TTDL-ZABTER-12-NA-011

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-011

༠༠༠༠༠བརྡ་ཡིག༤༣མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ བདུད་རྩི་འཁྱིལ་བ་ཕྲིན་ལས་མེ་འབར་གྱི་སྐོར་ལས་གསོལ་འདེབས་བྱིན་རླབས་ཆར་འབེབས་ཞེས་བྱ་བ་བཞུགས་སོ༔ ༠༠༠༠༠བརྡ་ཡིག༤༣ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ནཱི༔ གསོལ་འདེབས་བྱིན་རླབས་ཆར་འབེབས་ལ༔ རྩ་བ་གསུམ་ལ་མོས་གུས་ཀྱིས༔ གདུང་བ་དྲག་པོས་གསོལ་བ་འདེབས༔ ཨེ་མ་ཧོ༔ ཀ་དག་སྐྱེ་མེད་ཁྱབ་གདལ་གཞལ་ཡས་ན༔ གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་ཀ་དག་ཆོས་སྐུའི་ཀློང་༔ འཕོ་མེད་འཇའ་སྐུར་གྲོལ་བར་བྱིན་གྱིས་རློབས༔ དྭངས་མ་ལྔ་ལྡན་འཇའ་ཐིག་ཞིང་ཁམས་ན༔ རིག་རྩལ་རྫོགས་སྐུ་རྡོར་སེམས་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་རྟོག་ཚོགས་རང་གྲོལ་ཀློང་༔ འཕོ་མེད་འཇའ་སྐུར༴གཞོན་ནུ་བུམ་པ་སྐུ་ཡི་ཕོ་བྲང་ན༔ སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་འོད་གསལ་ཆོས་སྐུའི་ཀློང་༔ འཕོ་མེད་འཇའ་སྐུར༴རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ན༔ རིགས་ཀུན་བདག་ཉིད་པདྨ་འོད་འབར་ལ༔ གསོལ་བ་འདེབས་སོ་ཆོས་ཉིད་རོལ་པའི་ཀློང་༔ འཕོ་མེད་འཇའ་སྐུར༴བདེ་སྟོང་རྒྱུན་ཆད་མེད་པའི་ཕོ་བྲང་ན༔ མ་ཅིག་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་བདེ་སྟོང་ཡེ་ཤེས་ཀློང་༔ འཕོ་མེད་འཇའ་སྐུར༴ཡོན་ཏན་སྣ་ཚོགས་ལྷུན་གྲུབ་དཀྱིལ་འཁོར་ན༔ གྲུབ་པའི་མཆོག་བརྙེས་ཁྱེའུ་ཆུང་ལོ་ཙཱ་ལ༔ གསོལ་བ་འདེབས་སོ་སྣང་སྲིད་གཞིར་བཞེངས་ཀློང་༔ འཕོ་མེད་འཇའ་སྐུར༴སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དུ༔ བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ལ༔ གསོལ་བ་འདེབས་སོ་རིག་སྟོང་དབྱེར་མེད་ཀློང་༔ འཕོ་མེད་འཇའ་སྐུར༴ལྗང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ན༔ ཆེ་མཆོག་བདུད་རྩི་འཁྱིལ་བ་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་འཁྲུལ་རྟོག་དབྱིངས་སྒྲོལ་དུ༔ འཕོ་མེད་འཇའ་སྐུར༴རང་མདངས་ཡེ་ཤེས་རབ་འབར་གཞལ་ཡས་ན༔ ཆེ་བའི་ཆེ་མཆོག་ཁྲག་འཐུང་རིགས་བཞི་ལ༔ གསོལ་བ་འདེབས་སོ་ཆོས་དབྱིངས་ཡེ་ཤེས་ཀློང་༔ འཕོ་མེད་འཇའ་སྐུར༴ཚད་མེད་རྣམ་བཞིས་འགྲོ་དྲུག་གནས་ནས་འདྲེན༔ ཕྲིན་ལས་བཞི་བསྒྲུབ་སྒོ་མ་རྣམ་བཞི་ལ༔ གསོལ་བ་འདེབས་སོ་གཟུང་འཛིན་རང་གྲོལ་ཀློང་༔ འཕོ་མེད་འཇའ་སྐུར་གྲོལ་བར་བྱིན་གྱིས་རློབས༔ སྨུག་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ན༔ སྔགས་ཀྱི་སྲུང་མ་ཨེ་ཀ་ཙ་ཏི་ལ༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔ ཚེ་འདིར་རིག་འཛིན་མཆོག་གི་ས་ལ་སྐྱོལ༔ བྱང་ཕྱོགས་རིན་ཆེན་གཏེར་གྱི་གཞལ་ཡས་ན༔ ནོར་གྱི་བདག་པོ་རྣམ་སྲས་རིགས་ལྔ་ལ༔ གསོལ་བ་འདེབས་སོ་ནོར་གྱི་དངོས་གྲུབ་སྩོལ༔ ཕྱི་ནང་བར་ཆད་ཞི་བར་བྱིན་གྱིས་རློབས༔ བཀའ་དང་དམ་ཚིག་གཉན་གྱི་ཕོ་བྲང་ན༔ ཕྱི་ནང་གསང་བའི་བསྟན་བསྲུང་རྒྱ་མཚོ་ལ༔ གསོལ་བ་འདེབས་སོ་མཐུན་རྐྱེན་འབད་མེད་བསྒྲུབ༔ མི་མཐུན་བར་ཆད་ཞི་བར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ ནད་གདོན་སྡིག་སྒྲིབ་དག་པར་བྱིན་གྱིས་རློབས༔ ཕྱི་ནང་བར་ཆད་ཞི་བར་བྱིན་གྱིས་རློབས༔ ཚེ་སྒྲུབ་མཐའ་རུ་ཕྱིན་པར༴ཚེ་ཆོས་དཔལ་ཡོན་རྒྱས་པར༴དྲེགས་ཚོགས་བྲན་དུ་ཁོལ་བར༴ཁམས་གསུམ་དབང་དུ་འདུ་བར༴རང་སྣང་དབང་དུ་འདུ་བར༴གཞན་སྣང་ཟིལ་གྱིས་གནོན་པར༴ལོག་རྟོག་དབྱིངས་སུ་སྒྲོལ་བར༴སེམས་ཉིད་ཆོས་སྐུར་སྨིན་པར༴གཞོན་ནུ་བུམ་སྐུར་གྲོལ་བར༴ཚེ་འདིར་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས༔ འབྲེལ་ཐོགས་སེམས་ཅན་གཅིག་ཀྱང་མ་ལུས་པ༔ ཆོས་སྐུའི་དགོངས་ཀློང་ཡངས་པར་སངས་རྒྱས་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་གླིང་པ་བདུད་འཇོམས་རྡོ་རྗེས་ཟབ་གསང་དགོངས་པའི་གཏེར་མཛོད་མཁའ་འགྲོའི་ཀློང་བྱང་ཡེ་ཤེས་དྲྭ་བ་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་ཛྙཱ་ན་མ་ཏིས་བྲིས་པའོ།།དགེའོ།།མངྒ་ལཾ།།།།