་དགོངས་སུ་གསོལ༔ བདག་ནི་བག་མེད་དབང་གྱུར་ཏེ༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཨོཾ་ག་ཎ་ཙཀྲ་ས་ཏྭ་ས་མ་ཡ༔ སོགས་ཡི་གེ་བརྒྱ་པ་ཚང་བར་བརྗོད༔ དེ་ནས་བསྒྲལ་ཞིང་བསྟབས་པ་ལ༔ ཧཱུྃ༔ བདག་ཉིད་པདྨ་ཐོད་ཕྲེང་གི༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་རྩལ༔ ཕོ་ཉ་ལས་མཁན་སྐར་ལྟར་འཁྲིགས༔ བདག་ལྟའི་རཱུ་དྲ་དབྱིངས་སུ་བསྒྲལ༔ བདག་མེད་མཉམ་ཉིད་རོལ་པའི་མཁར༔ བསྟབ་བོ་བཞེས་ཤིག་ལྷག་མེད་རོལ༔ སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་ཁཱ་ཧི༔ དེ་ནས་ལྷག་མ་འབུལ་བ་ལ༔ ཧཱུྃ་བྷྱོ༔ སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀའི༔ བཀའ་ཉན་རོལ་པའི་ལྷག་སྡུད་མ༔ འཁོར་དང་ཡང་འཁོར་བཅས་པ་ཀུན༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་རོལ༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་མཛོད༔ མ་མ་ཌཱཀྐི་ནཱི་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཆད་མདོ་བརྟན་སྐྱོང་ལ༔ ཧཱུྃ་བྷྱོ༔ སྔོན་ཚེ་འདས་པའི་བསྐལ་པ་ལ༔ སྤྱི་དཔལ་ཆེ་མཆོག་ནས་བཟུང་སྟེ༔ བཀའ་དྲིན་གསུམ་ལྡན་བླ་མའི་བར༔ བརྒྱུད་གསུམ་བླ་མ་རིག་འཛིན་གྱི༔ བཀའ་བསྒོས་དམ་བཞག་ཅི་བཞིན་དུ༔ ཆད་ཐོ་དམ་ཅན་སྲུང་མ་དང་༔ འཛམ་གླིང་བརྟན་མ་བཅུ་གཉིས་ཏེ༔ འཁོར་འབངས་སྡེ་རིགས་བཅས་རྣམས་ཀུན༔ འདིར་གཤེགས་དམར་གྱི་གཏོར་མ་ལོངས༔ ཁས་བླངས་དམ་བཅས་ཇི་བཞིན་དུ༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་མཛོད༔ སརྦ་ས་མ་ཡ་ཨེ་དཾ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་རྟ་བྲོ་བརྡུང་བ་ལ༔ ཧཱུྃ༔ མ་རིག་གཟུང་འཛིན་རཱུ་ཏྲ་ཀུན༔ བདག་མེད་ཆོས་ཉིད་མཁའ་རུ་བྲུབ༔ ཡེ་ཤེས་ལམ་གྱི་བྲོ་ར་འཁྲབ༔ འཁྲུལ་མི་ཤེས་པའི་དབྱིངས་སུ་ནན༔ མཱ་ར་ཡ་ཕཊ༔ སྟྭཾ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་བླང་ཞིང་བཤགས་པ་བྱ་བ་ལ༔ ཧོཿརིག་འཛིན་བླ་མའི་སྤྱན་སྔ་རུ༔ སྡོམ་དང་བསླབ་པ་དམ་ཉམས་བཤགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དངོས་གྲུབ་འབད་མེད་མྱུར་དུ་སྩོལ༔ བཛྲ་ས་མ་ཡ་ཤུདྡྷེ་ཨཱཿཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཕ་ལ་ཧོཿདེ་ནས་བསྔོ་བ་སྨོན་ལམ་ནི༔ ཧོཿའདི་དང་དུས་གསུམ་དགེ་ཚོགས་རྣམས༔ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ མ་གྱུར་མཁའ་མཉམ་སེམས་ཅན་ཀུན༔ ཕྱམ་གཅིག་རྫོགས་སངས་རྒྱས་གྱུར་ཅིག༔ དེ་ནས་བསྡུ་བའི་རིམ་པ་ལ༔ ཧོཿརྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷ༔ ཀ་དག་ཁྱབ་གདལ་ཆེན་པོར་ཨཱཿསླར་ཡང་མཁའ་ལས་འཇའ་ཚོན་ལྟར༔ ཡེ་ཤེས་སྒྱུ་མའི་སྐུར་བསྒོམ་མོ༔ རྩ་སྔགས་བརྗོད༔ དེ་ནས་བཀྲ་ཤིས་བྱ་བ་ལ༔ ཨོཾ༔ མི་འགྱུར་མི་ཤིགས་རྡོ་རྗེའི་སྐུ༔ ཨཱཿའགགས་མེད་རང་བྱུང་རྡོ་རྗེའི་གསུང༔ ཧཱུྃ༔ ཀ་དག་སྤྲོས་བྲལ་རྡོ་རྗེའི་ཐུགས༔ ལྷུན་གྲུབ་ཡོན་ཏན་རྫོགས་པའི་གཏེར༔ ཕྲིན་ལས་གར་གྱིས་གདུལ་བྱ་འདུལ༔ དགོས་འདོད་འབྱུང་བའི་རིན་པོ་ཆེ༔ དཔལ་མགོན་བླ་མའི་བཀྲ་ཤིས་ཤོག༔ ས་མ་ཡ༔ དེ་ལྟར་སྒྲུབ་མཆོད་ལ་བརྩོན་པས༔ སྐལ་བར་ལྡན་པའི་སྐྱེས་བུ་རྣམས༔ བསྐྱེད་དང་རྫོགས་པའི་གདིང་ལྡན་ན༔ ཚེ་འདིར་རྣམ་གྲོལ་འབྲས་བུ་ཐོབ༔ མི་བསླུ་ངེས་པ་རྡོ་རྗེའི་ཚིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཉིད་སློབ་བུ་བསོད་ཆོས་ཞེས་པས་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་དུས་གསུམ་དུ་དགེ་བར་གྱུར་ཅིག།དགེའོ།།དགེའོ།།དགེའོ།།ཛཡནྟུ།།