TTDL-ZABTER-12-NA-015

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-015

༠༠༠༠༠བརྡ་ཡིག༧༡ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བའི་བསྐུལ་བཟློག་ཡེ་ཤེས་འོད་ཟེར་གྱི་དྲྭ་བ་ཞུགས་སོ༔ ༠༠༠༠བརྡ་ཡིག༧༡ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ནཱི༔ དམར་གྱི་གཏོར་མ་རཀྟས་བྲན་ལ༔ བདག་མདུན་གསལ་བ་དང་རིག་སྟོང་དབྱེར་མེད་ཀྱི་ངར་གདིང་བསྐྱེད་ལ༔ ཧཱུྃ་ཧྲཱིཿཆོས་ཀྱི་སྐུ་ལ་གཡོ་བ་མེད་པ་ལས༔ མ་འགགས་རོལ་པ་སྒྱུ་མའི་སྐུར་བཞེངས་པ༔ ཐུགས་རྗེའི་ཐབས་ཀྱིས་འགྲོ་དྲུག་གནས་ནས་འདྲེན༔ བླ་མ་རིག་འཛིན་རྒྱ་མཚོའི་ཐུགས་རྒྱུད་བསྐུལ༔ གདོད་ནས་མ་བཅོས་ཆོས་སྐུ་ཀུན་ཏུ་བཟང་༔ འགྲོ་བའི་དོན་དུ་ཕྲིན་ལས་གར་བསྒྱུར་བ༔ བདུད་དཔུང་མ་ལུས་གཞོམ་མཛད་ལྷག་པའི་ལྷ༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་སྐུར་བཞེངས་ཤིག༔ མེ་ལོང་ཡེ་ཤེས་དབྱིངས་ལས་སྐུར་བཞེངས་པ༔ ཁྲོ་རྒྱལ་རྡོ་རྗེ་ཀྲོ་ཏ་སྐུར་བཞེངས་ཤིག༔ མཉམ་ཉིད་ཡེ་ཤེས་དབྱིངས་ལས་སྐུར་བཞེངས་པ༔ ཁྲོ་རྒྱལ་རཏྣ་ཀྲོ་ཏ༴སོར་རྟོག་ཡེ་ཤེས་དབྱིངས་ལས་སྐུར་བཞེངས་པ༔ ཁྲོ་རྒྱལ་པདྨ་ཀྲོ་ཏ༴བྱ་གྲུབ་ཡེ་ཤེས་དབྱིངས་ལས་སྐུར་བཞེངས་པ༔ ཁྲོ་རྒྱལ་ཀརྨ་ཀྲོ་ཏ༴ཚད་མེད་རྣམ་བཞིའི་ཕྲིན་ལས་བཞི་བསྒྲུབ་པ༔ ཡེ་ཤེས་སྒོ་མ་རྣམ་བཞི༴མ་རིག་ལོག་རྟོག་དབྱིངས་སུ་སྒྲོལ་མཛད་པ༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་སྐུར་བཞེངས་ཤིག༔ བསྐུལ་ལོ་བསྐུལ་ལོ་ཡི་དམ་ལྷ་ཡི་ཚོགས༔ མ་གཡེལ་མ་གཡེལ་དྲག་པོའི་ཕྲིན་ལས་མཛོད༔ གཉིས་འཛིན་རཱུ་ཏྲ་བདག་ལྟའི་འགོང་པོ་དང་༔ ཐོགས་བཅས་ཐོགས་མེད་དགྲ་བགེགས་སྒྲོལ་ཞིང་བཟློག༔ སྨོན་ལོག་བདུད་པོ་ཐལ་བའི་རྡུལ་དུ་རློག༔ བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ཨོཾ་བཛྲ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་སརྦ་ས་མ་ཡ་དགྲ་བགེགས་འཇིང་འདུར་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་བྷྱོ་བཟློག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ཡིས་མི་བཟློག་གང་ཡང་མེད༔ ཅེས་པ་འདི་ཡང་གར་དབང་རྡོ་རྗེ་གྲོ་ལོད་རོལ་པ་རྩལ།གླིང་པ་བདུད་འཇོམས་རྡོ་རྗེ་ཞེས་བྱ་བས།ཀློང་བྱང་ནམ་མཁའི་བརྡ་རིས་ལས་ཞལ་བཤུས་སོ།།ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་ཛྙཱ་ན་མ་ཏིས་སོ།།དགེའོ།།།།