TTDL-ZABTER-12-NA-020

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-020

༠༠༠༠༠༠བརྡ་ཡིག༩༣མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ གཟའ་བརྒྱད་རྦད་ནས་འཆིང་བའི་འཁོར་ལོ་བཞུགས་སོ༔ ན་མོ་གུ་རུ་བྷྱ༔ རྫས་ལ་ཕུར་ནག་བཙན་དུག་དང་༔ གླ་རྩི་རྟ་བོན་རྨ་བྱའི་མདོངས༔ ཞིབ་བཏུལ་མུ་ཁྱུད་རྣམས་ལ་བྱུག༔ སྤང་སྤོས་བསྲེག་པའི་དུད་པས་བདུག༔ ཙཀྲ་མུ་ཁྱུད་རིམ་པ་ལྔ་རུ་བསྐོར༔ ལྟེ་བ་ཐིག་ལེ་ལྔ་བཀོད༔ ཐིག་ལེ་དབུས་ལ་ཨོཾ་ཕྱོགས་ཀྱི་ཐིག་ལེ་བཞིར་ཡིག་མགོ་ནང་བསྟན་དུ༔ ཧཱུྃ་ཏྲཱཾ་ཧྲཱིཿཨཱཿབྲིཿཐིག་མཚམས་སུ༔ ཤར་ལྷོ་ཡིག་མགོ་ཕྱིར་བསྟན་ནྲྀ་བྲི༔ ལྷོ་ནུབ་ནང་བསྟན་ཧཱུྃ༔ ནུབ་བྱང་ཕྱིར་བསྟན་བྷྲཱུྃ༔ བྱང་ཤར་ནང་བསྟན་ཨཱཿཞེས་བྲི༔ དེའི་ཕྱིར་མུ་ཁྱུད་དང་པོ་ལ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ འཆང་བ་པོ་ལ་གནོད་བྱེད་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པ་དང་གྲིབ་སྦྱོར་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ དེའི་ཕྱི་རིམ་མུ་ཁྱུད་གཉིས་པ་ལ་འཁོར་ལོ་རྩིབས་བརྒྱད་བྲི༔ རྩིབས་ལ་ཤར་ནས་རིམ་བཞིན༔ ཧཱུྃ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཕཊ༔ ཏྲཾ་བཛྲ་ཕཊ༔ ཧཱུྃ་བཛྲ་ཧཱུྃ་ཕཊ༔ ཨོཾ་ཧཱུྃ་ཕཊ༔ ཧྲཱིཿཧཱུྃ་ཕཊ༔ ཨ་ཧཱུྃ་ཕཊ༔ ཧཱུྃ་བཛྲ་ཕཊ༔ ཅེས་ཡིག་མགོ་ཕྱིར་བསྟན་དུ་བྲི༔ རྩིབས་མཆན་ལ་ཡིག་མགོ་ནང་བསྟན་དུ་མདུན་ནས་བརྩམས་ཏེ༔ གཡོན་བསྐོར་དུ་རིམ་བཞིན་རཾ༔ དེའི་འོག་ཏུ༔ ཨ་ས་མ་ཡ་བྷྱོ༔ དེའི་འོག་ཏུ༔ ཧཱུྃ་ཙཀྲ་གཟའ་པ་སངས་སོད་ནན༔ ཡང་ཡཾ༔ དེའི་འོག་ཏུ༔ ཡ་ས་མ་ཡ་བྷྱོ༔ དེའི་འོག་ཏུ༔ ཧཱུྃ་ཙཀྲ་གཟའ་སྤེན་པ་ནན་སོད༔ ཡང་ལཾ༔ དེའི་འོག་ཏུ༔ མ་ས་མ་ཡ་བྷྱོ༔ དེའི་འོག་ཏུ༔ ཧཱུྃ་ཙཀྲ་གཟའ་རཱ་ཧུ་ལ་ནན་སོད༔ ཡང་ལཾ༔ དེའི་འོག་ཏུ༔ དུ་ས་མ་ཡ་བྷྱོ༔ དེའི་འོག་ཏུ༔ ཧཱུྃ་ཙཀྲ་གཟའ་ཉི་མ་ནན་སོད༔ ཡང་ཨེ༔ དེའི་འོག་ཏུ༔ རུ་ས་མ་ཡ་བྷྱོ༔ དེའི་འོག་ཏུ༔ ཧཱུྃ་ཙཀྲ་གཟའ་ཟླ་བ་ནན་སོད༔ ཡང་ཨེ༔ དེའི་འོག་ཏུ༔ ཙ་ས་མ་ཡ་བྷྱོ༔ དེའི་འོག་ཏུ༔ ཧཱུྃ་ཙཀྲ་གཟའ་མིག་དམར་ནན་སོད༔ ཡང་ཨེ༔ དེའི་འོག་ཏུ༔ ཤ་ས་མ་ཡ་བྷྱོ༔ དེའི་འོག་ཏུ༔ ཧཱུྃ་ཙཀྲ་གཟའ་ལྷག་པ་ནན་སོད༔ ཡང་རཾ༔ དེའི་འོག་ཏུ༔ ན་ས་མ་ཡ་བྷྱོ༔ དེའི་འོག་ཏུ༔ ཧཱུྃ་ཙཀྲ་གཟའ་ཕུར་བུ་ནན་སོད༔ དེའི་ཕྱི་རིམ་མུ་ཁྱུད་གསུམ་པ་ལ༔ ཤར་ནས་རིམ་བཞིན་རྡོ་རྗེ་ནོར་བུ་འཁོར་ལོ་པདྨ་རལ་གྲི་རྣམས་བྲིས་པའི་བར་དུ་ཡིག་མགོ་ཕྱིར་བསྟན་རིམ་བཞིན་རྡོ་རྗེ་ནོར་བུའི་བར་དུ༔ ཧཱུྃ་བཛྲ་ཛྙཱ་ན་བྷྲཱུྃ༔ ཧཱུྃ་ཧཱུྃ་བཛྲ་ཕཊ༔ རཏྣ་ཛྙཱ་ན་བྷྲཱུྃ༔ ནོར་བུ་འཁོར་ལོའི་བར་དུ༔ ཨོཾ་བུདྡྷ་ཛྙཱ་ན་བྷྲུཾ༔ འཁོར་ལོ་པདྨའི་བར་དུ༔ ཨོཾ་པདྨ་ཧེ་རུ་ཀ་ཧཱུྃ༔ པདྨ་རལ་གྲིའི་བར་དུ༔ པདྨ་ཛྙཱ་ན་བྷྲུཾ༔ རལ་གྲི་རྡོ་རྗེའི་བར་དུ༔ ཨོཾ་ཀརྨ་ཛྙཱ་ན་བྷྲཱུྃ༔ ཞེས་བྲིས༔ དེའི་ཕྱི་རིམ་མུ་ཁྱུད་བཞི་པ་ལ༔ ཡེ་དྷརྨ༴ཞེས་བྲིས༔ དེའི་ཕྱི་རིམ་མུ་ཁྱུད་ལྔ་པ་ལ་མེ་རི་བྲིའོ༔ ཕྱི་མཐར་ཟུར་བཞིར་ཤར་ནས་མེ་ལོང་ནོར་བུ་འབར་བ་རྨ་བྱའི་མདོངས་རྒྱ་གྲམ་རྣམས་བྲིའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠བརྡ་ཡིག༩༥འདི་འཆང་སྐྱེས་པ་བུད་མེད་རྣམས༔ སྡེ་བརྒྱད་གདུག་པའི་གྲིབ་ལས་ཐར༔ སྣང་སྲིད་ལྷ་འདྲེའི་གདུག་པ་ཞི༔ གནམ་ལྕགས་རྡོ་རྗེའི་རྫོངས་སུ་ཚུད༔ ས་མ་ཡ༔ ཞེས་པ་འདི་ནི་རིག་འཛིན་བདུད་འཇོམས་རྡོ་རྗེའི་ཉམས་འོད་གསལ་གྱི་སྣང་བ་ལ།མཁའ་འགྲོ་མ་གདོང་ལྔའི་ཞལ་ཞེས་བྱ་བ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཡུམ་ཡིན་ཟེར་བའི་བུད་མེད་དམར་མོ་ཞིག་གིས་གདམས་པ་དགེའོ།།སརྦ་མངྒ་ལཾ།།།།