TTDL-ZABTER-12-NA-007

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-007

༠༠༠༠༠བརྡ་ཡིག༢༣མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ དྲག་པོའི་ཧཱུྃ་སྒྲུབ་གསོལ་འདེབས་གཅིག་དྲིལ་བཞུགས༔ ན་མོ་གུ་རུ༔ ༠༠༠༠༠བརྡ་ཡིག༢༣ཨེ་མ་ཧོ༔ གདོད་མ་གཞི་ཡི་སངས་རྒྱས་ཀུན་ཏུ་བཟང་༔ རིགས་ལྔ་རིགས་གསུམ་རིགས་བརྒྱ་སྤྲུལ་པའི་གར༔ དགའ་རབ་ཤྲཱི་སིང་པདྨ་འབྱུང་གནས་སོགས༔ དགོངས་པ་བརྡ་བརྒྱུད་བླ་མ་ཐམས་ཅད་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ ཧཱུྃ་གླུ་དལ་བུས་སྙན་པའི་དབྱངས་ཀྱིས་ལེན༔ ཡེ་ཤེས་མཚོ་རྒྱལ་འབྲོག་བན་ཁྱེའུ་ཆུང་༔ ནམ་མཁའི་ལུས་ཅན་དྲིན་ཆེན་བླ་མ་སོགས༔ གང་ཟག་སྙན་རྒྱུད་བླ་མ་ཐམས་ཅད་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ ཧཱུྃ་གླུ་ལེན༔ ཆེ་མཆོག་སྤྱི་དཔལ་རྡོ་རྗེ་ཁྲོ་བོ་ལོད༔ མཁའ་འགྲོ་གིང་དང་རྒྱལ་ཆེན་སྡེ་བཞི་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ ཧཱུྃ་གླུ་ལེན༔ སྣང་བའི་ངོ་བོ་ཡི་གེ་ཧཱུྃ་དུ་ཞིག༔ གཟུང་བའི་ཡུལ་མེད་ཕྱི་ཡི་སྟོང་པ་ཉིད༔ མཆེད་པའི་ཤེས་པ་དང་པོ་ཧཱུྃ་དུ་འཕོས༔ ཅང་མེད་ནམ་མཁའི་ཀློང་ཆེན་ཆོས་ཀྱི་དབྱིངས༔ ཧཱུྃ་གླུ་ལེན༔ སྲིད་པ་ཐམས་ཅད་དག་མཉམ་རོལ་པ་ཆེ༔ སྟོང་པའི་ངང་ལས་འཛིན་པའི་སེམས་མེད་ཅིང་༔ རྣམ་ཐར་གསུམ་ལྡན་ནང་གི་སྟོང་པ་ཉིད༔ བདག་མེད་སྤྲོས་བྲལ་དབྱིངས་སུ་རྫོགས་སངས་རྒྱས༔ ཧཱུྃ་གླུ་ལེན༔ ཤེས་རིག་གདོད་མ་གཞི་ཡི་རྒྱ་མཚོ་རུ༔ ཤེས་བྱའི་ཆོས་ཀུན་གཟའ་སྐར་བཀྲ་བཞིན་ཤར༔ ཐམས་ཅད་དྭངས་མ་ཧཱུྃ་གི་ཡི་གེར་ཤར༔ དོར་བ་མེད་པའི་སྟོང་པ་ཉིད་དེ་ཀ༔ ཧཱུྃ་གླུ་ལེན༔ འཁོར་འདས་ཐམས་ཅད་མི་གནས་ཡེ་ཤེས་སུ༔ གཉིས་མེད་རོལ་པ་ཆེན་པོ་སྟོང་པ་ཉིད༔ ཡུལ་མེད་ཟང་ཐལ་ཆེན་པོར་ཧར་སངས་ཏེ༔ མ་བཅོས་མཉམ་པ་ཉིད་དུ་རྫོགས་སངས་རྒྱས༔ ཞེས་དམིགས་པ་གཞན་དུ་མ་ཡེངས་པར༔ བརྒྱ་ཕྲག་ཙམ་ལས་མི་ཉུང་བཟླ༔ བདེན་མཐོང་དོན་གྱི་རྣལ་འབྱོར་གྱིས༔ ནམ་དྲན་དུས་སུ་འདི་དོན་ཀུན༔ དྲན་ནས་འདི་བཟླས་དོན་ཀུན་འགྲུབ༔ རྒྱུད་སྡེ་འབུམ་ཕྲག་ཀློག་དང་མཉམ༔ ཉམས་ཆག་རྟོག་སྒྲིབ་ཐམས་ཅད་འདག༔ བཀའ་སྲུང་གཟའ་བཙན་མ་མོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རང་སློབ་དམ་པ་འོད་ཟེར་མཐའ་ཡས་ཀྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་ཀྱིས་གཏན་ལ་ཕབ་པའི་ཡི་གེ་པ་ནི་བློ་བཟང་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།།།