TTDL-ZABTER-12-NA-013

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-013

༠༠༠༠༠༠བརྡ་ཡིག༦༣མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཕྲིན་ལས་མེ་འབར་གྱི་སྐོར་ལས་འཛབ་དགོངས་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ནཱི༔ ༠༠༠༠༠༠བརྡ་ཡིག༦༣འཛབ་འཁོར་དངོས་གྲུབ་རྒྱ་མཚོ་འདི༔ ཉམས་སུ་ལེན་པའི་གང་ཟག་རྣམས༔ བསྐྱེད་རྫོགས་དབྱེར་མེད་བྱང་ཆུབ་སེམས་དང་འགྲོགས༔ དམིགས་པའི་གནད་ལྡན་ལས་ལ་རང་མདོག་གིས༔ བསྒྱུར་ཁ་མཁས་ཤིང་སོ་སོར་དཔག་པ་གཅེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཧཱུྃ་ཧྲཱིཿརང་ཉིད་ཆེ་མཆོག་བདུད་རྩི་འཁྱིལ་བ་ཡི༔ ཐུགས་ཀར་པདྨ་ཉི་ཟླ་འཇའ་འོད་ཀློང་༔ རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་བའི༔ ཐུགས་ཀློང་རྡོ་རྗེ་སྔོན་པོ་རྩེ་དགུ་པའི༔ ལྟེ་བར་ཉི་ཟླའི་གྭའུ་ཁ་སྦྱོར་ནང་༔ དྭངས་མ་ལྔ་ལྡན་ཐིག་ལེ་ཟླུམ་པོའི་དབུས༔ ཐུགས་སྲོག་ཧཱུྃ་སྔོན་སྦུ་ཡིས་བྲིས་ལྟར་གསལ༔ དེ་མཐར་སྔགས་ཀྱི་ཕྲེང་བས་འཁོར་བ་ལས༔ འོད་འཕྲོས་རྒྱལ་བ་རྒྱ་མཚོའི་བྱིན་རླབས་ཀུན༔ ཚུར་འདུས་རང་གི་ཐུགས་ཀའི་ཧཱུྃ་ལ་བསྟིམ༔ རྣམ་སྨིན་སྡིག་སྒྲིབ་མ་ལུས་ཀུན་དག་ནས༔ ཚེ་བསོད་དཔལ་འབྱོར་ནས་སྟོབས་རབ་རྒྱས་ཤིང་༔ སྐུ་བཞི་ཡེ་ཤེས་ལྔ་ཡི་དབང་ཐོབ་ཅིང་༔ སྣང་སྲིད་གཞིར་བཞེངས་རང་བྱུང་སྐུར་བསྒོམ་མོ༔ རང་གི་ཐུགས་ཀའི་ཧཱུྃ་གི་ཐིག་ལེ་ལས་སྔགས་ཕྲེང་འོད་ཟེར་གྱིས་འབྲེལ་ཞིང་མགལ་མེའི་འཁོར་ལོ་ལྟར་ཡུམ་གྱི་ཞལ་དུ་ཞུགས་སྐུ་ཡི་དབྱིབས་བརྒྱུད་ཡུམ་གྱི་པདྨོ་ནས་རང་གི་རྡོ་རྗེའི་སྦུབས་སུ་ཞུགས་ཐུགས་ཀའི་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པ་བར་མ་ཆད་པར་ཀྱི་ལི་ལི་འཁོར་བ་ལས་འོད་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་དབང་བྱིན་དངོས་གྲུབ་ཐམས་ཅད་མ་ལུས་པར་སྤྲིན་དཔུང་གཏིབས་པ་ལྟར་བསྡུས་ཏེ་རང་དབང་བསྒྲུབ་རྫས་ལ་བསྟིམ་པས་གཟི་བརྗིད་འོད་ཕུང་དཔག་ཏུ་མེད་པ་འབར་ཞིང་སླར་ཡང་འོད་འཕྲོས་སྣང་སྲིད་དག་པ་རབ་འབྱམས་གཞལ་ཡས་ལྷ་སྔགས་ཀྱི་འཁོར་ལོའི་རོལ་པར་དམིགས་ལ༔ བསྙེན་པ་ནི༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་རྡོ་རྗེ་ཁྲོ་བོ་བདུད་རྩི་འཁྱིལ་བ་བསྣུན་བསྣུན་ཧཱུྃ་ཕཊ༔ ཉེ་སྙིང་ནི༔ ཨོཾ་ཨ་མྲྀ་ཏ་ཧཱུྃ་ཕཊ༔ ཨོཾ་བདུད་རྩི་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨོཾ་རྡོ་རྗེ་ཁྲོ་བོ་ཆེན་པོ་དཔལ་ཧེ་རུ་ཀ་ཧཱུྃ་ཕཊ༔ སོགས་འགྲེས༔ ཨོཾ་རཏྣ་ཀྲོ་ཏ༴ཨོཾ་པདྨ་ཀྲོ་ཏ༴ཨོཾ་ཀརྨ་ཀྲོ་ཏ༴ཨོཾ་བཛྲ་ཌཱཀྐི་ནཱི་བཛྲ་ཨཾ་ཀུ་ཤ་ཡ་ཛ་ཛཿཨོཾ་རཏྣ་ཌཱཀྐི་ནཱི་རཏྣ་པཱ་ཤ་ཧཱུྃ་ཧཱུྃ༔ ཨོཾ་པདྨ་ཌཱཀྐི་ནཱི་པདྨ་སྥོ་ཊ་བཾ་བཾ༔ ཨོཾ་ཀརྨ་ཌཱཀྐི་ནཱི་ཀརྨ་གྷཎྜེ་ཧོ་ཧོ༔ བསྒྲུབ་པ་ནི༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱི་སརྦ་ཀྲོ་ཏི་ས་མ་ཡ་ཀཱ་ཡ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཨོཾ་རྡོ་རྗེ་ཁྲོ་བོ་བདུད་རྩི་འཁྱིལ་བ་དང་ཁྲོ་བོ་ཁྲོ་མོ་ཐམས་ཅད་དམ་ཚིག་གིས་སྐུ་ཡེ་ཤེས་ཐམས་ཅད་ཀྱི་དངོས་གྲུབ་བཟང་པོ་སྩོལ་ཧཱུྃ་ཨཱཿམཆན།ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠བརྡ་ཡིག༦༥རང་ཉིད་ཁྲོ་རྒྱལ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་མེ་འོད་མཚོན་ཆ་ཁྲོ་ཆུང་ལྕགས་སྡིག་ཟ་གསོད་དཔག་ཏུ་མེད་པ་འཕྲོས་པས་དགྲ་བགེགས་ལོག་འདྲེན་རྒྱལ་བསེན་དམ་སྲི་ཐམས་ཅད་བསད་བཅད་རྔམས་ཟས་བྱེད་ཅིང་ཐལ་བའི་རྡུལ་ཕྲན་ཙམ་ཡང་མེད་པར་གྱུར༔ ལས་སྦྱོར་ནི༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་བཛྲ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ཉིད་ཉམས་ལེན་རྣལ་འབྱོར་ཀུན༔ ཚེ་གཅིག་སངས་རྒྱས་ས་ཐོབ་ཅིང༔ ཚེ་འདིར་སྣང་སྲིད་བྲན་དུ་འཁོལ༔ བསྐྱེད་རྫོགས་དབྱེར་མེད་བྱང་ཆུབ་སེམས་དང་འགྲོགས༔ ཚེ་གཅིག་བསྒོམ་དང་བསྒྲུབ་པ་ཉམས་སུ་ལོངས༔ དགོས་མེད་ཟོལ་ཟོག་མ་བྱེད་སྐལ་ལྡན་རྣམས༔ ཚེ་འདིར་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར༔ མི་བསླུ་ངེས་པ་པདྨ་བདག་གི་བཀའ༔ བཀའ་འདི་སྔགས་སྲུང་རྒྱལ་མོ་ཁྱོད་ལ་བཅོལ༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ ཞེས་པ་འདི་ཡང་སྔགས་ཀྱི་བནྡེ་གར་དབང་བདུད་འཇོམས་རྡོ་རྗེས་ཡིག་མེད་དགོངས་པའི་ཀློང་བྱང་ལས་དག་པར་ཕབ་པའོ།།ཡི་གེ་རིམ་བྱེད་ཟ་ཧོར་གྱི་བཙུན་པ་ཕུན་ཚོགས་བཀྲ་ཤིས་ཀྱིས་བགྱིས་པའོ།།སརྦ་མངྒ་ལཾ།།ཨྠིྀ།།།།