TTDL-ZABTER-12-NA-025
TTDL-ZABTER-12-NA-025
༠༠༠༠༠བརྡ་ཡིག༡༡༣མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ གནོད་སྦྱིན་དམར་ནག་གི་གསོལ་བསྡུས་བཞུགས་སོ༔ གསོལ་མཆོད་ནི༔ གསེར་སྐྱེམས་གཏོར་མ་བཤམས་ལ༔ ཨ་མྲྀ་ཏས་བསང༔ སྭ་བྷཱ་ཝས་སྦྱངས༔ སྟོང་པའི་ངང་ལས་གསེར་སྐྱེམས་གཏོར་མ་ཟག་པ་མེད་པ་བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃཿགིས་མང་དུ་སྤེལ༔ ཀྱཻ༔ བདག་ནི་པདྨའི་གདུང་འཚོབ་སྟེ༔ གསེར་སྐྱེམས་གཏོར་མ་ཡིད་སྤྲུལ་དང་༔ འདོད་ཡོན་ཕུན་སུམ་ཚོགས་པ་འདི༔ གནོད་སྦྱིན་དམར་ནག་འཁོར་བཅས་ལ༔ དད་པའི་སེམས་ཀྱིས་འབུལ་བར་བགྱིས༔ གནོད་སྦྱིན་དམར་ནག་གསོལ་ལོ་མཆོད༔ གསོད་བྱེད་དམར་མོ་གསོལ་ལོ་མཆོད༔ གཟའ་བདུད་མིག་དམར་གསོལ་ལོ་མཆོད༔ མགོན་པོ་རྣམ་སྲས་གསོལ་ལོ་མཆོད༔ སྟག་གི་མགོ་ཅན་གསོལ་ལོ་མཆོད༔ གཟིག་གི་མགོ་ཅན་གསོལ་ལོ་མཆོད༔ དོམ་གྱི་མགོ་ཅན་གསོལ་ལོ་མཆོད༔ འབྲོང་གི་མགོ་ཅན་གསོལ་ལོ་མཆོད༔ རྨ་བྱའི་མགོ་ཅན་གསོལ་ལོ་མཆོད༔ ནེ་ཙོའི་མགོ་ཅན་གསོལ་ལོ་མཆོད༔ ཤང་ཤང་མགོ་ཅན་གསོལ་ལོ་མཆོད༔ ཉ་མོའི་མགོ་ཅན་གསོལ་ལོ་མཆོད༔ ལྷ་སྲིན་སྡེ་བརྒྱད་གསོལ་ལོ་མཆོད༔ བཀའ་ཉན་བྲན་གཡོག་གསོལ་ལོ་མཆོད༔ བསྟོད་དོ་གསོལ་ལོ་ཐུགས་དམ་བསྐང་༔ ཀྵཿདུར་ཁྲོད་ཧེ་ཆེན་སོགས༔ ཀྱཻ༔ བཀའ་ཡི་སྲུང་མ་ཁྱེད་ཅག་རྣམས༔ དམ་ཚིག་གཉན་ལ་མ་འདའ་བར༔ བདག་དང་དབྱེར་མེད་བརྩེ་གྲོགས་མཛོད༔ དངོས་གྲུབ་ཀུན་སྩོལ་དགྲ་བགེགས་སྒྲོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་མ་ཧཱ་ཀྲོ་ཏ་རྨ་རུ་རྩེ་གུ་ཎ་ཧྲཱིཿད་ཧཱུྃ་ཕཊ༔ སརྦ་ས་པ་རི་ཝཱ་ར་ཨེ་དཾ་བ་ལིཾ་ཏ་ཁཱ་ཧི༔ ཞེས་པ་འདི་ཡང་མ་ནུས་སྦྲང་པོ་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ཡོད་གསལ་ཀློང་གི་སྒྲོམ་བུ་ལས་བཤུས་སོ།།སྤྲང་བན་རང་གི་ཉམས་ལེན་དགོས་སོ།།དགེའོ།།བཀྲ་ཤིས།།